Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀུན་མཁྱེན་བླ་མའི་འཁྲུངས་སྐར་ལ་སྨོན་ཚིག་འགགས་མེད་རྡོ་རྗེའི་སྒྲ་དབྱངས།

Posted on 2019-07-152019-07-15 By ཁ་བརྡ 4 Comments on ཀུན་མཁྱེན་བླ་མའི་འཁྲུངས་སྐར་ལ་སྨོན་ཚིག་འགགས་མེད་རྡོ་རྗེའི་སྒྲ་དབྱངས།

ཨེ་མ་ཧོ།
 
ན་མོ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།
ཀུན་བཟང་རིག་འཛིན་བརྒྱུད་པར་ནམ་མཁའི་ཁྱོན།།
འོད་གསལ་ཉི་ཟླ་གསལ་བའི་ཀུན་མཁྱེན་དཔལ།།
སྣ་ཚོགས་སྒྱུ་འཕྲུལ་དྲ་བའི་སྙིང་པོ་ཅན།།
ཀུན་མཁྱེན་ཡབ་སྲས་དམ་པས་དགེ་ལེགས་སྩོལ།།
གནའ་དེང་མཁྱེན་རབ་ཟས་གཙང་སྲས་ལས་མཁས།།
གངས་ཅན་བརྩེ་བར་སྤྱན་རས་གཟིགས་ལས་བཙུན།།
འཕགས་མཆོག་མཐུ་སྟོབས་རྡོ་རྗེ་འཛིན་ལས་བཟང་།།

དེ་ལས་མང་བ་། “ཀུན་མཁྱེན་བླ་མའི་འཁྲུངས་སྐར་ལ་སྨོན་ཚིག་འགགས་མེད་རྡོ་རྗེའི་སྒྲ་དབྱངས།” »

སྙན་ངག

ཁྲག་རྩོམ་ནག་པོ། 

Posted on 2019-07-152019-07-15 By ཁ་བརྡ No Comments on ཁྲག་རྩོམ་ནག་པོ། 

རླུང་དམར།
 
སེམས་དཔའི་ཆོས་དབྱངས་དྲི་མེད་བདེན་གཙུག་ཏོག།
སྐུ་མེད་རང་སྣང་མཚན་དཔེ་དུ་མའི་གཟུགས།།
ལྕེ་མཚར་ནག་པོའི་སྟེང་གི་ཡིག་ནག་དེ།།
ལྷ་ཀླུ་སྨྱོ་ལ་བཟི་བའི་སེམས་ཕྲ་མོ།།

རིག་བྱེད་གདོང་ལྔ་ཁྲོས་པའི་རེ་དོགས་ཀྱང་།།
ཁྲག་འཐུང་སྤྱང་ཀིའི་ཟས་སུ་སྨིན་པའི་མཐུ།།
འདུ་བྲལ་ཅི་ཟིང་འཁྲབ་པའི་མྱི་སྡེ་རྣམས།།

དེ་ལས་མང་བ་། “ཁྲག་རྩོམ་ནག་པོ། ” »

སྙན་ངག

བོད་ཀྱི་ཡིག་ཟམ་རྩོམ་སྒྲིག་པའི་གཏམ།

Posted on 2019-07-122019-07-15 By ཁ་བརྡ 3 Comments on བོད་ཀྱི་ཡིག་ཟམ་རྩོམ་སྒྲིག་པའི་གཏམ།

ཤེད་བུས་འོས་སྦྱོར་བྱས།

པེ་ཅིན་གྱི་སྐུ་འགྲོན། རྒྱལ་སྤྱིའི་བོད་རིག་པ་བ།

ད་ལོར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པ་ཚུགས་ནས་ལོ་བཞི་བཅུ་འཁོར་ཞིང་ཚོགས་ཆེན་ཐེངས་བཅོ་ལྔ་བ་ཉིན་ཤས་རྗེས་ཕ་རེ་སི་ལ་འཚོགས་ཀིན་ཡོད། ང་ཚོས་ཚོགས་པ་འདིའི་ལོ་བཞི་བཅུ་ཐམ་པ་དང་། ཚོགས་ཆེན་བཅུ་བཞིའི་བཞུད་ལམ་ལ་ཕྱིར་མིག་ཅིག་འཕངས་ན། ལོ་བཞི་བཅུའི་འདུ་འཛོམས་དང་བགྲོ་གླེང་དག་ནི་རི་བོ་མཐོན་པོ་ཞིག་ཡིན་སྣང་སྟེར་ལ། རི་བོ་འདིའི་ཉིན་ངོས་ནས་བལྟས་ན། ལབ་ཙེ་དང་དར་ལྕོག་གིས་བརྒྱན་པའི་རི་བོ་ཞིག་མཐོང་བ་མ་ཟད། ལྕགས་དྲས་ཡོངས་སུ་བསྐོར་བའི་རི་བོ་དེ་སྨན་རྩྭ་དང་མེ་ཏོག་གི་དྲི་ངད།

དེ་ལས་མང་བ་། “བོད་ཀྱི་ཡིག་ཟམ་རྩོམ་སྒྲིག་པའི་གཏམ།” »

བསམ་ཚུལ།

ཨོ་གླིང་གནས་མཁར་གསར་རུ་༧སྐུའི་འཁྲུངས་སྐར་སྲུང་བརྩི་དང་མདའ་རྩལ་འགྲན་པ།

Posted on 2019-07-112019-07-12 By ཁ་བརྡ 1 Comment on ཨོ་གླིང་གནས་མཁར་གསར་རུ་༧སྐུའི་འཁྲུངས་སྐར་སྲུང་བརྩི་དང་མདའ་རྩལ་འགྲན་པ།

ཁྲོ་གཏུམ།

དེ་ཡང་ཕྱི་ལོ་ ༢༠༡༩ ཟླ ༧ ཚེས་ ༦ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་གནས་མཁར་གསར་ས་གནས་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། ཉིན་དེའི་དགའ་སྟོན་མཛད་སྒོའི་ཐོག་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ཁྱོན་མི་གྲངས་ཉིས་བརྒྱ་ལྷག་འདུ་འཛོམས་ཐོག སྐུ་མགྲོན་གཙོ་བོར་

དེ་ལས་མང་བ་། “ཨོ་གླིང་གནས་མཁར་གསར་རུ་༧སྐུའི་འཁྲུངས་སྐར་སྲུང་བརྩི་དང་མདའ་རྩལ་འགྲན་པ།” »

གསར་འགྱུར།

གཡུ་ཆུང་དྲུག་དཀར།

Posted on 2019-07-112019-07-11 By ཁ་བརྡ 1 Comment on གཡུ་ཆུང་དྲུག་དཀར།

ཆང་སྐྱེས།

ཁྲ་ཆུང་མིག་གིས་ལྟ་ཕྱོགས་མ་ཡིན་ཞིང་།།
གངས་དཀར་སེམས་ཀྱི་བློ་ལ་འབབ་ཕྱོགས་ཀྱིས།།
ལྷོད་ཀྱིས་གྲོལ་བའི་འཛུམ་ཆུང་དམར་པོ་དེ།།
སྙིང་ལ་ཟུག་པའི་དྲན་ཤིང་གསོན་པོ་ཞིག།

ལས་དབང་བཙན་པོས་གོ་སྒྲིག་མ་ཡིན་ཞིང་།།
གློ་རྡེག་སྟེས་དབང་ཞིག་གིས་ཐུག་འཕྲད་ཀྱིས།།
འཛུམ་ལན་འཛུམ་གྱིས་བསུས་པའི་སྣང་བརྙན་དེ།།

དེ་ལས་མང་བ་། “གཡུ་ཆུང་དྲུག་དཀར།” »

སྙན་ངག

གངས་རིའི་མགོན་པོ་དང༌། གངས་ཅན་པ།

Posted on 2019-07-10 By ཁ་བརྡ 1 Comment on གངས་རིའི་མགོན་པོ་དང༌། གངས་ཅན་པ།

ཁང་ཟླ་སྲས།

ཐོག་མའི་གཏམ།

ཉེ་ལམ་ཨ་རིར་རྟེན་གཞི་བྱས་པའི་གེ་སར་ཚོགས་པས་བཀོད་སྒྲིག་འོག་༼གངས་རིའི་མགོན་པོ་དང༌། གངས་ཅན་པ་༽ཞེས་པའི་བརྗོད་གཞིའི་སྟེང་རྩོམ་ཡིག་འགྲན་བསྡུར་གྱི་ལྡིང་ཆ་ཞིག་གསར་དུ་བསྐྲུན་པར་ཧ་ཅང་དགའ་བོ་བྱུང༌། ཅིའི་ཕྱིར་ཞེ་ན། ཁོ་བོ་རྒྱ་གར་དུ་སླེབས་ནས་བཟུང་ད་དབར་མི་ལོ་ཧྲིལ་པོ་བཅུ་ཙམ་གྱི་རིང་རྩོམ་ཡིག་འགྲན་བསྡུར་གྱི་ཆ་ཤས་ཤིག་གཏན་ནས་ལེན་ཐུབ་མ་སོང་ལ། དེ་ནི་ཕྱོགས་གཅིག་ནས་བཤད་ན། རང་ཉིད་ཀྱི་མི་གཞི་སྒྱུད་ལུག་དང་ལེ་ལོའི་དབང་འོག་ཏུ་ཚུད་དྲགས་པས་ཀྱང་ཡིན་རྒྱུ་རེད། ཡང་ཕྱོགས་གཞན་ཞིག་ནས་

དེ་ལས་མང་བ་། “གངས་རིའི་མགོན་པོ་དང༌། གངས་ཅན་པ།” »

སྣ་ཚོགས།

དོ་ནུབ།

Posted on 2019-07-09 By ཁ་བརྡ No Comments on དོ་ནུབ།

ཆང་སྐྱེས།

དོ་ནུབ་ཟླ་བ་དཀར་པོ་སྤྲིན་གྱིས་བསྒྲིབས།།
སྐར་མའི་ཚོགས་རྣམས་ཆར་ཆུའི་ཐིགས་པས་ཟག།
སུན་སྣང་ཁ་དབུགས་སྟུག་པོའི་ཀློང་རུམ་ན།།
མིག་ཆུ་དྲོན་མོ་ཞིག་ཀྱང་ཤོར་ནས་ཐལ།།

འབྲུག་སྒྲ་སང་སིང་རི་བོའི་རྩེ་ནས་མཆེད།།
གློག་དམར་ཀྱ་ཀྱུ་གནམ་སའི་མཚམས་ན་འཁྱུག།
སྒེའུ་ཁུང་ཆག་རོ་ཞིག་གི་འགྲམ་ངོགས་ན།།

དེ་ལས་མང་བ་། “དོ་ནུབ།” »

སྙན་ངག

ཆོས་དུང་ཚང་གི་བརྡ་ཁྱབ། 

Posted on 2019-07-09 By ཁ་བརྡ 1 Comment on ཆོས་དུང་ཚང་གི་བརྡ་ཁྱབ། 

སྐལ་བཟང་རྒྱ་མཚོ།
 
༄༅། །ཤེས་བྱ་རིག་པའི་གནས་ལ་བློ་གྲོས་ཀྱི་སྤྱན་དཀྱུས་མཆོག་ཏུ་ཡངས་པའི་བོད་ཀྱི་ཞིབ་འཇུག་པ་དང་། རྩོམ་པ་པོ། སློབ་གཉེར་བ་རྣམས་ཀྱི་སྙན་ལམ་དུ།

ཚང་མས་མཁྱེན་གསལ་ལྟར་མི་རིགས་ཆེན་པོ་དག་གི་སྐད་ཡིག་གི་ཤུགས་རྐྱེན་གྱིས་ཉིན་རེ་བཞིན་སྐད་ཡིག་ཆུང་ངུ་དག་ཡོད་པ་ནས་ཉམས་རྒུད་དང་། ཉམས་རྒུད་ནས་ག་ལེར་རྩ་མེད་མེད་དུ་འགྱུར་བཞིན་པ་ལྟར། དཔལ་འབྱོར་འབའ་ཞིག་གཙིགས་སུ་འཛིན་ཅིང་བརྡ་འཕྲིན་གྱི་འགྱུར་བ་ཧ་ཅང་རྒོད་པའི་དུས་སྐབས་འདིར་རང་ཅག་གི་སྐད་ཡིག་འདི་ཉིད་ཀྱང་ཉེན་ལྡན་སྐད་ཡིག་གི་གྲས་སུ་མི་ཚུད་པའི་ངེས་པ་ལར་ནས་མེད་ཅེས་སྨྲས་ཚེ།

དེ་ལས་མང་བ་། “ཆོས་དུང་ཚང་གི་བརྡ་ཁྱབ། ” »

གསལ་བསྒྲགས།

གོང་ས་༧མཆོག་གི་སྐུའི་འཁྲུངས་སྐར་ལ་ཕུལ།

Posted on 2019-07-072019-07-07 By ཁ་བརྡ 2 Comments on གོང་ས་༧མཆོག་གི་སྐུའི་འཁྲུངས་སྐར་ལ་ཕུལ།

ཞོ་ར་བསྟན་དར།

བདག་མེད་མི་རིགས་ཤིག་གི་བདེན་པ་བརྡར།།
གདུང་བའི་འགྲོ་བ་ཞིག་གི་སྡུག་བསྔལ་སེལ།།
རྒུད་པའི་རྒྱལ་ཁབ་ཅིག་གི་ཚེ་སྲོག་མཐུད།།
སྐྱབས་མགོན་མང་ཡང་སྐྱོབ་མཁན་ཁྱོད་ལས་མེད།།

བླ་སྤྲུལ་ཕལ་ཆེས་དཔོན་གྱི་རྫིག་ཉམས་གཡོར།།
ཧ་ཤང་རྣམས་ནི་ཐོབ་དང་གོ་སར་རྔམས།།

དེ་ལས་མང་བ་། “གོང་ས་༧མཆོག་གི་སྐུའི་འཁྲུངས་སྐར་ལ་ཕུལ།” »

སྙན་ངག

ཨ་རིའི་ནིའུ་ཡོག་ཏུ་སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བའི་སྦྱིན་གཏོང་ལས་འགུལ།

Posted on 2019-07-072019-07-12 By ཁ་བརྡ 2 Comments on ཨ་རིའི་ནིའུ་ཡོག་ཏུ་སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བའི་སྦྱིན་གཏོང་ལས་འགུལ།

གནས་ཚུལ་མཁོ་གཏོང་བ། བུ་རྒོད་པོ།

ཨ་རིའི་ནིའུ་ཡོག་ཏུ་རྟེན་གནས་སུ་ཡོད་པའི་ཞི་བདེ་ཀུན་ཁྱབ་གླིང་ཚོགས་པའི་གོ་སྒྲིག་འོག་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་བཞིར་ཕེབས་པའི་༧སྐུའི་འཁྲུངས་སྐར་སྐབས་སུ་རྒྱ་གར་དང་། བལ་ཡུལ། ཨ་རིའི་ནིའུ་ཡོག་སོགས་རྒྱལ་ཁབ་གསུམ་གྱི་མངའ་ཁུལ་དང་ས་གནས་མི་འདྲ་བ་ཉི་ཤུ་ལྷག་ཅིག་ཏུ་སྦྱིན་གཏོང་ལས་འགུལ་སྤེལ་ཡོད་པ་རེད་འདུག

དེ་ལས་མང་བ་། “ཨ་རིའི་ནིའུ་ཡོག་ཏུ་སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བའི་སྦྱིན་གཏོང་ལས་འགུལ།” »

གསར་འགྱུར།

༸སྐུའི་འཁྲུངས་སྐར།

Posted on 2019-07-072019-07-07 By ཁ་བརྡ No Comments on ༸སྐུའི་འཁྲུངས་སྐར།

རླུང་དམར།

ཁ་བ་གངས་རི འཕགས་མཆོག་སྤྱན་རས་གཟིགས་སྐུ་བལྟམས་པའི་གདུལ་ཞིང་ངོ་མ་དེ་ཡིན
མཁྱེན་པའི་མངའ་བདག དགུང་ལོ་བརྒྱད་ཅུ་གྱ་བཞིའི་དུས་དེ་རིང་ང་ཚོས་ཁྱེད་ཀྱི་འཁྲུངས་སྐར་བསུ
ཐུ་བྷོད་ཀྱི་ས་སྒང་ན་དད་པའི་ཉི་སྒུག་གིས་ཤ་ཟད་

དེ་ལས་མང་བ་། “༸སྐུའི་འཁྲུངས་སྐར།” »

སྙན་ངག

འཁྲུངས་སྐར་ཤིས་ཚིག

Posted on 2019-07-072019-07-07 By ཁ་བརྡ No Comments on འཁྲུངས་སྐར་ཤིས་ཚིག

བསྟན་འཛིན་རབ་རྒྱས།

མཇལ་བའི་གང་སྐུ་གཟི་བྱིན་སྟོང་འབར་མཁའ་ཁྱབ་ཀུན་གྱི་བརྗིད་མཆོག་ཉིད། །
ཐོས་པའི་གསུང་བཟང་བདུད་བརྩིའི་སྙིང་པོ་སྐྱེ་འགྲོ་ཡོངས་ཀྱི་དབྱངས་མཆོག་གོ། །
དཔོག་དཀའི་ཐུགས་བྱམས་ཟབ་རྒྱས་བདག་ཉིད་འགྲོ་བའི་མགོན་དཔུང་ཁོ་ན་མཆོག །
གང་ལའང་མེད་པའི་སྙིང་རྗེའི་བདག་ཉིད་༸རྒྱལ་དབང་མཆོག་

དེ་ལས་མང་བ་། “འཁྲུངས་སྐར་ཤིས་ཚིག” »

སྙན་ངག

ས་ཆེན་གྱི་ཞི་བདེའི་སྒྲོན་མེ། (སྐུའི་འཁྲུངས་སྐར་ལ་ཕུལ།)

Posted on 2019-07-072019-07-07 By ཁ་བརྡ 1 Comment on ས་ཆེན་གྱི་ཞི་བདེའི་སྒྲོན་མེ། (སྐུའི་འཁྲུངས་སྐར་ལ་ཕུལ།)

གཡུ་སྒང་དགེ་འདུན་གྱིས།

རྒྱལ་ཀུན་ཐུགས་བརྩེ་མ་ལུས་གཅིག་བསྡུས་པའི།།
འཕགས་མཆོག་མི་ཡི་རྣམ་རོལ་གང་དེ་ཡིས།།
གྲངས་མེད་འགྲོ་བའི་བདེ་སྡུག་མཐའ་དག་ཀུན།།
བདག་གིས་བཞེས་པར་མཛད་ལ་ཕྱག་འཚལ་ལོ།།

གཞལ་མེད་ཐུགས་དགོང་ལྷ་ལམ་ཡངས་པོའི་གྲོགས།།
རྣམ་དཔྱོད་བློ་གྲོས་མཚམས་སྤྲིན་གསར་བའི་མདངས།།

དེ་ལས་མང་བ་། “ས་ཆེན་གྱི་ཞི་བདེའི་སྒྲོན་མེ། (སྐུའི་འཁྲུངས་སྐར་ལ་ཕུལ།)” »

སྙན་ངག

གངས་ལྗོངས་ཀྱི་སྐར་མ་འོད་ཆེན། (ཏཱ་ལའི་བླ་མ་སྐུ་འཁྲུངས་ནས་དགུང་ལོ་ ༨༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་བསུ།)

Posted on 2019-07-072019-07-07 By ཁ་བརྡ No Comments on གངས་ལྗོངས་ཀྱི་སྐར་མ་འོད་ཆེན། (ཏཱ་ལའི་བླ་མ་སྐུ་འཁྲུངས་ནས་དགུང་ལོ་ ༨༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་བསུ།)

ཆབ་མདོ་ངག་ཕུན།

དེ་རིང་ནི།
གནམ་ལ་སྐར་མ་ཡག
བར་ལ་བསིལ་བུ་འཇམ།
ས་ལ་དུས་ཚོད་བཟང་།
བཟང་གསུམ་གྱི་རྟེན་འབྲེལ་ཉིན་མོར།

དེ་རིང་ནི།
ཁ་བ་གངས་ཅན་གྱི་ལྗོངས་ལ།
བདེ་སྐྱིད་ཀྱི་ཉི་འོད་ཤར།

དེ་ལས་མང་བ་། “གངས་ལྗོངས་ཀྱི་སྐར་མ་འོད་ཆེན། (ཏཱ་ལའི་བླ་མ་སྐུ་འཁྲུངས་ནས་དགུང་ལོ་ ༨༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་བསུ།)” »

སྙན་ངག

༧གོང་ས་མཆོག དུས་རབས་ཀྱི་སྟོན་པ་ལགས་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།

Posted on 2019-07-062019-07-06 By ཁ་བརྡ 4 Comments on ༧གོང་ས་མཆོག དུས་རབས་ཀྱི་སྟོན་པ་ལགས་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།

བྱམས་བརྩེ་དང་ཤེས་རབ་ཀྱིས་མི་སེམས་ལ་འོད་སྣང་སྦྱིན་པའི་སྐྱེས་བུ་ཆེན་པོ།
༧གོང་ས་མཆོག དུས་རབས་ཀྱི་སྟོན་པ་ལགས་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།
དགའ་ལྡན་བྱང་རྩེ་ཀླུ་འབུམ་ཁམས་ཚན་གྱི་འདུས་མང་ཡོངས་ནས་སྐུ་ཡི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

དེ་ལས་མང་བ་། “༧གོང་ས་མཆོག དུས་རབས་ཀྱི་སྟོན་པ་ལགས་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།” »

སྙན་ངག

སྟོན་པའི་ཞལ་པར་ཨང་གྲངས་དང་ཤཱ་རིའི་བུའི་སྐད་འཕྲིན། མོའུ་འགལ་བུའི་ངོ་དེབ་དང་འོད་སྲུང་ཆེན་པོའི་ཁྲུའི་ཁྲར། (མུ་འགོད)

Posted on 2019-07-032019-07-03 By ཡེ་ཤེས་ 11 Comments on སྟོན་པའི་ཞལ་པར་ཨང་གྲངས་དང་ཤཱ་རིའི་བུའི་སྐད་འཕྲིན། མོའུ་འགལ་བུའི་ངོ་དེབ་དང་འོད་སྲུང་ཆེན་པོའི་ཁྲུའི་ཁྲར། (མུ་འགོད)

ཀླུ་སྨྱོན།
(དུས་བསྣོལ་སྒྲུང་གཏམ)

སྔོན་ཆད་གཞན་གྱི་ཡིད་ལ་མ་ཤར་བ།།
འདི་འདྲ་གང་གིས་ཤེས་དེ་བློ་གྲོས་ལྡན།།
རྒན་པོ་རྣམས་ཀྱིས་ཡང་ཡང་རྣམ་དཔྱད་པའི།།
དོན་དེ་ཤེས་ཀྱང་དེ་ལ་ངོ་མཚར་མེད།།
ས་པཎ་ལ་བཙན་གྱིས་གཡར་བའི་ལུང་ཚིག

དེ་ལས་མང་བ་། “སྟོན་པའི་ཞལ་པར་ཨང་གྲངས་དང་ཤཱ་རིའི་བུའི་སྐད་འཕྲིན། མོའུ་འགལ་བུའི་ངོ་དེབ་དང་འོད་སྲུང་ཆེན་པོའི་ཁྲུའི་ཁྲར། (མུ་འགོད)” »

རྩོམ་རིག

འཇམ་མགོན་མི་ཕམ་པ་རྗེས་སུ་དྲན་དུ་ཕུལ་བའི་སྙན་ངག་འོད་གསལ་རྡོ་རྗེའི་སྲོག་གླུ་ཞེས་བྱ་བ།

Posted on 2019-07-02 By ཁ་བརྡ 4 Comments on འཇམ་མགོན་མི་ཕམ་པ་རྗེས་སུ་དྲན་དུ་ཕུལ་བའི་སྙན་ངག་འོད་གསལ་རྡོ་རྗེའི་སྲོག་གླུ་ཞེས་བྱ་བ།

རྫ་ཚེ་རིང་བཀྲ་ཤིས།

ལུག་ཁྱུ་དེད་ནས་རི་ལ་འགྲོ་མཁན་ཁྱུ་གཅིག་ཡོད།
གན་ཚོ་ཚང་མ་ངེད་ཀྱི་མེས་པོ་ཡང་མེས་ཡིན། །
དེ་ཚོ་བཤད་ན་ཤྭ་བ་རྐྱང་ཁྱུ་འབྲོང་རྒོད་ཡིན། །
རྫ་ལམ་དེད་ནས་ཇེ་མཐོ་ཇེ་མཐོར་ལ་མོ་རྒྱག །

བཞོ་ཟེའུ་ཁུར་ནས་སླས་འདབ་སྲུང་མཁན་ཚོ་གཅིག་ཡོད། །

དེ་ལས་མང་བ་། “འཇམ་མགོན་མི་ཕམ་པ་རྗེས་སུ་དྲན་དུ་ཕུལ་བའི་སྙན་ངག་འོད་གསལ་རྡོ་རྗེའི་སྲོག་གླུ་ཞེས་བྱ་བ།” »

སྙན་ངག

བསླབ་བྱའི་སྒྲུང་། བོང་བུའི་ཀླད་པ། 


Posted on 2019-07-012019-07-04 By ཁ་བརྡ 2 Comments on བསླབ་བྱའི་སྒྲུང་། བོང་བུའི་ཀླད་པ། 


རྟ་དབྱངས་ཀྱིས་བསྒྱུར།

བོང་བུའི་ཀླད་པ་ཟེར་བའི་སྒྲུང་འདི་སྤྲོ་སྣང་ངང་བཀླག་པར་ཞུ།

ནགས་ཚལ་ཞིག་ན་སེང་གེ་ཞིག་ཡོད། དེ་ལ་ཁྱི་སྤྱང་ཞིག་རོགས་པ་ཡོད།
དུས་ཀུན་ཁོ་གཉིས་མཉམ་དུ་རི་དྭགས་རྔོན་པར་སོང་། ཁྱི་སྤྱང་གིས་སེང་གེ་ལ་རི་དྭགས་གསོད་པར་ཕར་རྒྱུགས་ཚུར་རྒྱུགས་ཀྱིས་རོགས་བྱས།དེ་ནས་སེང་གེས་བསད་ཚར་བ་དང་ཁོང་གཉིས་ཀྱིས་མཉམ་ཟ་བྱེད་ཀྱི་ཡོད།

དེ་ལས་མང་བ་། “བསླབ་བྱའི་སྒྲུང་། བོང་བུའི་ཀླད་པ། 
” »

བརྩམས་སྒྲུང་།

གསེར་མདོག་ཅོད་པན་འཛམ་གླིང་རྒྱན་དུ་གྱུར།

Posted on 2019-07-012019-07-01 By ཁ་བརྡ 13 Comments on གསེར་མདོག་ཅོད་པན་འཛམ་གླིང་རྒྱན་དུ་གྱུར།

—རྗེ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་དུ།

འབྲིང་བ་འཇིགས་མེད།

༄༅།། ཕྱི་ལོ་ ༢༠༡༩ བོད་རབ་གནས་ས་ཕག་ལོ་འདི་ནི་འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོ་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ་ཧྲིལ་པོ་དྲུག་བརྒྱ་འཁོར་བའི་ལོ་ཡིན་པས། རྒྱལ་སྤྱིའི་རྗེ་ཙོང་ཁ་པའི་ལོ་ཞེས་དུས་དྲན་སྲུང་བརྩི་གནང་བཞིན་པ་ལྟར། རང་ཉིད་ཀྱིས་ཀྱང་དུས་དྲན་ཁྱད་པར་ཅན་འདིའི་ཆ་ཤས་བླངས་པའི་ཚུལ་དུ། ༸རྗེ་བདག་ཉིད་ཆེན་པོས་གསར་དུ་སྲོལ་བཏོད་མཛད་པའི་རི་བོ་དགེ་ལྡན་པའི་བསྟན་པ་འདི་ཉིད་འདས་པའི་ལོ་དྲུག་བརྒྱའི་རིང་ཇི་ལྟར་དར་ཞིང་རྒྱས་པའི་ཚུལ་ཆེ་ལོང་ཙམ་ཞིག་རྗེ་རིན་པོ་ཆེའི་འདས་ལོ་བརྒྱ་ཕྲག་རེ་རེ་

དེ་ལས་མང་བ་། “གསེར་མདོག་ཅོད་པན་འཛམ་གླིང་རྒྱན་དུ་གྱུར།” »

ལོ་རྒྱུས།

ཐའེ་ཝན་དུ་གཞི་རྒྱ་ཆེ་བའི་འབྲི་གུང་སྐྱོབ་པའི་རྗེས་དྲན་གྱི་མཛད་སྒོ་སྤེལ་བ།

Posted on 2019-07-012019-07-01 By ཁ་བརྡ 1 Comment on ཐའེ་ཝན་དུ་གཞི་རྒྱ་ཆེ་བའི་འབྲི་གུང་སྐྱོབ་པའི་རྗེས་དྲན་གྱི་མཛད་སྒོ་སྤེལ་བ།

གནས་ཚུལ་མཁོ་སྤྲོད་པ་མཛད་སྒོ་གོ་སྒྲིག་ཚོགས་ཆུང་།

རྒྱལ་བ་འབྲི་གུང་པའི་བསྟན་པའི་སྲོལ་གཏོད་མཁན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་འཕྲུལ་དུ་གྲགས་པ་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་རྗེས་དྲན་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་མཛད་སྒོ་སྣ་ཚོགས་པ་ཞིག་འཛམ་གླིང་ཡུལ་གྲུ་ཁག་གི་འབྲི་གུང་བཀའ་བརྒྱུད་ཀྱི་རྗེས་འཇུག་པ་ཡོངས་ནས་ལོ་རེ་བཞིན་སྤེལ་སྲོལ་ཡོད་པ་ལྟར།

དེ་ལས་མང་བ་། “ཐའེ་ཝན་དུ་གཞི་རྒྱ་ཆེ་བའི་འབྲི་གུང་སྐྱོབ་པའི་རྗེས་དྲན་གྱི་མཛད་སྒོ་སྤེལ་བ།” »

གསར་འགྱུར།

Posts pagination

Previous 1 … 91 92 93 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ཇ་ཁང་ནང་གི་བཀའ་ཤག (57)
  •        ཚན་རིག་གི་ཤེས་བྱ། (23)
  • ཕྱག་ན་པདྨོ། (19)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme