ཆབ་མདོ་ངག་དབང་ཕུན་ཚོགས།
གངས་ལྗོངས་བོད་མིའི་མགོན་དཔུང༌།
“གངས་ལྗོངས་ཀྱི་བོད་འབངས་ཡོངས་ཀྱིས་བཀའ་དྲིན་རྗེས་དྲན་ཞུ་འོ།”
ཨེ་མ་་་་་་་་།
པཎ་ཆེན་སྣང་བ་མཐའ་ཡས། གངས་ལྗོངས་བོད་མིའི་མགོན་དཔུང༌།
འོད་དཔག་མེད་ཀྱི་རྣམ་འཕྲུལ།
བུ་ང་དགའ་བའི་དུས་སུ། གཞས་ལ་རགས་འདེགས་གནང་རོགས།
པཎ་ཆེན་ཐམས་ཅད་མཁྱེན་པ། གཟི་བརྗིད་འོད་སྟོང་འབར་བ།
གདན་ས་བཀྲིས་ལྷུན་པོ། གདོང་ལྔ་འབར་བའི་རིན་ཆེན་ཁྲིར།
བྱམས་བརྩེའི་འཛུམ་གྱིས་ཁེངས། ཞུམ་མེད་བདེན་པའི་གསུང་དབྱངས།
བུ་ང་ཡི་རྣ་བའི་བུ་ག་བརྟོལ། ཀྱི་ཧུད་་་་་་་་་་་་་།
པཎ་ཆེན་ཆོས་ཀྱི་རྒྱལ་མཚན།
ཁྱེད་ཉིད་དྲན་ཞིང་དྲན་ལ་ཞིང༌། མིག་ཆུ་དབང་མེད་ས་ལ་ཟགས་སོང༌།
བཀའ་དྲིན་ཅན་གྱི་སློབ་དཔོན་པཎ་ཆེན། རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན། གངས་ལྗོངས་བོད་མིའི་དེད་དཔོན།
འཆི་མེད་ཚེའི་བདག་པོ། འགྲོ་བ་སྲོག་ལས་སྐྱོབ་མཁན།
ཨེ་མ་་་་་་པཎ་ཆེན་སྣང་བ་མཐའ་ཡས།
གངས་ལྗོངས་བོད་རིགས་དོན་དུ། མི་ལོ་བཅུ་ལྷག་གི་རིང༌།
དམར་པོའི་བཙོན་ཁང་ནང་ལ། དཀའ་སྡུག་མྱོང་དགོས་བྱུང་ཡང༌།
ད་དུང་འཇིགས་ཞུམ་མེད་པའི། གངས་ལྗོངས་བོད་རིགས་ཀྱི་བདེན་དོན་ལ།
བརྩོན་ལེན་གནང་ཡོད། ཀྱི་ཧུད་་་་་་་་་པཎ་ཆེན།
ཁྱེད་ཉིད་དྲན་ཞིང་དྲན་ཞིང་། བུ་ངའི་སེམས་གདུང་བས་མནར།
ཁྱེད་མེད་པས་གངས་ལྗོངས་སྟོང་ལྷང་ལྷང་གྱུར།
དྲན་ཞིང་དྲན་ཞིང་། བླ་མ་རིན་པོ་ཆེ།
ཁྱེད་ཉིད་དྲན་ཞིང༌། ཁྱེད་ཉིད་དྲན།
“སྐུ་གཤེགས་ནས་མི་ལོ་ཉེར་བཞི་འཁོར་བའི་རྗེས་དྲན་ཞུ།”
པཎ་ཆེན་སྣང་བ་མཐའ་ཡས། འཇིགས་མེད་བདེན་པའི་གསུང་དབྱངས། བུ་ངའི་སེམས་ཁམས་ལ་ཐིམ།
ཁྱེད་ཉིད་དྲན་ཞིང༌། ཁྱེད་ཉིད་དྲན།
ཨ་གསར་དང༌། ངོ་ཚ་ཁྲེལ་གཞུང་བྲལ་བས་མི་འགས། ཁྱེད་ལ་ཚོང་དཔོན་རྒྱགས་པ་ཟེར། དེ་འདྲ་བརྗོད་སྟངས་སྐྱོ་བ་ལ་ཨང༌། རྒྱུ་འབྲས་མེད་པས་མི་དེ་དག །གཞན་ཟེར་གྱི་རྗེས་སུ་འབྲངས། ཁྱེད་ཀྱི་ཡོད་ཚད་གངས་ཅན་པའི་དོན་དུ། བློས་བཏང་གནང་ནས་མཛད་པ་བསྐྱངས།
ཁྱེད་ཉིད་དྲན་ཞིང༌། ཁྱེད་ཉིད་དྲན།
རྒྱ་དམར་གུང་ཁྲན་གྱིས། མི་རིགས་ཀྱི་ཁྱད་ནོར། ལྷ་འདྲེ་གདོན་བགེགས་སུ་བརྩིས་ཤིང༌། ཡོད་ཚད་མེར་བསྲེགས། ས་མཐོའི་འོད་སྣང་སྨག་རུམ་དུ་བསྒྱུར། རི་བོ་ཟོས་ཀྱང་མི་འཚིམས་པ་དང༌། རྒྱ་མཚོ་འཐུང་ཡང་མི་ངོམ་པའི་རྒྱ་དམར་ལ། ཁྱེད་ཀྱིས་ཁ་གཏད་བཞེངས།
ཁྱེད་ཉིད་དྲན་ཞིང༌། ཁྱེད་ཉིད་དྲན།
ཁོག་ཏུ་གཡོ་སྒྱུ་དང་ས་འོག་དར་ཐག་འཕྱངས་པས་རྒྱ་དཔོན་ཚོས། ཐབས་ཤེས་སྣ་ཚོགས་བཙལ་ཏེ་ཁྱེད་ཉིད་བཙོན་དུ་བརྫངས། རྒྱ་ཡི་བཙོན་དུ་མི་ལོ་བཅུ་ལྷག་ཙམ་བཞུགས་དགོས་བྱུང༌། དམར་ནག་འཇིགས་རུང་མུན་དོང་གི་ལྕགས་དྲ་དེ། ཞུམ་མེད་ཀྱི་བདེན་པ་དང༌། འཇིགས་མེད་ཀྱི་ངར་སྒྲས་ཕྱོགས་བཞི་སྟོར།
ཁྱེད་ཉིད་དྲན་ཞིང༌། ཁྱེད་ཉིད་དྲན།
པཎ་ཆེན་ཐམས་ཅད་མཁྱེན་པ། གཟི་བརྗིད་ཀྱིས་འོད་སྟོང་འབར་ཞིང༌། བྱམས་བརྩེའི་འཛུམ་གྱིས་ཁེངས། གདན་ས་བཀྲིས་ལྷུན་པོར། གདོང་ལྔ་འབར་བའི་རིན་ཆེན་ཁྲིར། ཞུམ་མེད་བདེན་པའི་གསུང་དབྱངས། བུ་ང་ཡི་རྣ་བའི་བུ་ག་བརྟོལ།
ཁྱེད་ཉིད་དྲན་ཞིང༌། ཁྱེད་ཉིད་དྲན།
པཎ་ཆེན་ཐམས་ཅད་མཁྱེན་པ། གངས་ལྗོངས་ཀྱི་མགོན་དཔུང༌། འོད་དཔག་མེད་ཀྱི་རྣམ་འཕྲུལ། ཁྱེད་ཉིད་ཞིང་ལ་གཤེགས་ནས། མི་ལོ་ཉི་ཤུ་འཁོར། ཁྱེད་ཀྱི་མཛད་རྗེས་ཀྱི་ཡིག་འབྲུ་རེ་རེ། ང་ཡི་མིག་མདུན་དུ་ཤར་ཞིང༌། མིག་ཆུ་དབང་མེད་ཤོར།
ཁྱེད་ཉིད་དྲན་ཞིང༌། ཁྱེད་ཉིད་དྲན།
པཎ་ཆེན་ཐམས་ཅད་མཁྱེན་པ། བཀའ་དྲིན་གྱི་སློབ་དཔོན། རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན། ཁྱེད་ཀྱི་མཛད་རྗེས་དྲན་ཞིང༌། བྲང་ཁོག་གཟེར་གྱིས་ཁེངས། གངས་ལྗོངས་བོད་མིའི་དེད་དཔོན། འཆི་མེད་ཚེའི་བདག་པོ། འགྲོ་བ་སྲོག་ལས་སྐྱོབ་མཁན།
ཁྱེད་ཉིད་དྲན་ཞིང༌། ཁྱེད་ཉིད་དྲན།
པཎ་ཆེན་སྣང་བ་མཐའ་ཡས། གངས་ལྗོངས་དོན་དུ། དཀའ་སྡུག་མྱོང་དགོས་བྱུང་ཡང༌། འཇིགས་ཞུམ་མེད་པའི་བདེན་པས་གསུང་དབྱངས། སྨག་རུམ་མུན་པ་ཕ་མཐར་བསྐྲད། ཁྱེད་ཀྱི་མཚན་སྙན་ཀུན་ཏུ་ཁྱབ། ཁྱེད་ཀྱི་རླབས་ཆེན་གྱི་བྱ་གཞག་དྲན་ཞིང༌། མིག་ཆུ་དབང་མེད་དུ་སར་ཟགས།
ཁྱེད་ཉིད་དྲན་ཞིང༌། ཁྱེད་ཉིད་དྲན།
པཎ་ཆེན་སྣང་བ་མཐའ་ཡས། ཁྱེད་གཞན་དོན་དུ་གཤེགས་པའི་ཉིན་དེ་ནས་བཟུང༌། གཞིས་ལུས་སྤུན་ཟླ་མུན་ནག་ཏུ་ཚུད་ཅིང༌། བློ་གཏད་བཅོལ་ས་མེད་པར་བྱིས་ཕྲུག་ཐང་ལྷག་གྱུར། ཁྱེད་ཀྱི་མཛད་རྗེས་ཀྱི་ཡིག་འབྲུ་རེ་རེ་ནས། ལོ་རྒྱུས་ཀྱི་དཔང་པོ་རེ་རེ་གསལ།
ཁྱེད་ཉིད་དྲན་ཞིང༌། ་་་་་་དྲན།
མཆན། ཞེས་པ་འདི་ནི་བོད་མི་རིགས་ཀྱི་སེམས་དབུས་སུ་ནམ་ཡང་བརྗེད་ཐབས་མེད་པའི་བཀའ་དྲིན་ཅན་གྱི་སློབ་དཔོན་པཎ་ཆེན་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་སྤྲང་འཁྱམས་པ་ཆབ་མདོ་ངག་ཕུན་གྱིས་སེམས་ཚོར་ཆེན་པོའི་ཐོག་ནས་ཕྱི་ཟླ་ ༡ ཚེས་ ༢༨ ཉིན་གྱི་རྗེས་དྲན་མཛད་སྒོ་གྲོལ་བ་དང་བྲིས།
ཆབ་མདོ་བས་པན་ཆེན་ཚང་དྲན་པ་ཡག་པོ་རེད།
དེ་མིན་དེང་སང་རྡ་སའི་ནང་མི་བུ་ཁ་ཤས་ཀྱིས་པཎ་ཆེན་ཚང་ཁ་ལ་འཁྱེར། ཡིག་ཚང་རྙིང་བའི་ཡིག་ཚགས་བརྐུ་ཁྱེར་བྱས་ཏེ་པཎ་ཆེན་བླ་མར་ཞིབ་འཇུག་བྱེད་ཀྱི་ཡོད་ཟེར། རྡ་སའི་གངས་སྐྱིད་དང་ཚོགས་པ་ཁག་ལ་སློང་མོ་ཡིད་ཚིམས་པ་བརྒྱབ་ཏེ་སྒེར་དངུལ་བསགས་ཀྱི་ཡོད་པའི་གཏམ་ངན་མང་པོ་གོ་རྒྱུ་འདུག ངོ་མ་བློ་ཕམ་རེད། བླ་མ་དམ་པའི་མཛད་པར་ཞིབ་འཇུག་ཟེར་བ་བཞད་གད་རང་རེད། ཧ་ཧ་ཧ།
པཎ་རྫུན་རྒྱལ་མཚན་ནོར་བུ། །
རྫུན་གྲོལ་ཐོབ་པར་ཤོག་ཅིག །
༸པཎ་ཆེན་བསྟན་འཛིན་དགེ་འདུན། །
ཀློད་གྲོལ་ཐོབ་པར་ཤོག་ཅིག །
༸པཎ་ཆེན་སྣང་མཐས་བཞེད་དོན། །
ལྷུན་གྱིས་གྲུབ་པར་ཤོག་ཅིག །
ཆབ་མདོ་ངག་དབང་ཕུན་ཚོགས་ཀྱིས་༸པཎ་ཆེན་རིན་པོ་ཆེའི་རྗེས་དྲན་བྲིས་པ་ལ་ཁ་དྲོ་བཀྲ་ཤིས་ཞུ།
༸པཎ་ཆེན་རིན་པོ་ཆེ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གི་བཀའ་སློབ་ཅིག་ཏུ།
ང་བོད་ལ་སླེབས་མ་ཐག་ལྷག་པར་དུ་སྤྲོ་བ་འཕེལ་བ་དང་། སྙིང་སྟོབས་ལྡན་པ། རིག་པའང་ཧ་ཅང་གསལ་བོ་ཡོད་པས་གཉིད་ཀྱང་མང་པོ་ཉལ་མི་དགོས་པར་ལས་ཀ་ཆུ་ཚོད་བཅོ་བརྒྱད་ཡན་བྱེད་ཐུབ་ཀྱི་འདུག
ཀུན་གཟིགས་བཀའ་དྲིན་ཅན་གྱིས་དེ་ལྟར་གསུངས་སོ། །
པཎ་ཆེན་བླ་མའི་ཐུགས་རྗེ་འོར་ཟེར་འབུམ། །ཆོལ་གསུམ་བོད་ཡུལ་མུན་པའི་གླིང་ལ་འཕྲོས།།
ཁ་བ་ཅན་གྱིས་བཙན་པོའི་བུ་རྒྱུད་ལ། །སྡེ་བཞི་འཆི་མེད་སྲོག་གི་ཀ་བ་བཙུག།
མགོན་ཁྱོད་སྙིང་ནས་ཡང་ཡང་བསམ་པའི་ཚེ། །ཁྱོད་ནི་དཔའ་བོ་ཁྱོད་ནི་བདེན་པ་ཁྱོད་ནི་དྲང་པོ་
ཁྱོད་ནི་བོད་ལ་བརྩེ་བ་ཅན། །ཁྱོད་ནི་བླ་མ་གཡོ་རྒྱུ་མེད་པ་ཞིག ཁྱོད་ནི་གསེར་དང་འདྲ་བས་བསྲེག་དང་བཅད་བར་བྱ།
མཆོད་མཆོད་བཀྲ་ཤིས་བདེ་ལེགས། དངོས་གནས་བླ་མ་ཁོང་གི་མཛད་འཕྲིན་དྲན་པ་ཨེ་མ་ཧོ་སྨད་བྱུང་སྐལ་པ་བཟང་། ད་ཕྱིས་མ་སོང་ནས་སྔ་རྩ་བ་ནས་མ་སོང་། གང་ལྟར་ལྷོ་པ་མཆོག་ལ་བཀའ་དྲིན་ཆེ་ཞུ།།
དེང་སང་གི་དུས་སྐབས་འདིར་ཁོང་ལྷག་པར་དྲན་ཆེ། ཉིན་རེ་བཞིན་རང་རིགས་དཔའ་རྒོད་རྣམས་ཀྱིས་རང་ལུས་ཞུགས་མེར་ཕུལ་དུས་དེ་བས་སྙིང་གི་གཏིང་ན་ན་ཟུག་གཏོང་བཞིན་དྲན།
ཡག་པོ་འདུག དྲན་པ་འདུག
ཕྱི་ནང་གཉིས་ཀྱི་དགྲ་བོ་དཔུང་རྒྱས་ནས་ཉེས་མེད་པ་བྱིས་པ་ཞིག་གི་མེ་ཚེ་མེད་པར་བཟོས་བློ་ཕམ་ཡོད། བྱིས་པ་དེ་ཀུན་གཟིགས་པན་ཆེན་རེད།
བཙན་བྱོལ་ནི་བཙལ་བྱོལ་རང་རེད་མི་ཡུལ་ནས་དཔའ་རྒོད་སྒྲོགས་ཀྱང་སྟོང་ཧཧཧཧཧཧཧཧཧཧ