Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་ལྡན་རི་བོང་གི་བདེན་གཏམ།

Posted on 2013-10-222013-10-22 By ཁ་བརྡ་ 1 Comment on བློ་ལྡན་རི་བོང་གི་བདེན་གཏམ།

ཨོ་རྒྱན་ཀུན་བཟང་རྡོ་རྗེ།

ཀྱེ་མ་དེང་འདིར་ལྟར་སྣང་རིག་པ་ཡིས།།
རབ་རྨོངས་སྨྲ་ངན་ཝ་ཚོགས་རང་དགར་རྒྱུགས།།
བདེན་པའི་དཔལ་བརྙེས་ངག་ལ་དབང་འབྱོར་བ།།
སྨྲ་བའི་སེང་ཆེན་དེ་ཉིད་གཟིགས་གང་མཁྱེན།།
ལྟ་གྲུབ་ལུགས་སྲོལ་མངའ་ཁོངས་གང་ཡང་རུང་།།
རྟེན་དང་དབང་ཐང་དཔུང་ཤུགས་སོགས་མི་གཙོ།།
བདེན་ལུགས་བདེན་པར་སྐྱོང་བའི་སྐྱེས་བུ་གང་།།
བཀའ་བཞིན་སྤྲོ་བས་སྒྲུབ་ཅིང་བཀུར་བའི་ཡུལ།།
བདེན་པ་གཙུག་ཏུ་བཀུར་བྱེད་པ།།
འཇིག་རྟེན་མཁས་པའི་སྐྱེས་ཀྱི་མཆོག།
འཇིག་རྟེན་སྒྲ་དག་ཇི་སྙེད་ལས།།
བདེན་པའི་སྒྲ་ལས་སྙན་པ་གང་།།
གང་གིས་གང་ཞིག་བདེན་སྨྲ་བ།།
དེ་ནི་འཇིག་རྟེན་མཛེས་པའི་རྒྱན།།
བདེན་པ་ཐབས་ཤེས་དང་མི་འབྲལ།།
ཐབས་ཤེས་བདེན་པའི་མཐའ་བརྙེས་ཕྱིར།།
གང་ཞིག་བདེན་པ་ཆུང་ངུས་ཀྱང།།
འཇིག་རྟེན་རྫུན་དག་བརླག་བྱེད་ཅིང་།།
བདེན་དང་བདེན་པའི་སྟོབས་ཉིད་ཀྱིས།།
ཡང་དག་ལམ་ལ་ཁྲིད་གྱུར་ཅིག།
རང་བྱུང་བཅོས་མ་ལས་རྒྱལ་ཞིང་།།
དཀར་ནག་རྣམ་བཞག་སྤུ་རིས་འབྱེད།།
བདེན་གྲུབ་གནས་ལུགས་མཐུ་བོ་ཆེས།།
གཡོ་སྒྱུའི་བསྟན་པ་ནུབ་གྱུར་ཅིག།
དེང་འདིར་རྫུན་ལ་གོམས་ཆེས་པས།།
བདེན་ཞལ་མཐོང་བའི་ཡུལ་བསྐལ་ཡང་།།
བསླུ་བ་མེད་པའི་བདེན་སྟོབས་མཐའ།།
བསྙེག་ལ་འཇིགས་མེད་གདེངས་བརྙེས་ཤོག།
དངོས་རྣམས་ཀུན་ལས་སྟོབས་ཀྱི་ཕུལ།།
གང་ཞིག་དྲང་ཞིང་བདེན་པ་ཉིད།།
བདེན་པའི་མགྲིན་པ་གཟེངས་མཐོ་ཞིང་།།
རྫུན་གྱི་མགོ་འཕང་ཆུ་ལས་དམའ།།
གང་ལ་བདེན་པའི་དཔུང་ཡོད་ན།།
དཔུང་གཞན་གང་གིས་གནོད་མི་ཚུགས།།
འཇིག་རྟེན་དག་ན་དཔུང་གི་མཆོག།
བདེན་པའི་དཔུང་ཞེས་མཁས་རྣམས་གླེང་།།
གང་ཞིག་ལོག་རྟོག་མཐར་ཐུག་དང་།།
བསྒྲུབས་ཀྱང་འགྲུབ་ཏུ་མེད་པའི་དངོས།།
བདེན་པ་རྫུན་མར་སྒྲུབ་པ་དང་།།
བཅོས་མས་བདེན་པའི་ཚབ་བྱེད་པ།།
རྗེས་འབྲས་བཟང་ན་ཐབས་ཡིན་ལ།།
རྗེས་འབྲས་ངན་ན་གཡོ་སྒྱུར་ངེས།།
ཐབས་དང་གཡོ་ཡི་ཁྱད་པར་གཞན།།
བདེན་པའི་རྩིས་ཀྱིས་ཟིན་མིན་ཉིད།།
མངའ་ཐང་རིགས་རུས་འབྱོར་བ་སོགས།།
གང་ཡང་མི་ཆེ་བདེན་ཉིད་ཆེ།།
གང་ལ་བདེན་པའི་ནོར་ཡོད་ན།།
དངོས་གཞན་གང་གིས་མཚོན་དུ་མེད།།
རྫུན་དང་གཡོ་སྒྱུར་བརྟེན་བྱས་ཏེ།།
གོང་མར་གྱུར་ཀྱང་ཆེ་དགོས་ཅི།།
བདེན་པར་གནས་པའི་དཀའ་ཐུབ་ཅན།།
སྤྲང་སོགས་ཉམ་ཆུང་ཚུད་ཀྱང་ཆེ།།
གང་གིས་སྐབས་ཀྱི་དགོས་དབང་དང་།།
འཕྲལ་སེལ་ཙམ་གྱི་རྐྱེན་ཕྱིར་ཡང་།།
བདེན་ལ་སྐུར་བ་མི་འདེབས་པར།།
བདེན་ཚིག་མན་ངག་བསྟེན་གྱུར་ཅིག།
རྫས་སྦྱོར་སྣ་དགུའི་དུག་མཚོན་དང་།།
དམག་དཔུང་བྱེ་བས་གཡུལ་བཤམ་ཡང་།།
གང་ཞིག་བདེན་པའི་བཙན་ས་ཆེ།།
འཇོམས་མིན་བསྐལ་བའི་བར་དུ་གནས།།
རྫུན་གྱིས་སྡུག་དང་ངནའགྲོར་ལྟུང།།
བདེན་པས་བདེ་དང་ཐར་ལམ་ཟིན།།
བསླུ་མེད་གཤིས་ཀྱི་རྣམ་བཞག་ཆེས།།
སྲིད་དང་ཞི་བའི་ངལ་ཚུལ་སྨིན།།
བདེན་པར་སྨྲ་བའི་སྐྱེས་བུ་གང་།།
འཇིག་རྟེན་ཁམས་ན་ཉི་ཟླ་བཞིན།།
བདེན་པ་རྩིས་མེད་གཏོང་བྱེད་ལས།།
ཉེས་ཆེན་མུན་ནག་གཞན་གང་ཞིག།
ངན་གཡོའི་བསྟན་པ་ཁ་དར་བས།།
གང་ཞིག་བདེན་མཐའ་མ་གསལ་ཡང་།།
བདེན་ལ་གནས་པའི་དཀའ་ཐུབ་ཀྱིས།།
རབ་དགའི་བདེ་བ་མཆོག་ཐོབ་ངེས།།
བདེན་པ་ཆུང་ཡང་རྡོ་རྗེའི་ཟེགས།།
རྫུན་དཔངས་རི་བོའི་གཏོས་མཉམ་ཡང་།།
ལྦུ་བ་བཞིན་དུ་སྙིང་བོས་ཕོངས།།
དེས་ན་སུ་ཞིག་སྙིང་པོ་འདོར།།
གང་ལ་ཉེས་པ་གཞན་མེད་ན།།
བདེན་པ་བསྟེན་པས་གནོད་མི་འགྱུམ།
གང་ལ་ཉེས་པས་གོས་ན་ཡང་།།
བདེན་པས་དག་ལས་གཙེ་མི་འགྱུར།།
མཆོག་དམན་གྲལ་རིམ་བདེན་པས་འབྱེད།།
བདེན་པ་བཞག་ན་གང་གིས་འབྱེད།།
འཇིག་རྟེན་དག་ན་བདེན་པའི་གཤིས།།
མཚོན་དུ་མེད་པའི་གནས་ལུགས་ཆེ།།
བདེན་ལ་རྩིས་མེད་ལྟར་སྣང་རྣམས།།
གཉེན་སོགས་སུས་ཀྱང་རྒྱང་དུ་འདོར།།
བདེན་ལུགས་དགྲ་ཡིས་སྐྱོང་ན་ཡང་།།
དགའ་བས་འཕྲལ་མར་དང་དུ་ལོངས།།
གང་ལ་བདེན་པའི་གནས་ཡོད་ན།།
ལྟོས་མིན་དེ་ཡི་ཕྱོགས་སུ་ལོངས།།
གང་ཞིག་བདེན་པའི་ཕྱོགས་བྱེད་པ།།
མི་སྐྱེས་རིན་ཐང་དོན་གོ་ཉིད།།
སྐྱེ་བོ་གང་ཞིག་བཟང་ངན་དེ།།
བདེན་པར་གནས་མིན་ཁོ་ནས་འབྱེད།།
བདེན་མིན་སྐྱེ་བོས་གཞན་གང་གིས།།
སྐྱོང་ཡང་མགུ་མིན་ནམ་ཞིག་བསླུ།།
ཅི་འདྲའི་ཉམ་ངར་ཚུད་ཀྱང་བླ།།
བདེན་པ་ནམ་ཡང་གཏོང་མིན་ཏེ།།
བདེན་ཉིད་ཉམ་ངར་མི་ལྷུང་ཞིང་།།
དེ་ཡིས་ཉམ་ངའི་གཡང་ལས་སྐྱོབ།།
འགའ་ཞིག་རྫུན་དང་གཡོ་སྒྱུའི་ཕྱིར།།
སྲོག་སོགས་གང་ཡང་བློས་ཐོང་ན།།
བདེན་དང་བདེན་པའི་རྒྱབ་སྐྱོར་ཕྱིར།།
མི་ཐོང་བ་ཡི་དངོས་དེ་གང་།།
གང་གིས་བདེན་ལ་རྒོལ་བྱེད་པ།།
སྒོ་ངས་བྲག་ལ་བཞུས་བ་བཞིན།།
བདེན་ལ་གནས་ཤིང་སྐྱོང་བ་ནི།།
ངོ་བོའི་གཤིས་ལུགས་བཀུར་བའོ།།
བདེན་འབྲས་སྨིན་ལ་མ་ལྟོས་པར།།
བདེན་ལ་གནས་བ་དམ་པའི་གཤིས།།
བདེན་པར་གནས་པའི་དྲང་སྲོང་ཆེ།།
འཇིག་རྟེན་ཤིས་པའི་རྒྱན་གྱི་ཕུལ།།
མི་རྣམས་བདེན་ལ་བློ་ཕྱོགས་ཤིང་།།
འཇིག་རྟེན་བདེན་པས་སྐྱོང་བ་དང་།།
བདེན་པའི་དར་ཆ་མཐོ་ནས་མཐོར།།
བསྒྲེང་ཞིང་བདེན་ལ་ངེས་རྙེད་ཤོག།

རྩོམ་རིག

Post navigation

Previous Post: དྲིལ་ལྕེ། ལེའུ་གསུམ་པ། ༼གྲྭ་སྒྲུང་ཞིག༽
Next Post: མཉམ་སྦྲེལ་རྒྱལ་ཚོགས་མདུན་དུ་བོད་རང་དབང་གི་འཕྲེད་དར་དཔྱངས་འདུག

Comment (1) on “བློ་ལྡན་རི་བོང་གི་བདེན་གཏམ།”

  1. མེ་ཏོག་དཀར་པོ says:
    2013-10-23 at 2:55 am

    བདེན་པ་ཞེས་པའི་གཅེར་བུ་འདི།།
    བཤད་དུས་བདེ་བདེ་ལྟར་སྣང་ཡང་།།
    མཐོང་དུས་སྐྱེ་བོའི་སྙིང་གི་ནང་།།
    འཇིགས་པ་སྟེར་བའི་གཟུགས་སུ་སྣང་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ། (71)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme