Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཚན་གྱི་དབུགས་རིང༌།

Posted on 2008-07-21 By དགེ་རབ་ No Comments on མཚན་གྱི་དབུགས་རིང༌།

སྐར་ཆེན།་
ཟླ་འོད་སྔས་སུ་བཞུར་པའི་མཚན་ངོགས་དེ་ལ།།
ང་ཡི་སེམས་པའི་ཀློང་གི་ཁུག་སོ་ཞིག་ནས།།
ཁྱེད་ལ་སྙིང་གཏམ་འདི་ཞེས་འཇོག་རྒྱུ་མེད་ཀྱང༌།།
སེམས་ཀྱི་ཚོར་སྣང་ཙམ་ཞིག་ཡི་གེར་བསྡེབས་ཡོད།།

བགྲང་བྱ་བདུན་ཙམ་བསྐྱལ་བའི་སློབ་གྲྭའི་མི་ཚེ།།
མཚན་མོའི་ཀློང་ནས་ཕྱིར་དྲན་ཅུང་ཙམ་བྱས་ན།།
ཐོབ་བྱའི་གྲུབ་འབྲས་འདི་ཞེས་སྟོན་རྒྱུ་མེད་ཀྱང༌།།
ཁྱེད་རང་ལན་པ་ཡིན་ཞེས་བརྗོད་རྒྱུ་ང་མེད།།

ཅུང་ཙམ་བརྩོན་སེམས་ཡོད་པའི་སྙིང་རུས་དེ་ཡིས༌།།
གོམ་ཁ་ནུབ་ལ་རྐྱང་བའི་ལམ་ཞིག་རེག་སོང༌།།
འོན་ཀྱང་ང་ཡི་སེམས་ན་སྤྲོ་སྣང་དབེན་པས།།
བྲལ་ཁར་བདེ་མོ་འཇོག་རྒྱུ་སེམས་ནས་མ་ཡོང༌།།

གཏན་དུ་འགྲོ་བསྐྱོད་ཆོག་པའི་ཡུལ་ཞིག་མི་འདུག
ཕུགས་ཀྱི་བསམ་པ་བཅོལ་སའི་གནས་ཤིག་མ་རྙེད།།
སྐྱབས་བཅོལ་ལག་འཁྱེར་ཞིག་ལས་ང་ལ་མེད་པས།།
གནམ་ཐང་ཆེན་པོའི་ཁ་ནས་བརྙས་བཅོས་རེག་སོང༌།།

མི་རིགས་སྣ་མང་འདུས་བའི་སློབ་གླིང་དེ་རུ།།
མཐུན་རྐྱེན་དགོས་མཁོ་སོགས་ལ་དཀའ་ངལ་མེད་ཀྱང༌།།
རང་དབང་རང་བཙན་མེད་པའི་སྡུག་བསྔལ་དེ་ཡིས།།
མགོ་བོ་མཐོ་རུ་འདེགས་པའི་སྤོབས་པ་མ་རྙེད།།

ང་ཡི་བྱ་བཞག་ཁྱེད་ལ་རྒྱབ་ཏུ་གཏད་ཅིང༌།།
ཁྱེད་ཀྱིབསམ་ཚུལ་ང་ལ་དཀའ་ངལ་ཆགས་དུས།།
ཕན་ཚུན་གཉིས་མོས་མེད་པའི་ལམ་ཁ་འདི་ནས།།
ང་ལ་བདེན་པ་ཡོད་པའི་ཨུ་ཚུགས་མི་བྱེད།།

དྲང་བོར་དྲང་ལན་མེད་པའི་མི་ཡུལ་འདི་ནས།
དངུལ་དང་གོ་ཐོབ་མེད་པའི་སྤྲང་བོ་ཞིག་གིས།།
བདེན་པ་གསེར་སྲང་གང་བོ་ཐང་ལ་བརྡལ་ཡང༌།།
ཁྱེད་ཀྱི་རྡོག་པས་དེ་ལ་ཞབས་བཅགས་གནང་སོང༌།།

མི་ཡི་མི་ཚེ་ཟེར་བ་སྐྱིད་སྡུག་ཆ་འདྲེས།།
བཟའ་མི་བུ་ཕྲུག་ཟེར་བ་སེམས་ཀྱི་ཁུར་བོ།།
གཉེན་ཉེ་མཛའ་གྲོགས་ཟེར་བ་གཞོགས་ཀྱི་འཐེན་ཤུགས།།
ཡང་ཡང་བསམ་ན་སེམས་ནས་ཨ་ཐང་ཆད་གི།།

མི་ཚེའི་སྐྱིད་སྡུག་ལས་ལ་གོ་བ་རྙེད་དུས།།
མི་ཚེ་མཉམ་སྐྱེལ་ཟེར་བའི་རྡོག་ཁྲེས་འདི་དང༌།།
ཕོ་མོའི་བརྩེ་དུང་ཟེར་བའི་འཁྲིག་སྲེད་འདི་ལ།།
ང་ཡི་སེམས་ནས་རིན་ཐང་འཇོག་སྟངས་མ་ཤེས།།

སྤྱི་ལོ་༢༠༠༨ལོའི་ཟླ༧ཚེས་༡༩ཉིན་རྡ་ལམ་ས་ལར་བྲིས།

སྙན་ངག

Post navigation

Previous Post: ཆོས་ལུགས་པའི་ངོ་གདོང་འདི་ལྟར་ལྷང་ལ་བུད།
Next Post: སྲིད་ཐར་དང་རྒྱ་རི་རིན་པོ་ཆེ་ཁ་པར་ཐོག་འབྲེལ་མོལ་སྐོར་གླེང་བ། ༼རྟོགས་རྩོམ་ཡིན་ནོ་དངོས་རྩོམ་མ་ཡིན་ནོ།༽

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ཇ་ཁང་ནང་གི་བཀའ་ཤག (50)
  • ཕྱག་ན་པདྨོ། (18)
  •        ཚན་རིག་གི་ཤེས་བྱ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme