Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་བའི་སྐོར་ལ་དཔྱད་པའི་གཏམ།   

Posted on 2025-08-122025-08-12 By ཁ་བརྡ་ 3 Comments on ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་བའི་སྐོར་ལ་དཔྱད་པའི་གཏམ།   

གཞུང་པ་ཚེ་དབང་བསོད་ནམས།     

དེང་སྐབས་རང་རེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་མང་གཙོ་དང་རང་དབང་ཁ་ལྕེར་བཟུང་ནས་དྲ་རྒྱའི་དུས་རབས་ལ་འགན་འཁུར་ནས་ངོ་དེབ་དང་ཡུ་ཊུབ་སོགས་བརྒྱུད་ནས་ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་བའི་ལས་འགུལ་འགྲོ་བཞིན་པ་འདིའི་རྒྱབ་ལྗོངས་ད་ལྟའི་ལས་ཐོག་ཆོས་བརྒྱུད་སྤྱི་འཐུས་ཚོས་གྲོས་ཚོགས་ནང་འགན་འཁུར་སྟངས་དང་འབྲེལ་ནས་ཆོས་བརྒྱུད་སྤྱི་འཐུས་མི་དགོས་གསུང་གི་ཡོད་ན་གནས་དོན་དེ་ཚད་ལྡན་ཞིག་ཡིན་པ་ནམ་ཡང་ངོས་འཛིན་ཞུ་ཐུབ་མ་སོང་། གང་ཡིན་ཟེར་ན་ང་ཚོའི་བྱ་བའི་ཡུལ་ལ་བལྟ་དགོས་པ་ལས་བྱེད་པ་པོ་གང་ཟག་ལ་ནམ་ཡང་བལྟ་མི་ཉན་པ་དང་།   སྤྱི་ལོ་ ༢༠༠༢ ལོར་༧ གོང་ས་མཆོག་ནས་འཛིན་སྐྱོང་གི་འགན་དབང་དེ་མི་མང་གི་འདམས་པའི་བཀའ་བློན་ཁྲི་པར་གནང་ནས་༧ གོང་ས་མཆོག་ཕྱེད་བགྲེས་ཡོལ་གྱི་ཚུལ་དུ་བཞུགས་པ་དང་།    སྤྱི་ལོ་ ༢༠༡༡ ལོར་༧ གོང་ས་མཆོག་ནས་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་དེ་མི་མང་ལ་གནང་ནས་མི་མང་གིས་འདམས་པའི་བཀའ་བློན་ཁྲི་པས་བོད་ཀྱི་ཆབ་སྲིད་ ཀྱི་འགན་བཞེས་ནས་དེ་སྔ་༧ གོང་ས་ལྔ་བ་ཆེན་པོའི་བཙུགས་གནང་པའི་མི་ལོ་གསུམ་བརྒྱ་དྲུག་ཅུ་ལྷག་ཙམ་གྱི་དོན་སྙིང་ལྡན་པའི་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་པར་རྒྱལ་བའི་བོད་ཀྱི་ཆབ་སྲིད་སྐྱོང་བའི་ལམ་ལུགས་དེ་འཇུག་བསྡུས་ནས་སྤྱི་འཐུས་སྐབས་བཅུ་བཞི་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་གསུམ་པ་ཆབ་སྲིད་ཀྱི་རང་བཞིན་ཟེར་བའི་ནང་འཁོད་པའི་ཡུལ་མིའི་རྒྱལ་ཁབ།  ༼  Republic  ༽ ཟེར་བའི་ཁྲིམས་མཐུན་གྱི་ཐ་སྙད་ལ་འགྱུར་བ་བཏང་ནས་ཡུལ་མིའི་སྲིད་སྐྱོང་ཟེར་བའི་ཐ་སྙད་དེ་ཡར་བཅུག་པའི་ཞོར་ལ་ཆོས་སྲིད་བཟུང་འབྲེལ་ཟེར་བའི་ཐ་སྙད་དེའི་ཚབ་ཏུ་ཆོས་ལུགས་རིས་མེད་ཟེར་བའི་ཐ་སྙད་དེ་ཡར་བཅུག་དགོས་པ་དེ་མ་བཅུག་པར་ཆོས་སྲིད་བཟུང་འབྲེལ་ཟེར་བའི་ཐ་སྙད་དེ་རང་འཇགས་བཞག་པ་ནས་ད་ལྟའི་བཙན་བྱོལ་སྤྱི་ཚོགས་ནང་དཀའ་ངལ་འཕྲད་རྒྱུ་དང་ལབ་རྒྱུ་གླེང་རྒྱུ་མང་བ་དང་།  ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་བའི་སྐད་ཆ་དེ་ཚོ་ཐུག་ས་ངོ་མ་དེ་ཆོས་སྲིད་བཟུང་འབྲེལ་ཟེར་བའི་ཐ་སྙད་དེ་ལ་ཐུག་པ་ལས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་རྣམ་པས་གྲོས་ཚོགས་ནང་འགན་འཁུར་སྟངས་དང་འབྲེལ་བ་མེད་པར་ངོས་འཛིན་ཞུ་གི་ཡོད།    སྤྱི་ལོ་ ༢༠༡༡ ལོར་༧ གོང་ས་མཆོག་ནས་བོད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་དེ་མི་མང་གི་འདམས་པའི་མང་གཙོའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་གནང་བའི་ཉི་མ་དེ་ནས་ཆོས་སྲིད་བཟུང་འབྲེལ་གྱི་ལམ་ལུགས་འཇུག་བསྡུས་ནས་བོད་དེ་ཆོས་ལུགས་རིས་མེད་མང་གཙོའི་རྒྱལ་ཁབ། ༼ Secularism  Democracy Nation  ༽  ཞིག་ཆགས་པ་ནས་དེ་སྔོན་བཅའ་ཁྲིམས་ནང་འཁོད་པའི་ཆོས་སྲིད་བཟུང་འབྲེལ་ཟེར་བའི་ཐ་སྙད་དེ་ཡང་ཡུལ་མིའི་རྒྱལ་ཁབ་དེ་ཡུལ་མིའི་སྲིད་སྐྱོང་ལ་བསྐྱར་བཅོས་གནང་བ་ཇི་བཞིན་ཆོས་ལུགས་རིས་མེད་ལ་བསྐྱར་བཅོས་གནང་ནས་སྤྱི་འཐུས་གྲོས་ཚོགས་ནང་ཆོས་བརྒྱུད་སྤྱི་འཐུས་མི་དགོས་པ་བཟོ་དགོས་པ་ལས་ད་ཡོད་ཆོས་བརྒྱུད་སྤྱི་འཐུས་ཀྱིས་འགྲིག་གི་མི་འདུག་ལབ་ནས་ཆོས་བརྒྱུད་སྤྱི་འཐུས་མི་དགོས་གསུང་གི་ཡོད་ན་སྐད་ཆ་དེ་ཡང་དག་པའི་ཆབ་ཀྱི་ཐབས་ལམ་ཞིག་ལ་དུས་ནམ་ཡང་ངོས་འཛིན་ཞུ་མི་ཐུབ་པ་དང་།  ཆོས་སྲིད་བཟུང་འབྲེལ་གྱི་གོ་དོན་ནི།  ༼  Politics Guided by Dharma  ༽  ཡིན་དགོས་པ་ནི་སྲིད་ཀྱི་བྱ་བ་ག་འདྲ་ཞིག་བྱས་ཀྱང་ནང་པའི་ཆོས་ཀྱི་དགོངས་པ་དང་མ་འགལ་བ་ཞིག་དགོས་པ་དང་།     ཆོས་ལུགས་རིས་མེད་ཀྱི་གོ་དོན་ནི།  ༼  Secularism  ༽  ཡིན་པ་བཅས་ཆབ་སྲིད་དང་ཆོས་མཉམ་དུ་ལས་ཀ་བྱས་ན་སྤྱི་ཚོགས་ལ་མཁེ་གྱོང་གང་ཡོད་བསམ་ཡོད་བོད་མི་ཚང་མས་དཔྱད་ཞིབ་ནན་པོ་གནང་དགོས་པ་ནི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་གྱི་ཆ་ཤས་ཞིག་མ་རེད་དམ།

བསམ་ཚུལ།

Post navigation

Previous Post:   བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་འཕེལ་རིམ་སྐོར་ལ་དཔྱད་པའི་གཏམ།   
Next Post: ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བདུན་པ།

Comments (3) on “ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་བའི་སྐོར་ལ་དཔྱད་པའི་གཏམ།   ”

  1. ཚེ་བརྟན་འགྱུར་མེད། says:
    2025-08-18 at 11:42 am

    ཆོས་བརྒྱུད་ཀྱི་སྤྱི་འཐུས་མི་དགོས་ཟེར་བའི་སྐོར་དཔྱད་པའི་གཏམ། ཅེས་པིའ་ནང་གཞུང་པ་ལགས་ཀྱིས་དགོངས་ཚུལ་གང་མང་ཞིག་གནང་འདུག ཡིན་ཀྱང་ང་རེས་བསམ་ཞིབ་འགའ་ཤས་ཞུ་འདོད་པ་ནི།
    དང་པོ། སྤྱི་ཚོགས་དྲ་ལམ་ཁག་ནང་ཆོས་འཐུས་མི་དགོས་གསུང་དོན་གཅིག་དེ་དེང་སང་ཆོས་འཐུས་ཚོས་བྱ་ལམ་མི་ལེགས་པའི་གནད་ལས་བྱུང་བ་དངོས་་ཡིན། དེ་ཡང་སྐབས་འདིའི་ཆོས་འཐུས་ཀྱི་རྐྱེན་ལས་ལངས་པ་ལས་དངོས་སུ་གནད་དོན་དེ་ལོ་མང་གི་ནད་གཞི་བོད་ནང་བསྟན་པའི་སངས་རྒྱས་ན་ཟ་བཞེས་མཁན་འགས་གྲོས་ཚོགས་ནང་སྤྱོད་ཚུལ་ཞན་གནད་སྐོར་དེ་དག་ནད་ལོག་རྒྱབ་རེད། ལྟ་བ་ལྷ་དང་མཉམ་ནའང་སྤྱོད་པ་མི་དང་མ་མཚུངས་པའི་གནད་རེད། གནད་དོན་དེས་སྐབས་སུ་བབ་པའི་བོད་མི་མང་དག་ཞིག་གི་བརྒྱུད་ལ་ནང་ཆོས་ལ་ལོག་ལྟ་སྐྱེས་རྐྱེན་ཞིག་བྱུང་མཉམ་ཕྱིས་སུ་དེ་གནད་ཅིག་མ་བྱུང་བསམས་པའི་རེ་དོན་དམ་དོན་ཆེད་ཆོས་འཐུས་མི་དགོས་གསུངས་སྙམ།།
    གཉིས་པ། ད་གནས་སུ་མགོན་སྡེ་ཁག་ནང་ཆོས་བཞུགས་པ་ཉུང་ནས་ཉུང་དུ་འགྲོ་བའི་མཉམ་བོད་མི་ཡིན་པ་དེ་བས་ཉུང་། ཁོར་ཡུག་དེ་ལྟའི་ནང་བོད་ཀྱི་ཡུལ་མིན་པའི་ཆོས་འཐུས་ཤིག་གྲོས་ཚོགས་ནང་ཡོང་མ་སྲིད་པ་མིན་པ་དང་ཡོང་རྒྱུ་ཆེར་ངེས་ཉེན་ལ་སོང་། དེ་གནད་དུ་ད་དུས་ནས་ཟབ་ཟབ་མ་བྱས་ན་སྐྱོན་ཆེན་པོ་ཡོང་ངེས་སྲིད། རང་རེའི་སྤྱི་ཚོགས་ནང་བཀྲ་མ་ཤིས་པ་སྤེལ་མཁན་ཕྱི་ནང་གཉིས་སུ་ཡོད་པའི་ཟབ་ཡིན།།
    གསུམ་པ། དེ་སྔ་བོད་ཀྱི་ཆོས་བརྒྱུད་ཁག་ནང་རྣམ་རྟོག་དྲི་ངད་ཆེ་བ་སེལ་ཐབས་སུ་ཆོས་འཐུས་ཁག་དགོངས་གནད་གཟིགས་པ་ངས་བསམ་ཞིག་ཡིན། ད་གནས་སུ་དེ་ལྟའི་དོག་གཞི་ཞིག་བྱེད་མི་དགོས་པ་དང་མ་ཡོང་པའི་སྲིད་ཀྱི་ལམ་ལུགས་ཤིག་སྤེལ་གནང་ཡོད་སྟབས་ཆོས་འཐུས་དེ་ཙམ་དགོས་གནད་མི་མཐོང་། ཆོས་སྲིད་བཟུང་འབྲེལ་མེད་ན་ཆོས་ཀྱི་བཅོས་པའི་དལ་ལམ་མེད་པའི་སྲིད་ཀྱི་མགོ་བདེ་གཡོ་ཅན་གྱི་ལམ་ཞིག་འཛིན་སྤྱོད་དགོས་པ་ལ་ག་ནས་གོ་དགོས། ཆོས་སྲིད་བཟུང་འབྲེལ་གྱི་ལམ་ལུགས་སྐབས་ཕྱི་ཆོས་མཚོན་པ་ཚོས་ཕྱོགས་རིས་ཐེན་ཞེན་རྐྱེན་ངན་གྱིས་མནར་བ་ནང་བཞིན་ཆོས་ལུགས་རིས་མེད་སྐབས་སུའང་ཞེན་རྐྱེན་མེད་པ་དཀའ་གནས་སུ་བཞག་ན་ལེགས། ཡིན་ཀྱང་ནང་ཆོས་ལ་ནང་པས་ཞབས་འདྲེན་པ་ཉུང་བས་མི་དགེ་གམ། རྩ་ཁྲིམས་ནང་ཆོས་ལུགས་རིས་མེད་ཀྱི་རྒྱལ་ཁབ་ཏུ་བཅོལ་ན་དགེ་ལས་གནོད་ག་ནས་ཆེ་བ་རང་གི་བསམ་ཚུལ་ཡིན།།
    བཞི་བ། ད་སྐབས་ཀྱི་རང་རེའི་ཆོལ་གསུམ་ཆོས་ལུགས་དམངས་གཙོའི་བརྒྱུད་རིམ་ནང་ཆོས་ལུགས་ཆོས་འཐུས་ཚོས་ཐེན་ཞེད་ཆེ་རྐྱེན་ལས་དམངས་གཙོའི་ལམ་ལས་འདས་ཏེ་ཆོལ་གསུམ་ནས་ཆོལ་གཅིག་གི་ཕྱོགས་སུ་འགྲོ་བཞིན་ལ་སོང་། ཆོལ་ཁ་གཉིས་མང་དེ་ཆོལ་ཁ་གཅིག་ཉུང་གི་བསམ་ཚུལ་དུ་ངོས་ལེན་དགོས་གནད་དེ་ཕལ་ཆེར་དམངས་གཙོ་དང་མ་མཐུན་པའི་གོ་ཤེས་ལས་ཀྱང་ཡིན། དེ་ལྟའི་མཐུན་ཕྱོགས་སུ་འགྱུར་བཅོས་ཡོང་ཆེ་ཡང་ལམ་ལུགས་འདི་ལེགས་ལུགས་ཞིག་མིན་སྟབས་གནད་ཀྱི་གཙོ་བོ་ཆོས་འཐུས་ཁག་ལ་སོང་ནད་དེ་སེལ་ཐབས་སུ་འབོད་སྐད་ཞུས་པ་ལོས་ཡིན་དགོས། རང་གནས་ཐོག་ཆོལ་གསུམ་ཆོས་ལུགས་ཀྱི་དལ་ལམ་ཤིག་བཟོ་ཐུབ་ན་གནོད་ཅི་ཡོང་།།

  2. གཞུང་པ་ཚེ་དབང་བསོད་ནམས། says:
    2025-08-18 at 11:34 pm

    བོད་ཀྱི་ཡུལ་མི་ཡིན་པ་ཞིག་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ལ་ཕེབས་ཆོག་པ་ལས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་ཡོད་པ་ཙམ་གྱི་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ལ་ཕེབས་མི་ཆོག་པ་བཅའ་ཁྲིམས་ནང་བོད་ཀྱི་ཡུལ་མི་ཡིན་པ་ཟེར་བ་ནས་ངོ་སྤྲོད་གནང་ཡོད་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ནུས་པ་ཐོན་ནས་མི་ལོ་སུམ་བཅུ་སོ་བཞི་ཙམ་འགྲོ་བའི་སྐབས་འདིར་བཅའ་ཁྲིམས་དོན་ཚན་བརྒྱད་པ། ༼ བོད་ཀྱི་ཡུལ་མི། ༽ ཟེར་བའི་ནང་གསེས་བཞི་པའི་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་སྤྱི་འཐུས་གྲོས་ཚོགས་ནས་དུས་ད་ལྟ་ཡང་བཟོ་མ་ཐུབ་དེ་ཁྲིམས་བཟོའི་ཐུགས་འགན་འགྲུབ་པར་ངོས་འཛིན་དགོས་རེད་དམ་ཐུགས་འགན་མ་འགྲུབ་པར་ངོས་འཛིན་དགོས་པ་རེད་དེ་ཡང་གསལ་པོ་ཤེས་མ་སོང་།

  3. ཚེ་བརྟན་འགྱུར་མེད། says:
    2025-08-20 at 10:42 am

    དེ་གནད་དུ་ད་དུས་ནས་ཟབ་ཟབ་མ་བྱས་ན་སྐྱོན་ཆེན་པོ་ཡོང་ངེས་སྲིད། ཅེས་པའི་ནང་བོད་ཀྱི་ཡུལ་མིའི་དོན་གནད་དེ་རྩིས་ནའང་ནོར་ཆ་ཆེ་བ་མིན་འདུག དེ་མིན་ཁང་སྟོང་རྐུ་མའི་དོག་པར་བསམ་ཞིབ་ཞུས་ན་སྐྱོན་མེད་པའི་དགེ། གལ་སྲིད་ཆོས་འཐུས་ཀྱི་གནད་ལ་འགྱུར་བཅོས་སམ་ལེགས་བཅོས་ཐུབ་ན་དེ་ལས་བྱུང་པའི་ད་ལྟའི་མི་སྙན་པའི་གླེང་བརྩོད་དེ་མེད་པའི་གྲིབ་གཟུགས་མིན་པའི་གྲིབ་ནག་དེ་རང་བཞིན་མེད་པར་མ་གྱུར་རམ། མི་ལོ་བཅུ་ཕྲག་འགའ་ཤས་ནང་ཕན་ཐོག་ཡོད་ཀྱང་དེང་ཆ་གནད་ཆེ་བ་མིན་འདུག སངས་རྒྱས་བསྟན་པ་རྒྱས་ཐབས། རང་རེའི་འཐབ་རྩོད་རྩ་བ་རྡོག་རྩ་གཅིག་སྒྲིལ་དུ་རྒྱ་མཚོ་ཆུ་ཐིག་གི་ཕན་ཡོན་ནི་དཀོན་གནད་འདུག དམའ་མཐར་ཡང་ད་ལྟའི་ཆོས་འཐུས་ཀྱི་གྲོས་ཚོགས་ཀྱི་སྤྱི་དབང་དེ་ལ་འགྱུར་བཅོས་དགོས་གལ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ། (69)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme