Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འདྲ་པར་ཞིག ལོ་རྒྱུས་ཤིག

Posted on 2010-08-242010-08-24 By ཁང་གསར་རྡོ་རྗེ་ 23 Comments on འདྲ་པར་ཞིག ལོ་རྒྱུས་ཤིག

འདྲ་པར་འདི། ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་། བོད་ཀྱི་རྒྱལ་ས་ལྷ་སའི་ར་མོ་ཆེ་གཙུག་ལག་ཁང་གི་ཁང་སྦུག་ཅིག་ཏུ་བདག་མེད་དུ་བསྐྱུར་ཡོད་པ་ཞིག་རེད། དེ་ཡང་པར་སྒྲོམ་སྤུས་ལེགས་ཤིག་གིས་བརྒྱན་ཡོད། དེ་ལ་གཞིགས་ན། པར་འདི་དེ་སྔོན་ཧ་ཅང་གལ་ཆེན་དུ་བརྩིས་པ་མཐོང་ཐུབ། འོན་ཀྱང་ ༡༩༨༠ གྱ་གྲངས་ནང་པར་འདི་མང་ཚོགས་ཀྱི་མཐོང་སར་མ་བཞག་པར་ཁང་སྦུག་ཅིག་ཏུ་བཞག་ཡོད། དེ་ནི་ཕལ་ཆེར་ལིན་པིའོ་ལ་དགག་པ་བརྒྱབ་རྗེས། པར་དེ་ཆབ་སྲིད་ཀྱི་གནས་བབས་དང་མ་འཚམས་པ་ཆགས་པས་ཡིན་སྲིད། གང་ཡིན་ཟེར་ན། པར་ནང་། མའོ་ཡི་འགྲམ་ལ་དམག་ཆས་སྤྲས་བསྡད་པ་དེ་ལིན་པིའོ་རེད། ད་ལྟ་འཛམ་གླིང་འདིར་པར་འདིའི་རིགས་ཧ་ཅང་མཐོང་དཀོན་པར་གྱུར་ཟིན་པ་རེད། ལྷག་པར་དུ་གཤམ་དུ་བོད་ཡིག་བཀོད་པ་འདི་འདྲ་དཀོན་པོ་རེད།

སྤུན་ཟླ་ཚོ། ཁྱེད་ཚོའི་འཚར་ལོངས་ཀྱི་བརྒྱུད་རིམ་ནང་། མའོ་ཡི་འདྲ་པར་འདིའི་རིགས་མཐོང་མྱོང་ངམ། ད་ལྟ་འདིའི་རིགས་མཐོང་དུས་ཚོར་སྣང་ཅི་འདྲ་ཡོང་གི་འདུག དྲན་གསོ་བྱེད་བཞིན་ཁ་བརྡ་གློད་དང་།

poster_tibetan_01

གསར་འགྱུར།

Post navigation

Previous Post: ༈ རྩོམ་པ་པོ་སྒོ་ཡོན་ལགས་དོན་མེད་མཚནགཅིག་རིང་བཙོན་འཇུག་གཅར་རྡུང་བྱས་པའི་སྐོར།
Next Post: གཡུ་ཐོག་ལམ།  

Comments (23) on “འདྲ་པར་ཞིག ལོ་རྒྱུས་ཤིག”

  1. ཀརྡོ་རབ་འབྱམས་པ་ says:
    2010-08-24 at 1:36 pm

    སྡིག་ཆེན་མྰའོའི་དཔར་ལ་རྩིས་མཐོང་བྱས་པ་བོད་པ་སྨྱོའམ་ཅི།

  2. མེ་ཏོག་དཀར་པོ། says:
    2010-08-24 at 3:53 pm

    སྙིང་ལ་གྲང་ཤར་ཤར་ཞིག་བྱུང་སོང་། ཤུ།ཤུ།

  3. ཁང་གསར་རྡོ་རྗེ། says:
    2010-08-24 at 11:26 pm

    ང་མ་སྐྱེས་གོང་ནས་མའོ་ཡི་འདྲ་པར་བོད་ཁམས་ཡོངས་སུ་ཁྱབ་ཟིན་པ་རེད། དེར་བརྟེན། ཆུང་དུས་ཉིན་ལྟར་མའོ་ཡི་འདྲ་པར་དང་རྟགས་མ་མཐོང་གི་རེད་ལ། ཉིན་ལྟར་མའོ་ཡི་གསུང་རྩོམ་དེབ་དམར་དེ་བཀླགས་པར་ཉན་པའམ་རང་ངོས་ནས་ཀློག་དགོས། དེ་དུས་བདུད་འདིའི་སྐུ་དང་གསུང་ལས། སངས་རྒྱས་ཀྱི་སྐུ་གསུང་མཇལ་དུ་མེད།

  4. ཁང་གསར་རྡོ་རྗེ། says:
    2010-08-24 at 11:29 pm

    ང་ཆུང་དུས། ལོ་མཉམ་ཚོའི་ནང་དུ། དར་སོ་ཆེ་ཤོས་མའོ་ཡི་རྟགས་མ་དང་སྐར་ལྔའི་རྟགས་མ་རེད། ང་ཚོས་ཞྭ་དང་བྲང་ལ་མའོ་ཡི་རྟགས་མ་འདོགས་པར་མ་ཟད། དཔེ་ཁུག་གི་སྒང་ལའང་མའོ་ཡི་རྟགས་མ་འདོགས་ཀི་རེད། རྟགས་མ་ཇི་ཙམ་གྱིས་མང་ན་དེ་ཙམ་གྱིས་གཟི་བརྗིད་ཆེ་བར་བརྩི། རྟགས་མ་དེ་ཚོར་རིགས་མི་འདྲ་བ་མང་། དཔེར་ན། གསེར་མདོག་ཡིན་མིན་དང་། རྒྱབ་ནས་འོད་ཟེར་འཕྲོ་མིན་སོགས་རེད། སྐབས་དུས་གཉེན་སྒྲིག་བྱས་ནའང་། ལག་རྟགས་སུ་མའོ་ཡི་རྟགས་མ་དང་གསུང་རྩོམ་སྤྲོད་ཀི་རེད།

  5. ཁང་གསར་རྡོ་རྗེ། says:
    2010-08-24 at 11:33 pm

    ཨོ། གཅིག་དྲན་བྱུང་། ཆུང་དུས་ང་ལ་མའོ་ཡི་རྟགས་མ། པར་གྱི་རྒྱབ་ནས་གསེར་འོད་ཆེམ་ཆེམ་དུ་འཕྲོ་བ་ཞིག་ཡོད། འོད་དེ་ཅི་ལྟར་འཕྲོ་བ་ཡིན་ནམ་སྙམ་མཚར་སྣང་མང་བོ་སྐྱེ་མྱོང་། ཉིན་གཅིག་ངས་རྟགས་མ་དེ་རྡོས་བརྡུང་སྟེ་འོད་ཟེར་དེ་ཇི་ལྟར་བཟོས་མིན་ཤེས་ཐབས་བྱས། ངའི་ཨ་ཕས་དེ་མཐོང་བ་དང་སྐྲག་ཐག་ཆོད་ནས་ང་ལ་ཉེས་རྡུང་བཏང་བྱུང་། མཚན་མོ་སྒོ་རའི་ནང་ས་དོང་བྲུས་ཏེ་རྡོས་བརྡུང་བའི་རྟགས་མ་དེ་སྦས་སོང་། སྐབས་དེ་དུས་མའོ་ཡི་རྟགས་མ་ལ་རྡོས་བརྡུངས་ན། ནམ་མཁར་མི་ཤོང་བའི་སྡིག་ཉེས་བསགས་པར་བརྩི་བ་རེད།

  6. གནམ་ལྕགས། says:
    2010-08-25 at 12:17 am

    ཁང་གསར་བ་ལགས། མའོ་ཡི་འདྲ་པར་མཐོང་ནས་ཚོར་བ་ཅང་མ་བྱུང་མོད། འོན་ཀྱང་ཁྱེད་རང་ཆུང་དུས་མའོ་ཡི་རྟགས་མ་བརྡུང་བའི་སྐོར་ལ་བཀླགས་རྗེས་ང་ལ་ཚོར་བ་རྣོན་པོ་ཞིག་སྤྲད་སོང་། དཔེ་དེ་བཞིན་དུ་ང་ལའང་ལོ་རྒྱུས་ཤིག་ཡོད། ང་ཆུང་ལོ་བདུན་བརྒྱད་ཙམ་ན། ངས་དགྱ་ཞྭ་སྔོ་རིལ་ཞིག་གྱོན་པའི་ཐོད་པར་མའོ་ཡི་རྟགས་མ་ཞིག་སྦྱར་ཡོད། ད་དུང་རྒྱུན་དུ་ཟོག་རྫིར་འགྲོ་སྐབས་དེ་གོན་ནས་བྱིས་པ་གཞན་དག་དང་མཉམ་དུ་དམག་རྩེད་བྱེད་ཀྱི་ཡོད། དེ་དུས་ང་གཅིག་བུ་ལ་དམག་ཞྭ་དེ་ཡོད་སྟབས་དམག་འཁྲུག་ལྟ་བུ་བྱེད་པའི་རྩེད་མོའི་སྐབས་ཤི་རྒྱུ་མེད་པ་རང་བྱེད་ཆོག དེ་དུས་ཉིན་ཞིག་བྱིས་པ་འགའ་དང་མཉམ་དུ་རི་མཐོ་བོ་ཞིག་ལ་ཡོད་སྐབས། གནམ་གྲུ་ཞིག་འཕུར་གྱི་འདུག དེ་དུས་ངས་དགྲ་བོ་སླེབས་སོང་། ཚང་མས་རྒྱོབས་ཟེར་ནས་ལག་པའི་མཛུབ་མོས་ཐུང་མདའི་བཟོ་ལྟ་བསྟན་ནས་གནམ་གྲུ་དེའི་ཕྱོགས་སུ་གཟས་ཙམ་བྱས་པ་ན། བྱིས་པ་གཞན་དག་བྲོས་ནས་ད་འགྲིག་མ་བྱུང་། སང་ཉིན་འཛིན་བཟུང་བྱེད་དུ་འོང་ངེས། དེ་དུས་ང་མིན་ཁྱོད་མིན་བྱས་སོང་། དེ་དང་མཉམ་དུ་ངས་ཀྱང་སེམས་ཁྲལ་བྱེད་མགོ་བརྩམས་པ་དང་། དངོས་གནས་སང་ཉིན་ང་རང་འཛིན་དུ་ཡོང་རྒྱུར་ཞེད་སྣང་གི་བསམ་བློ་འདྲ་མིན་གཏོང་དགོས་བྱུང་། དགོང་མོར་ནང་ལོག་སྐབས་ཕ་རྒན་མཐོང་འཕྲལ་ངུས་པ་སོགས་དྲན་དུ་བཅུག་སོང་། མདོར་བསྡུས་ན་བྱིས་དུས་ཀྱི་འཇིགས་སྣང་དང་ཕར་ཕྱོགས་ལ་བཟུང་བའི་རྣམ་འགྱུར་ནི་དེ་འདྲ་ཞིག་རེད།

    དེ་ནི་ཆུང་དུས་ནས་དགྱ་ནག་གིས་བྱིས་པ་ཚོའི་སེམས་ལ་བཞག་པའི་བག་ཆགས་ཤིག་ཡིན།

  7. ཀླུ་སྨྱོན། says:
    2010-08-25 at 12:53 am

    ངས་ལོ་བཅུ་གཅིག་ཡིན་དུས་ཤིག་ལ་སློབ་གྲོགས་ཤིག་དང་མཉམ་དུ་སློབ་བྱོལ་གྱིས་འདྲེ་དང་འདྲེ་ཁྱི་ཡོད་པར་གྲགས་པའི་ས་ཆ་ཞིག་བརྒྱུད་དེ་རྫོང་མཁར་དུ་བྲོས་པ་ཡིན། ས་ཆ་དེར་ཐོན་རྗེས་ངེད་གཉིས་ཀྱིས་མའོ་ཡི་འདྲ་པར་ཆུང་ཆུང་རེ་མགོ་རུ་བཀྱགས་ནས་སོང་བ་ཡིན། རྒྱུ་མཚན་ནི་དེ་དུས་མའོ་ཡི་འདྲ་པར་ཡོད་ན་ས་ཆ་གང་ཞིག་ཏུ་འདྲེ་རྒོད་ཅི་འདྲ་ཞིག་ཡོད་ཀྱང་གྲགས་འགུལ་མེད་པ་ཆགས་འགྲོ་ཟེར་བའི་བཤད་རྒྱུན་དེར་ཡིད་ཆེས་པས་ཡིན། གང་ལྟར་དེ་ཡིན་མའོ་ཡི་འདྲ་པར་དེས་ཕན་པ་ཡིན་ནམ་ས་ཆ་དེ་ན་འདྲེ་དང་འདྲེ་ཁྱི་མེད་པས་ཡིན་ཉིན་དེར་ངེད་གཉིས་ལ་སྐྱོན་ཅི་ཡང་བྱུང་མ་སོང་།

  8. ཀླུ་སྨྱོན། says:
    2010-08-25 at 12:54 am

    དེ་ཡིན་་་་་་དེ་ཉིན་

  9. གངས་ལྷ། says:
    2010-08-25 at 1:02 am

    ཨ་ཁུ་ཀླུ་སྐྱོན་གྱིས་འདྲེའི་སྐོར་བཤད་དུས་ངས་ཀྱང་གཅིག་དྲན་སོང་། ང་ཚོའི་སློབ་གྲྭའི་ཉལ་ཁང་ན་སྐབས་ཤིག་རིང་མཚན་མོ་གདོན་འདྲེ་སླེབས་པའི་སྐད་གྲགས་ཁྱབ། ལ་ལས་བུད་མེད་གོས་དཀར་ཅན་ཞིག་མཐོང་ཟེར། ལ་ལས་རྒད་མོ་ཞིག་གིས་སྒེའུ་ཁུང་ནས་སྐེ་བསྲིངས་ཀྱིན་འདུག་ཟེར། དམིགས་བསལ་སློབ་ཕྲུག་བུ་མོའི་ཉལ་ཁང་ནང་མཚན་མོ་གདོན་འདྲེ་སླེབས་པའི་སྦིར་གྲགས་ཆེ། བུ་མོ་མང་བོ་ཞིག་ནད་པ་ཆགས། ང་ཚོའི་རྒན་རྡོ་རྗེ་ཟེར་བ་ཞིག་ཡོད། ཁོང་ཚོས་གནས་ཚུལ་དེ་ཤེས་པ་དང་མའོ་ཡི་འདྲ་པར་ཆེན་པོ་གཉིས་གསུམ་རེ་ཉལ་ཁང་ཚང་མའི་ནང་སྦྱར་སོང་། དེ་སྦྱར་བའི་དགོང་མོ་ནས་གདོན་འདྲེ་སླེབས་པའི་སྐད་ཆ་མི་འདུག མའོ་འདི་དབང་ཐང་དངོས་གནས་ཆེན་པོ་ཞིག་ཡིན་ས་རེད། མི་མ་དགོས་གདོན་འདྲེ་ཚོ་ཡང་སྐྲག་གི་འདུག་ག

  10. མདོ་ལྷ་ཁམས་པ། says:
    2010-08-25 at 1:30 am

    ངས་ཤེས་དུས་ན་མོའོ་ཡི་འདྲ་པར་ལ་མཐོང་ཆེན་བྱེད་པའི་ཨག་གསར་དེ་ཡལ་ཚར་བ་འདྲ། གཞུང་ཁང་རྙིང་བ་དག་གི་སྦིགས་ན་མོའོ་གསུང་རྩོམ་དཔེ་ཆ་དེ་ཚོ་བདག་མེད་དུ་གཡུག་ཡོད་པ་མཐོང་མྱོང་།
    རེ་ཐེངས་ཤིག་་ང་ཚོ་སྡེ་བའི་མ་ཎི་ཁང་ནས་མོའོ་ཡི་གསུང་རྩོམ་དེབ་སྤུས་ལེགས་་འགའ་ཡོད་པ་མིག་གིས་མཐོང་ནས་ནང་གི་གཅིག་ཀློག་པ་ཡིན། ཚིག་ཕལ་ཆེ་བ་ནི་རི་འགོག་དམག་འཁྲུག་དང་རི་འགོག་དམག་འཁྲུག་ཅིག་ཅིག་མང་པོ་མང་པོ་ཟེར་བ་ལས་གཞན་ག་རེ་ག་རེ་གསུང་ཡོད་མེད་ཧ་གོ་གི་མི་འདུག གཡུག་ནས་ཡོང་བ་ཡིན། འདྲ་པར་སྐོར་ལ་ཚོར་སྣང་ཅང་མི་དྲན་གི

  11. ཁང་གསར་རྡོ་རྗེ། says:
    2010-08-25 at 8:53 am

    མའོ་ཡི་འདྲ་པར་གྱིས་གདོན་འདྲེ་བཀག་གི་ཡོད་ཚུལ་དེ་ཁེ་ཎ་ཌ་ནས་ཨ་མདོ་ཞིག་གི་ངག་ནས་ཐེངས་གཅིག་གོ་མྱོང་། ཨ་མདོ་བ་དེས་བཤད་ན། ཁོའི་ཕ་ཡུལ་གྱི་རི་གདོང་ཞིག་ལ་གདོན་འདྲེ་མང་པོ་ཡོད། མཚན་འགྲུལ་བྱེད་དུས་རླངས་འཁོར་ཁ་ལོ་བ་ཚོ་དེ་ལ་ཞེད་ཀྱི་ཡོད། ས་དེར་འགྲིམས་འགྲུལ་ལས་འཛོལ་མང་བོ་ཡོང་གི་ཡོད། རྗེས་སུ་ཁ་ལོ་བ་ཚོས་དེ་ནས་མཚན་འགྲུལ་བྱེད་སྐབས། རླངས་འཁོར་ནང་མའོ་ཡི་འདྲ་པར་འཁྱེར་གྱི་རེད་ཟེར། དེ་འདྲ་མང་པོ་ཞིག་བཤད་རྒྱུ་འདུག ངས་དེ་དུས་སྐད་ཅ་དེ་ལ་དོ་སྣང་ཞེ་དྲག་སྤྲད་མེད། ད་ལྟ་ཁྱེད་ཅག་གིས་བཤད་པ་དེ་ཚོ་མཐོང་དུས། གནས་ཚུལ་དེ་ཁྱབ་ཆེན་པོ་ཡིན་ས་རེད། གདོན་འདྲེ་མའོ་ལ་འཇིགས་དོན་ཅི་ཡིན་ནམ།

  12. མེ་ཏོག་དཀར་པོ། says:
    2010-08-25 at 9:42 am

    ང་རྒྱ་གར་ལ་སྐྱེས་པའི་མི་ཞིག་གིས་མའོའི་བྲོ་བ་དེ་རྣ་བའི་ཐོས་པ་དང་བློས་དཔག་པ་ལས་དངོས་སུ་མ་མྱང་མོད། མའོའི་འདྲ་པར་གྱིས་འདོན་འདྲེ་ཁེགས་གི་ཡོད་པའི་ལོ་རྒྱུས་ཐན་ཐུན་དགའ་གོ་མྱོང་། སྔོན་སྟོན་པ་ཞལ་བཞུགས་དུས་ཀྱི་སྐབས་ཤིག་ལ་མཉན་ཡོད་ཀྱི་གཡས་གཡོན་དུ་སོར་མོ་ཕྲེང་བ་ཅན་གྱི་མིང་ཐོས་པས་འབྲུམ་མའང་མངལ་ཤོར་བའི་འཇིགས་སྣང་ཡོད་སྟབས་འདོན་འདྲེའི་གནོད་པ་ལའང་སོར་ཕྲེང་གི་སྲུང་བས་ཕན་པར་གསུངས་པ་དང་། སྤྱིར་ལྷ་འདྲ་མི་གསུམ་སྤྱོད་ལམ་གཅིག་ཟེར་བ་ལྟར་མའོའི་རླུང་རྟ་ཡར་རྒྱས་སྐབས་མི་ཙམ་མ་ཟད་འདོན་འདྲེའང་སྐྲག་གི་ཡོད་ཚུལ་འདི་མི་བདེན་རྒྱུ་མིན་འདུག་དྲན།

  13. migmar dorjee says:
    2010-08-25 at 10:12 am

    གདོན་འདྲེ་མའོ་ལ་འཇིགས་པ་མིན། གསོན་འདྲེ་ཟེར་བ་རང་གི་རྣམ་རྟོག་ལས་་བྱུང་བ་དང་མའོའི་འདྲ་པར་གྱིས་སྐྱོབ་ཀྱིན་འདུག་ཟེར་བར་རང་ཉིད་ཀྱིས་ཡིད་ཆེས་སམ་རེ་བ་ཤུགས་ཆེ་བྱས་པ་ལས་བསྐྱབས་པ་ལྟ་བུར་མངོན། སྔོན་གཅོད་པ་ཞིག་གིས་དུར་ཁྲོས་དུ་གཅོད་གཏོང་སྐབས་ཚུབས་ཆ་ཆེན་པོ་བྱུང་། ཁོང་ནས་རང་གི་རྩ་བའི་བླ་མར་སྲུང་བ་ཐེངས་ཁ་ཤས་ཞུས་རུང་ཚུབས་ཆ་མ་ལྡོག་པས་ཁོང་བླ་མའི་སྐུ་མདུན་བཅར་ནས། རིན་པོ་ཆེ་མཁྱེན། སྲུང་བ་རྩ་ཆེན་ཞིག་གནང་རོགས་ཞུས་པར། བླ་མས་སང་ཉིན་ལེན་དུ་ཤོས་གསུངས་ནས་ཐུམ་སྒྲིལ་རྡོག་རྡོག་ཆེན་པོ་ཞིག་གནང་སྟེ། ད་ཁྱོད་རང་བློ་བདེ་པོ་བྱོས། སྲུང་བ་འདི་རྩ་ཆེན་ཞེ་བོ་གཅིག་གསུངས་པས། གཅོད་པ་དེ་བློ་བདེ་པོའི་ངང་དུར་ཁྲོད་དུ་ཕྱིན་པས་དེ་ཉིན་ཚུབས་ཆ་གང་ཡང་མ་བྱུང་། ཞོགས་པ་དེར་སྲུང་བ་རྩ་ཆེན་པོ་ག་འདྲ་ཞིག་ཡོད་དམ་སྙམ་ནས་ཐུམ་བཤིག་ནས་བལྟས་པས་མི་མགོ་སྐམ་པོ་ཞིག་ལས་མེད་སྐད། དེ་དང་འདྲའི་སྙམ། མའོའི་འདྲ་པར་མཐོང་དུས་སེམས་ལ་ཚ་ཤར་རང་ཤུགས་ཀྱི་རྒྱག་གི་འདུག སྡིག་ཅན་ཁོ་དམྱལ་བ་མནར་མེད་དུ་ཡོད་པ་ནི་ཐག་ཆོད།

  14. ཐ་མ་ says:
    2010-08-25 at 10:53 am

    གང་ལྟར་མའོ་ཡི་འདྲ་པར་འདྲ་ཐོབ་དེ་བཤད་མི་ཤེས་པ་ཞིག་ཡོད་པ་རེད།

  15. སྐྱོ་བྲག་དགའ་དབང་། says:
    2010-08-25 at 11:33 am

    དྲྭ་གྲོགས་ཚོའི་གླེང་སློང་ལ་བརྟེན་ནས། སྔ་ཕྱིའི་གནས་ཚུལ་མང་པོ་ཞིག་ཡིད་ལ་འཁོར་བྱུང་། ང་ཁྱིམ་ཚང་གཉོམ་ཆུང་ཞིག་གི་ཕྲུག་གུ་ཡིན་ནའང་། གྲོང་ཚོ་དེའི་མི་ཚང་མའི་ཡིད་ལ་འགྲོ་བོ་ཡོད། ཁོ་ཚོ་ཕྱི་ལོགས་ལ་སོང་ནས་ཚུར་ལོག་ཡོང་བ་ན། ང་ལ་ཆེ་ཆུང་ལ་མ་ལྟོས་པའི་བརྔན་པ་ཞིག་ཡོད་པ་ཡིན། མང་པོ་ཞིག་ནི་མའོའི་པར་རེད། ཆུང་དུས་ངའི་བྲང་ངོར་ཕལ་ཆེར་མའོའི་པར་བཞི་བཅུ་ལྔ་བཅུ་ཞིག་ནི་བཏག་རྒྱུ་ཡོད། རྗེས་སུའང་ཁ་ཤས་ཤིག་ནི་ལུས་འདུག །ཕ་མས་གསུང་ན། སྔོན་མ་རིག་གནས་གསར་རྗེའི་སྐབས། གོང་རིམ་གྱིས་ལམ་སྟོན་བྱས་པ་བཞིན། མའོའི་པར་ཞིག་ཁུར་ཏེ། ཤིང་གཉན་བཅད། ས་གཉན་བརྐོས་སོགས། གང་བྱས་པ་ཡིན་ནའང་ལྷ་འདྲེའི་ཕོག་ཐུག་མི་འདུག་ཟེར། ཕྱིས་སུའང་མའོའི་པར་གྱིས་རྒྱལ་གདོན་ཁེགས་པ་ཡོངས་གྲགས་ལྟ་བུར་ཆགས་ནས། ཡུལ་སྡེ་མང་པོའི་སྒོ་ཟུར་དུ་བཏགས་འདུག །ཡིན་ནའང་གཞིས་བྱེས་གཉི་གར་ཡོད་པའི་བླ་མ་མཚན་ལྡན་མང་པོ་ཞིག་གིས། མའོ་རྨི་ལམ་དུ་བཏང་ན་རྒྱ་འདྲེའི་གདོན་ངོ་ཆེན་པོ་འདུག །ཅེས་གསུང་གི་གདའ། གང་ལྟར་མ་འདྲ་བ་ཞིག་ནི་ཡིན་ས་རེད།

  16. བཀྲ་ཤིས་དོན་གྲུབ། says:
    2010-08-25 at 1:17 pm

    མི་ལ་མིའི་ལྟ་སྟངས་ཀྱི་སྒོ་ནས་ལྟ་དགོས་པ་ལས། ལྷ་འདྲེ་གདོན་བགེག་རུ་ལྟ་མི་རུང་། འདིས་དངོས་ཡོད་ཀྱི་གནས་ཚུལ་སྒྲིབ་འགྲོ་བས་ཡིན། ང་ཚོའི་ངག་རྒྱུན་ལ་ལྷ་ནི་དགེ་བའི་ལས་བགྱི་མཁན་ཞིག་དང་། བདུད་ནི་སྡིག་པའི་ལས་གཉེར་མཁན་ཞིག་ལ་དངོས་འཛིན་བས། ལྷ་ལ་ངོ་སོ་དང་། བདུད་ལ་སྡུག་དམོད་བྱར་མེད། དཔེར་ན་ཀ་ར་མངར་མོ་ལ་ངོ་སོ་དང་། ཚྭ་ཁ་མོ་ལ་སྡུག་དམོད་བྱེད་དུ་མེད་དེ་ཁོ་རང་གི་རང་བཞིན་དེ་ཡིན་བའི་ཕྱིར། མདོར་ན་བོད་པའི་གཤིས་ཀ་བླ་མེད་འདིས་ཡུལ་ལྟ་མི་རུང་ངོ་།

  17. ཀརྡོ་རབ་འབྱམས་པ་ says:
    2010-08-25 at 5:46 pm

    རང་ཉིད་འཇིགས་དུས་ལྷ་ལ་བསྐྱབས་བཅོལ་རུང་། འདྲེ་ལ་སྐྱབས་བཅོལ་རུང་། སྐྱོབ་ཡུལ་ལ་ཁྱད་པར་ཡོད་ཀྱང་། སྐྱབ་ཡུལ་གཉིས་ཀར་སྐྱོབ་པའི་ནུས་པ་ཡོད་པ་ཡིད་ཆེས་ཡོད་པ་གཅིག བསྐྱབས་བཅོལ་བ་པོས་རང་གི་ཡིད་ཆེས་ཀྱིས་བསྐྱབས་པ་ཡིན་གྱིས། སྐྱོབ་ཡུལ་རང་གིས་དངོས་སུ་བསྐྱབས་ཡོད་པ་དང་། མེད་པ་ཁག་གཉིས་ཡོད་དགོས་སྙམ།

  18. ཀརྡོ་རབ་འབྱམས་པ་ says:
    2010-08-25 at 5:53 pm

    མྰ་འོའི་རོ་དེ་ག་དུས་མེར་བསྲེགས་གཏོང་ཐུབ་བམ། རོ་དེ་མེད་པ་བཟོས་པ་དང་། རྒྱ་ནག་དམངས་གཙོ་སྲ་བརྟན་ལ་རོ་སྒྲིབ་མེད་པ་འགྱུར་བགྱི་རེད། རོ་བཏོན་མྱུར་དུ་ཡོང་བའི་སྨོན་འདུན་བཅས།

  19. ཀླུ་སྨྱོན། says:
    2010-08-25 at 10:08 pm

    དེ་རིང་ཡང་རྟགས་གསལ་ཞིག་མ་བཏང་ནས་རྒྱ་འདྲེ་མའོ་ཡི་དོན་དག་འདི་ཐག་གིས་ཆོད་རྒྱུ་མིན་པ་འདྲ། ཡ་ད་འོ་ན། བོད་ཀྱི་རི་ཟུར་དང་ལམ་ཁུག་ན་ཡོད་པའི་གདོན་འདྲེ་ཆུང་ཆུང་དེ་ཚོ་ཆོས་ཅན། ཁྱོད་ཚོ་གདོན་འདྲེ་ཆེན་པོ་མའོ་ཀྲུའུ་ཞི་ལྟ་བུ་དེ་ཚོར་ཞེད་ནས་སྐྱག་པ་ཤོར་གིན་ཡོད་པར་ཐལ། ཁྱོད་ཚོ་ཡང་རྒྱུ་ཆེན་དཔོན་ཆེན་མཐོང་ན་ལྕེ་སྣར་རྐུབ་འཕྲུག་བྱེད་པའི་མི་རྩ་མི་ཚང་བ་དེ་ཚོ་ནང་བཞིན་ཡིན་པའི་ཕྱིར། རྟགས་གསལ་ཁྱབ་གསུམ་ཁས། ད་འགྲིགས་སོང་ངམ།

  20. ཀརྡོ་རབ་འབྱམས་པ་ says:
    2010-08-26 at 6:58 am

    མཱའོའི་འདྲ་རིས་ཀྱིས་ལུང་ཁུག་པ་འགའ་ཞིག་གི་འདྲེ་རིགས་ཡོད་སྣང་གི་རྣམ་རྟོག་བཀག་ཐུབ་པ་དངོས་ཡོད་ཡིན་སྲིད་ཀྱང་། རྣམ་རྟོགས་བཀག་སྟངས་འདི། འུ་ཐུག་ཐབས་ཟད་ཅིག་ཡིན་ཏེ། སྐབས་དེར་མཱའོ་སྡུག་རྩུབ་ཆེ་བའི་མཐུ་ནུས་གོ་བ་དང་། ཆོས་ཀྱི་སྐྱབ་འགྲོ་རང་ཚུགས་ཐུབ་པ་མེད་ལ། གང་ཞིག་ལྷ་འདྲེ་ཡོད་མེད་ལ་ཡིད་ཆེས་བརྟན་པོ་མེད་སྐབས་ལ། ལྷ་མེད་འདྲེ་མེད་རྒྱང་འཕེན་པའི་ཕྱོགས་སུ་ཕྱིན་པ་འདྲ་བས། མི་དེ་དང་དེ་དང་འབྲེལ་བའི་ལྷ་འདྲེ་ཡང་འབྲེལ་བ་གཅོད་ནུས་པ་བཞིན་ནོ། འདི་ནི་སྐབས་དོན་སོ་སོའི་རྣམ་རྟོག་འཆར་བའི་བསམ་ཚུལ་ཙམ་མོ། །

  21. ཁང་གསར་རྡོ་རྗེ། says:
    2010-08-26 at 7:14 am

    ད་གདོན་འདྲེའི་སྐོར་དེ་བཤད་ནས། ཐག་ཆོད་པ་ཞིག་ཡོང་གི་མ་རེད། སྐབས་དུས་ཤིག་གི་རིང་བོད་ནང་ལྟ་སྟངས་དེ་འདྲ་ཞིག་བྱུང་བ་དེ་དངོས་ཡོད་རེད། དེ་མིན་གྱི་མའོ་ཡི་འདྲ་པར་སྐོར་ཤོད་དང་།

    དཔེར་ན། ང་ཆུང་དུས་ནང་ལ། མའོ་ཞིང་ཁའི་དཀྱིལ་དུ་རྩྭ་ཞྭ་རྒྱབ་ལ་དཔྱང་པའི་པར་ཆེ་ཙམ་ཞིག་ཡོད། ཞོགས་པ་གཉིད་སད་པ་དང་པར་དེ་མཐོང་གི་རེད། པར་ནང་གི་མའོ་ལོ་གཞོན་གཞོན། ཁ་འགྲམ་ལ་སྨེ་བ་ཡོད་པ་དེ་རྫིག་པོ་ཞེའོ་ཅིག་ལ་མཐོང་གི་ཡོད། གང་ལྟར། ང་ཚོས་མ་ཐུབ་པ་ཚང་མ་མི་འདིས་བྱེད་ཐུབ་ཀི་རེད་དྲན་གྱི་ཡོད།

  22. མེ་ཏོག་དཀར་པོ། says:
    2010-08-26 at 7:27 am

    ང་ཆུང་ཆུང་སྐབས་མ་འོའི་པར་ཁ་ཤས་མཐོང་མྱོང་། འགྲམ་པའི་རྨེ་བ་ལ་མཛུབ་མོ་བཙུག་ནས་ལོ་རྒན་ཚོས་བཤད་རྒྱུར། རྨེ་བ་འདི་དང་པོ་མའོ་ལོ་ཆུང་ཆུང་སྐབས་དཔྲལ་བ་ལ་ཡོད། ཕྱིེས་སུ་ག་ལེར་ག་ལེར་དཔྲལ་བ་ནས་འགྲམ་པ་བརྒྱུད་ཁ་འོག་བར་དུ་སླེབས་པ་རེད། དེ་ནས་༧སྐུ་མདུན་གྱིས་རྨེ་བ་དེར་ཕྱག་མཛུབ་བཟུག་སྟེ་འདི་ག་རེ་རེད་ཅེས་གསུངས་པ་རེད། དུས་དེ་ནས་རྨེ་བ་དེ་འགྲོ་མ་ཐུབ་པར་དེར་ལུས་པ་རེད། གལ་ཏེ་དེ་ནས་ཀྱང་གནས་སྤོས་ཏེ་ཁ་ནང་དུ་འཛུལ་བ་ཡིན་ན་འཛམ་བུ་གླིང་ཆ་ཚང་མ་འོས་དབང་དུ་བསྡུ་རྒྱ་རེད་ཟེར། ང་ཚོ་ཁ་འདང་ནས་ཉན་དགོས་པ་དེ་འདྲ་ཤོད་ཀྱི་རེད།

  23. ཀརྡོ་རབ་འབྱམས་པ་ says:
    2010-08-26 at 10:24 am

    མེ་དཀར་གྱི་སྒྲུང་དེ་ང་ལོ་ ༡༣ ཡོལ་ཙམ་ལ་གོ་མྱོང་ལ་དེ་དུས་ངས་ཡིད་ཆེས་བྱས་པ་ཡིན། དེ་འདྲའི་སྒྲུང་དེའི་རིགས་ཆུང་དུས་གོ་ཡ་མང་དྲག་འདུག དེ་དུས་ཆོས་དགེ་རིན་པོ་ཆེ་མྰའོ་དེ་དངོས་སུ་མཐོས་དུས་མི་དགའ་རིལ་རིལ་། འཛུམ་མུལ་མུལ་ཡོད་རེད་གསུངས་བྱུང་ཡང་། དེ་འདྲ་ཞིག་ད་ལྟའང་བློ་ལ་འཆར་དཀའ་བ་འདུག ཡང་དེ་དུས་གླང་དར་དང་མྰའོ་ལ་ང་རང་ཞེད་སྣང་སྐྱེད་བགྱིད་ཡོད། ད་ལྟ་བྱས་ན་ཆོས་སེམས་ཀྱི་ལྡོག་ཕྱོགས་སུ་འགྱུར་བས་ཡིན་ས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme