Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་ཤེས་ཡོན་ཅན་ཚོས་མི་རིགས་ཀྱི་བདེ་སྡུག་གླེང་འགོ་ཚུགས།

Posted on 2010-08-242010-08-24 By ཁ་བརྡ་ 5 Comments on བོད་ཀྱི་ཤེས་ཡོན་ཅན་ཚོས་མི་རིགས་ཀྱི་བདེ་སྡུག་གླེང་འགོ་ཚུགས།

16དཔལ་ལྡན་རྒྱལ།

དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་ཤེས་ཡོན་ཅན་དང་། རྩོམ་པ་པོ་ཚོར་དམ་དྲག་བྱེད་གྱིན་ཡོད་པ་མ་ཟད། མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་བཤད་ན།བོད་མི་རིགས་ཀྱི་ཐོབ་ཐང་སུ་ཞིག་གིས་གླེང་བ་དང་རྩོད་ལེན་བྱས་པ་ཡིན་ན། རྒྱ་ནག་གཞུང་གིས་དེར་དམ་དྲག་བྱེད་བཞིན་ཡོད་པས། རྒྱ་ནག་གཞུང་གིས་བོད་ཀྱི་ཤེས་ཡོན་ཅན་དང་། རྩོམ་པ་པོ་ཚོར་དམ་དྲག་བྱེད་ཀྱིན་ཡོད་པ་འདི་ནི། བོད་ཀྱི་ཤེས་ཡོན་ཅན་དང་རྩོམ་པ་པོ་ཚོས་བོད་མི་རིགས་ཀྱི་ཐོབ་ཐང་ཡོངས་གྲགས་ངང་གླེང་འགོ་ཚུགས་ཡོད་པའི་མངོན་རྟགས་རེད།
རྒྱ་ནག་དབང་འཛིན་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གཞོན་སྐྱེས་རྩོམ་པ་པོ་ཐེའུ་རང་ངམ། བཀྲ་ཤིས་རབ་བརྟན་ལགས་ཀྱིས“ཁྲག་ཡིག”ཅེས་པའི་དེབ་དེའི་ནང་བཀོད་དོན། ༼ བླ་སྲོག་གི་ཕྱི་ནང་ཡོད་ཚད་ལ་ལྕག་ཚན་གྱིས་བྲབ་པའི་དམིགས་བསལ་བའི་ལོ་ཟླ་ཞིག་གི་ངོས་ནས་བཤད་ན། ཅིས་ཀྱང་མི་བཤད་ཐུ་མེད་དུ་གྱུར་བའི་སྐད་ཆ་འབའ་ཞིག་ཏུ་ངེས་པས་ན། ཁོ་བོ་ནས་ཀྱང་སྨྲ་སྒོ་རང་ས་ནས་བསྡམས་ཏེ་འདུག་པ་ལས་སྨྲ་བ་གྲོལ་ཏེ་སུ་ཞིག་བཅད་པ་ཡིན་ན་རིན་དོད་ཆེ་བར་འདོད་པའི་གདམ་ག་ཞིག་ལ་འཕྲེང་ཏེ། ད་གཟོད་རང་གི་ན་ཚོད་ལས་ཀྱང་གཉོམ་ལག་མ་རྒྱས་པའི་དེབ་ཆུང་འདི་ཆེད་དུ་སྟོང་ལོ་བརྒྱད་དགུ་གཉིས་ཀྱི་སོ་མཚམས་སུ་ཁྲག་གི་ཐིགས་པ་བཞིན་གཏར་བ་ལགས་སོ།༽ ཞེས་ངག་གི་སྨྲ་སྒོ་སུ་ཞིག་གིས་གཅོད་སྲིད་པའི་ཉེན་ཁ་སྔོན་རྟོགས་ཀྱིས་སྨྲ་སྒོ་གྲོལ་ནས་“ཁྲག་ཡིག”ཅེས་པའི་དེབ་དེ་བྲིས་འདུག དེབ་དེའི་ནང་༢༠༠༨ལོར་བོད་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་སྐོར་གྱི་གནས་ཚུལ་བཀོད་ཡོད། རྒྱ་ནག་གཞུང་གིས་ཁོང་གི་སྨྲ་སྒོ་དུས་གཏན་དུ་གཅོད་ཐུབ་མིན་མི་ཤེས་ནའང་། ཁོང ༢༠༠༩ལོའི་་ཟླ་བ་བདུན་པའི་ཚེས་༢༦ཉིན་འཛིན་བཟུང་གིས་ཟླ་གཅིག་རིང་བཀག་ཉར་རྗེས་གློད་གྲོལ་བཏང་ཡོད་ནའང། ད་ལོའི་སྤྱི་ཟླ་བཞི་པའི་ཚེས་༦ཉིན་བསྐྱར་དུ་འཛིན་བཟུང་བཀག་ཉར་བྱས་ཏེ། ནང་མིས་ཀྱང་ཁོང་གང་དུ་ཡོད་མེད་ཤེས་རྟོགས་མེད་པའི་གནས་སུ་གྱུར་ཡོད། ཡང་ད་ལོའི་ཟླ་བ་བཞི་བའི་ཚེས་༢༣་ཉིན་ཟི་ལིང་ཉེན་རྟོག་པས་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་ཉེས་འཛུགས་བྱས་ནས་བཀག་ཉར་བྱས་ཡོད་པའི་རྩོམ་པ་པོ་གྲགས་ཅན་བཀྲ་རྒྱའམ་ཞོགས་དུང་ལགས་ཀྱིས། “གནམ་ས་གོ་འབྱེད་།”ཅེས་པའི་དེབ་དེའི་ནང་དུ།“རྩོམ་འདི་བཀྲམ་པའི་རྗེས་ལ། ནམ་ཞིག་མི་ཡུལ་གྱི་ཚ་དམྱལ་དང་གྲང་དམྱལ་དུ་སྡོད་ལོས་དགོས་སྙམ་སྟེ་འཇིགས་སྐྲག་ཆེ་མོད། ཁ་ཡི་རྐྱེན་ལས་མགོ་བོ་ཤོར་ནའང་ལམ་འདི་རང་གིས་བདམས་པ་ཡིན་ཕྱིར་རང་འགན་རང་གིས་འཁུར་རྒྱུ་ཡིན་ནོ།།”ཞེས་བཀོད་འདུག་པས་རྩོམ་པ་པོ་ཁོང་གིས་དེབ་དེ་སྤྱི་ཚོགས་སྟེང་བཀྲམ་རྗེས་ཁོང་ལ་མཇུག་འབྲས་ཡག་པོ་ཞིག་མི་ཡོང་བའང་ཤེས་ཡོད།

སྤྱིར་བོད་ནང་དུ་མི་མང་གིས་ཁྲོམ་ལམ་དུ་བོད་རང་བཙན་ཡིན། ༧གོང་ས་རྒྱལ་བ་རིན་པོའི་སྐུ་ཚེ་བརྟན་པར་ཤོག་ཅེས་སྐད་འབོད་བྱས་པ་ཙམ་གྱིས་ལོ་ཁ་ཤས་རིང་བཙོན་འཇུག་བྱས་ཡོད་ལ། ༧གོང་ས་མཆོག་གི་སྐུ་པར་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐོང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དེབ་ཆུང་དེ་ཉར་བ་ཙམ་གྱིས་ལོ་ཁ་ཤས་རིང་བཙོན་འཇུག་བྱས་ཡོད། བོད་དོན་དང་འབྲེལ་པའི་ཡི་གེ་ཤོག་ཐེར་གཅིག་རྩིག་ངོས་སུ་སྦྱར་བ་ཙམ་གྱིས་ཀྱང་ལོ་ཁ་ཤས་རིང་བཙོན་འཇུག་བྱས་ཡོད། འདས་པའི་ལོ་ཟླའི་ནང་ཁ་གཡང་ཁྲོད་ཀྱི་བོད་དོན་འཐབ་རྩོད་དེ། ཤེས་ཡོན་ཅན་ཚོའི་སེམས་ཁོངས་སུ་འཛུལ། བོད་ཀྱི་ཤེས་ཡོན་ཅན་དང་། 24རྩོམ་པ་པོ་མང་པོ་ཞིག་གིས་བསམ་བློ་སྔོན་དུ་བཏང་ནས་རང་ཉིད་བློས་བཏང་གི་སྙིང་སྟོབས་འདིས། རྒྱ་ནག་གཞུང་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་འགོ་ཚུགས་མ་ཐག་རྩོམ་པ་པོ་དེ་དག་རེ་རེ་བཞིན་འཛིན་བཟུང་བཀག་ཉར་བྱས་པ་རེད། ན་ནིང་རང་དབང་མེད་པའི་སྙན་ཞུ་བོད་ཕྱི་ནང་གཉིས་སུ་བཀྲམས་མཁན་རྗེས། གང་སར་ཉེན་ཡོལ་དུ་གནས་ཡོད་པའི་སྒྱིས་ཚང་སྐལ་བཟང་ཚུལ་ཁྲིམས་ཡང་ཉེ་ལམ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་ཤེས་ཡོན་ཅན་དང་། རྩོམ་པ་པོ་ཚོར་དམ་དྲག་དང་། འཛིན་བཟུང་བྱེད་ཀྱིན་ཡོད་པའི་ཐད།
ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ལགས་དང་ལྷན་དུ་གླེང་མོལ་ཞུས་ཡོད། བཅར་འདྲི་ལ་གསན་རོགས་གནོངས།

རྩོམ་རིག

Post navigation

Previous Post: གཡུ་ཐོག་ལམ།  
Next Post: བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གླེང་བ།

Comments (5) on “བོད་ཀྱི་ཤེས་ཡོན་ཅན་ཚོས་མི་རིགས་ཀྱི་བདེ་སྡུག་གླེང་འགོ་ཚུགས།”

  1. བོད་པ་ says:
    2010-08-24 at 8:09 pm

    ཡག་པོ་རེད། ཡིན་ཡང་ཁོང་ཚོ་མི་མང་གི་རྗེས་སུ་ལུས་འདུག་པས་རྗེས་ལུས་རེད། གང་ལྟར་རྗེས་སུ་སྐྱོང་མཁན་ཡོད་པར་སྨོན།

  2. ཀརྡོ་རབ་འབྱམས་པ་ says:
    2010-08-24 at 8:29 pm

    བོད་པ་ལགས། ཁོང་ཚོའི་མང་ཚིག་ནང་ལ་སུ་དང་སུ་ཡོད། ཡང་མི་མང་གི་རྗེས་སུ་ལུས་སྟངས་ཁ་གསལ་ཙམ་བྱུང་ན་མི་ལེགས་སམ།

  3. མི་འཁྱམ། says:
    2010-08-25 at 1:11 am

    གཞིས་ཀྱི་སྐྱ་སེར་དབྱེར་མེད་ཀྱིས་མི་རིགས་ཀྱི་རྩ་དོན་དང་དམར་ཕྱོགས་ཀྱི་རིང་ལུགས་འོག་ཏུ་ཁ་ཆེམས་བཞག་སྟེ་བཤད་ཐུབ་པ་དང་འབྲི་ཐུབ་པ། སྒྲུབ་ཐུབ་པ་སོགས་ང་ཚོ་བྱེས་ཀྱི་བོད་མི་རྣམས་་ལ་མིག་དཔེ་གང་མང་ཞིག་བསྟན་ཡོད་པ་རེད། ད་དུང་ཤར་ནུབ་མི་རིགས་གང་འཚམ་ཤིག་ཀྱང་ཧང་སངས་པའི་གནས་སུ་མཆིས་ཡོད་ནའང༌། བྱེས་ཀྱི་ཚོགས་པ་ཁག་དང་བཙན་བྱོལ་བོད་གཞུང་གིས་མང་ཚོགས་ལ་ཁ་བདེ་བོ་དང་བོད་ཀྱི་རྩ་དོན་གྱི་ལས་འགུལ་ལ་གྲོས་འཆར་སོགས་གང་མང་བཞག་ཡོད་ནའང༌། ལག་ལེན་ལ་བསྟར་རྒྱུ་ཕར་ཞོག ད་དུང་བོད་ཀྱི་ས་གནས་དག་གི་བོད་པ་རྣམས་བོད་རྒྱ་གང་ཡིན་ཡང་མི་ཤེས་པའི་ཚོད་དུ་ཡོད་པ་ལ། ཐེ་བོ་སྨད་ཀྱི་མི་དམངས་ལ་ངོ་གནོང་གི་མི་འདུག་གམ། ཕྱི་ལོ་ ༡༩༩༨ ལོར་བྱེས་ཀྱི་བོད་མི་གཅིག་གིས་བོད་ཀྱི་རྩ་དོན་ཆེད་རང་སྲོག་དོར་བ་དཔའ་བོ་ཐུབ་བསྟན་དངོས་གྲུབ་མ་གཏོགས་སུ་ཡོད་དམ། ཐ་ན་སྐྱབས་མགོན་མཆོག་གི་གསུངས་ལག་བསྟར་བྱ་མཁན་རང་མི་རིགས་དང་ཕྱིའི་མི་རིགས་སོགས་སུ་གང་མཆིས་སམ། དངོས་ནས་གཞིས་ཀྱི་མི་དམངས་ལ་མིག་གི་བལྟ་དགོས་པ་གང་ཞིག བྱེས་ཀྱི་རྩོམ་པ་པོ་དང་སྐྱ་སེར་གང་ཡིན་རུང་མི་རིགས་ཀྱི་རྩ་དོན་ཆེད་དངོས་ཤུགས་བརྒྱུད་གསུམ་ནས་གཞིས་བཞུགས་བོད་མི་རྣམས་དང་མཚུངས་པའི་བོད་ཀྱི་རྩ་དོན་ལ་ཤུགས་རྒྱག་རན་ལ་ཐོན་འདུག་བསམས་ཀྱི་ཡོད། བསམས་པ་གང་ཞིག་མི་རེ་ངོ་རེ་ནས་ལས་འགུལ་སྣ་ཚོགས་སྤེལ་དགོས་ཀྱི་འདུག

  4. སྟག་སྨྱོན། says:
    2010-08-25 at 4:52 pm

    བོད་ནང་གི་ཤེས་ཡོན་པ་དང་བོད་མི་བོད་དོན་གླེང་མཁན་ཚང་མས་པཎ་ཆེན་རིན་པོ་ཆེའི་སྙན་ཞུ་ཡིག་འབྲུ་ཁྲི་བདུན་གྱི་བརྗོད་སྟངས་ལ་དམིགས་དཔེ་ལྟ་རྒྱུ་གལ་ཆེ་ཤོས་རེད། ཡིག་འབྲུ་ཁྲི་བདུན་ནི་སྐབས་དེའི་བོད་མིའི་བདེ་སྡུག་གླེང་བ་ཙམ་མ་ཡིན་པར། བོད་ཀྱི་་དཀའ་ངལ་མ་སེལ་བར་བསྟེན་དགོས་པའི་བོད་དོན་རྩོད་ཀྱི་ཁ་ཕྱོགས་མཐར་ཐུག་དེ་གསལ་བོ་བསྟན་པ་ཞིག་ཀྱང་རེད། ཡིག་འབྲུ་ཁྲི་ཁྱད་ཆོས་ཆེན་པོ་གསུམ་ནི་། དང་པོ་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་སྐྱོན་བརྗོད་དང་། གཉིས་པ་མི་རིགས་ཀྱི་དགོས་འདུན་གསལ་བོར་བྲིས་བདེ་སྡུག་གི་སྙན་ཞུ་རིང་པོ་ཞིག་རེད། གསུམ་པ་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ནོར་འཁྲུལ་ཅན་རྣམས་ཐེར་འདོན་བྱས་ཏེ་ཡོ་སྲིང་དགོས་པའི་ཁྲིམས་རྩོད་ཀྱི་རང་བཞིན་ལྡན་ཡོད་པ་རེད། དེ་ཡང་གཙོ་བོ་རྒྱ་ནག་གཞུང་ལ་ཐད་ཀད་ཁྱད་ཆོས་གསུམ་ལྡན་གྱི་ཐོག་ནས་རྩོད་པ་བརྒྱབ་པ་ཞིག་རེད། ཡིག་ཆ་རྒྱ་གཞུང་ལ་སྐྱོན་བརྗོད་ཐུབ་པ་ཙམ་མ་རེད།

  5. ཨ་ནུ་ཐང་བསོད་ནམས། says:
    2010-08-26 at 4:14 am

    དཔལ་ལྡན་རྒྱལ་ལགས།
    ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme