Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུད་མེད།

Posted on 2008-05-31 By lungrik No Comments on བུད་མེད།

ང་ནི་ཐོག་མ་ཡིན་ལ་མཐའ་མའང་ཡིན། ང་ནི་མཆོད་ཡུལ་དང་ནི་དམོད་ཡུལ་ཡིན། ང་ནི་སྨད་འཚོང་མ་དང་གྲུབ་ཆེན་མ། ང་ནི་སྐྱེད་མ་ཡིན་ལ་ཞབས་གསར་མ། ང་ནི་ཨ་མ་དང་ནི་བུ་མོ་སྟེ། ང་ནི་རང་གི་མ་ཡི་དཔུང་བ་ཡིན། ང་ནི་མོ་སྐམས་བུ་མང་ཨ་མ་དང་། ང་ནི་ཤུག་མོ་གཏན་དུ་མོ་ཧྲེང་ཡིན། ང་ནི་བཙས་མ་བུ་ཕྲུག་མ་སྐྱེས་མཁན། ང་ནི་བུ་སྐྱེས་ཟུག་རྔུར་བདེ་སྟེར་མ། ང་ནི་སྐྱེས་དམན་དང་ནི་ཁྱོ་ག་སྟེ། ང་རང་བཟོ་མཁན་རང་གི་ཕོ་སྐྱེས་ཡིན། ང་ནི་སོ་སོའི་ཕ་ཡི་ཨ་མ་དང་། ང་ནི་རང་གི་ཁྱོ་གའི་གཅུང་མོ་ཡིན། ང་ཡིས་གཡུག་པའི་བུ་ཕྲུག་ཁྱོ་གར་གྱུར་།…

དེ་ལས་མང་བ་། “བུད་མེད།” »

རྩོམ་རིག

གྲོགས་ལ་སྤྲིངས་པའི་འཕྲིན།

Posted on 2008-05-29 By དབང་ཕྱུག་ 5 Comments on གྲོགས་ལ་སྤྲིངས་པའི་འཕྲིན།

རྡོར་དབང༌།
ཤེས་རབ་མེ་ཡིས་མུན་པའི་ནགས།།
སྲེག་པར་སྤྲོ་ན་མཐོང་ཐོས་ཀྱི།།
ནོམ་པ་གསོག་པར་བྲེལ་སྟབས་ཀྱིས།།
འཇུག་ལ་ཕྱི་བཤོལ་དུས་ཀྱིས་གཏུགས།།

དུས་དང་བསྐལ་བའི་བར་དག་ཅི།།
ཉིན་དང་ཟླ་བས་ཟུངས་འཛད་དེ།།
འཆི་ལམ་སྙེགས་པའི་གད་སྙིགས་ཚོགས།།
གཅེས་པར་མ་འཛིན་རིགས་ཀྱི་བུ།།

དེ་ལས་མང་བ་། “གྲོགས་ལ་སྤྲིངས་པའི་འཕྲིན།” »

སྙན་ངག

རྗེས་དྲན་གྱི་ཉིན་མོ་ཞིག་དགོས།

Posted on 2008-05-28 By དགེ་རབ་ No Comments on རྗེས་དྲན་གྱི་ཉིན་མོ་ཞིག་དགོས།

༄༅༎ ཉིན་ཤས་སྔོན་ཨ་མི་རི་ཀར་ “རྗེས་དྲན་ཉིན་མོ་”ཞེས་པའི་དུས་དྲན་དེ་སྲུང་བརྩི་བྱས་པ་རེད། རྗེས་དྲན་གྱི་ཉིན་མོ་འདི་ནི་ལོ་རེའི་ཟླ་བ་ལྔ་བའི་རེས་གཟའ་ཟླ་བ་མཐའ་མ་དེ་ནམ་ཡིན་ལ་བྱེད་ཀྱིན་ཡོད་ཟེར། དེ་ནི་རྒྱལ་ཁབ་ཀྱི་དོན་དུ་ཚེ་སྲོག་ཤོར་བའི་དམག་མི་རྣམས་ལ་རྗེས་དྲན་བྱེད་ཆེད་རེད་ཅེས་ཟེར། ཐོག་མར་འདི་ནི་ཨ་རིའི་ཡུལ་དམག་གི་སྐབས་སུ་བྱུང་ཡོད་ལ། ཕྱིས་སུ་དམག་ཆེན་དང་པོའི་སྐབས་ནས་རྒྱ་བསྐྱེད་བྱས་པ་རེད་ཟེར།

རང་གི་རྒྱལ་ཁབ་ཀྱི་དོན་དུ་ཚེ་སྲོག་བཏང་བའི་དཔའ་བོ་དང་དཔའ་མོ་རྣམས་ལ་རྗེས་དྲན་བྱེད་པ་ནི་ཡ་རབས་དང་། གུས་ཞབས། འོས་པོ་ཞིག་ཡིན་པ་ནི་སྨོས་མ་དགོས།

དེ་ལས་མང་བ་། “རྗེས་དྲན་གྱི་ཉིན་མོ་ཞིག་དགོས།” »

རྩོམ་རིག

ཚེ་ཏན་ཞབས་དྲུང་ཚང་གི་ཡི་གེ་ཞིག

Posted on 2008-05-272008-05-27 By དགེ་རབ་ No Comments on ཚེ་ཏན་ཞབས་དྲུང་ཚང་གི་ཡི་གེ་ཞིག

༄༅༎ ཀུན་གཟིགས་ཐམས་ཅད་མཁྱེན་པའི་སྙན་དྲུང་དུ། གུས་ཞུ། ཐམས་ཅད་མཁྱེན་པ་ཉིད་ནས་རང་རེ་བོད་གངས་ཅན་གྱི་མི་རིགས་སྤྱི་དང་། ཁྱད་པར་དུ་མཚོ་སྔོན་དང་། ཀན་སུའུ། ཟི་ཁྲོན་གསུམ་གྱི་ཞིང་ཆེན་ན་འཁོད་པའི་ཨ་མདོ་བོད་རིགས་རྣམས་སྔོན་ཐོན་མི་རིགས་རྣམས་དང་འདྲ་བར་རིག་གནས་ཡོན་ཚད་མཐོ་རུ་བཏེགས་ནས་ཚན་རིག་ལག་བསྟར་བྱེད་ཐུབ་པ་བྱ་དགོས་ན། བོད་རང་རྐྱང་གི་སློབ་གྲྭ་ཆེན་མོ་ཞིག་ངེས་པར་འཛུགས་དགོས། དེ་མིན་ནུབ་བྱང་མི་རིགས་སློབ་གྲྭ་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ལྟ་བུ་ཡིན་ན། རྒྱ་རིགས་རྣམས་ཀྱིས་དབང་བཟུང་བའི་འོག་ཏུ་བོད་ཡིག་སློབ་ཚུལ་རྣམས་ནི་གཟུགས་བརྙན་ཁོ་ན་ལས་བོད་རང་གི་སྐད་ཡིག་གོང་འཕེལ་དུ་འགྲོ་ཐབས་མེད། དཔེར་ན་དགེ་རྒན་རྒྱ་མི་བོད་ཡིག་ཅུང་ཟད་ཤེས་ལ་བོད་སྐད་གདངས་མི་ཐོན་པ་དག་གིས་འབྲོག་ཕྲུག་ཚོར་ཀ་ཁ་དང་སུམ་རྟགས་སློབ་པ་ལྟ་བུ་སྟེ། དེ་ནི་ཚུལ་དང་མཐུན་པ་ཞིག་ག་ལ་ཡིན། འདི་འདྲའི་སྣང་ཚུལ་ཞིབ་པར་ཞུས་ན་ཚིག་ཉུང་ངུ་ཞིག་གིས་ཞུས་པས་མི་ཚར། དེ་དོན་ཐུག་ལ་ངེས་པར་བསྣམ་རྒྱུ།…

དེ་ལས་མང་བ་། “ཚེ་ཏན་ཞབས་དྲུང་ཚང་གི་ཡི་གེ་ཞིག” »

སྣ་ཚོགས།

དགེ་བཤེས་བློ་བཟང་དགེ་འདུན་དགོངས་པ་རྫོགས་པ།

Posted on 2008-05-252008-05-25 By དགེ་རབ་ No Comments on དགེ་བཤེས་བློ་བཟང་དགེ་འདུན་དགོངས་པ་རྫོགས་པ།

༼ང་ཚོའི་གྲོགས་པོ་མང་པོ་ཞིག་གིས་དགེ་བཤེས་བློ་བཟང་དགེ་འདུན་མཇལ་མྱོང་ཐོས་མྱོང་ཡོད་པ་བཞིན་དེ་རིང་གནས་ཚུལ་འདི་ དྲ་ཤོག་ http://zw.tibetculture.net འདི་ནས་མཐོང་བྱུང་བ་བསྐྱར་སྤེལ་བྱས་པ་ཡིན་ལ། དགེ་བཤེས་ལགས་ཀྱི་བཞེད་དགོངས་ཡིད་བཞིན་འགྲུབ་པའི་སྨོན་ལམ་ཞུའོ༎༽ ལྷ་རམས་པ་བློ་བཟང་དགེ་འདུན་ནི་ཨ་མདོ་གཅན་ཚ་ནས་༡༩༦༥ལོར་འཁྲུངས་ཤིང་།དགུང་ལོ་བཅུ་དྲུག་སྟེང་རབ་ཏུ་བྱུང་བ་དང་བླ་བྲང་བཀྲ་ཤིས་འཁྱིལ་ནས་མདོ་སྔགས་གཉིས་ཀྱི་གཞུང་ལ་འཇུག་པའི་མགོ་བརྩམས། དགུང་ལོ་ཉི་ཤུར་ཉེ་བའི་སྐབས་སུ་ཆོས་ཀྱི་ཡིད་ཡེ་ནས་མ་ཚིམ་པར་རྒྱ་གར་ལ་འགྲོ་བའི་རེ་འདུན་དང་བཅས་འཕགས་ཡུལ་གྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་སྔ་གཞུག་ཏུ་ཚོགས་རམས་པ་དང་ལྷ་རམས་པའི་དམ་བཅའ་མཛད་ནས་གཞུང་བཀའ་པོད་ལྔ་ལ་གཞན་ལས་ལྷག་པར་སྦྱངས། ༢༠༠༥ལོར་ལཱ་མོ་ཡོངས་འཛིན་ལུང་རྟོག་རྒྱ་མཚོ་མཆོག་གི་བཀའ་ལུང་ལྟར་མདོ་སྨད་ཁྲི་ཤོར་རྒྱལ་མོའི་ཉེ་འདབས་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་དུ་ཕེབས་ནས་གདུལ་བྱ་མང་དུ་སྐྱོང་བ་དང་དགོན་པ་དོ་དམ་བྱེད་པའི་འགན་གཉིས་གཅིག་ལྕོགས་སུ་བཞེས།ལོ་ངོ་གཉིས་རིང་ལ་ལཱ་མོ་བདེ་ཆེན་དགོན་དང་ཐར་ཤུལ་དགོན་གཉིས་སུ་རེས་མོས་ངང་སློབ་ཁྲིད་མཛད་དེ་གདུལ་བྱ་མང་པོའི་སྐོམ་པའི་གདུང་བ་ཡོངས་སུ་སེལ་བར་བྱས།ཡིན་ནའང་སྙིང་རྗེ་དང་བྲལ་བའི་འཆི་བདག་གིས་ལོ་ངོ་གཉིས་རིང་ཁོང་ཉིད་ལ་གཙེས་ནས་མ་བཏང་བས་མཐར་སྨན་བཅོས་སོགས་བྱེད་ཐབས་སྣ་ཚོགས་སྤྱད་ཀྱང་མ་ཕན་པས།ཡིད་སེམས་ཕངས་པ་ཞིག་ལ་སྤྱི་ལོ༢༠༠༨་ལོའི་ཟླ་༥་པའི་ཚེས༢༡་ཉིན(ལུགས་རྙིང་ཟླ༤པའི་ཚེས༡༧)རྒྱལ་ནང་གི་ཏ་ལེན་གྲོང་ཁྱེར་དུ་ང་ཚོ་དང་གཏན་དུ་བྲལ་སོང་ངོ་།

གསར་འགྱུར།

ལྷ་མེད། དད་མེད་ལ་རྣམ་རྟོག་ཅིག་ཡོད་དམ།

Posted on 2008-05-24 By དགེ་རབ་ No Comments on ལྷ་མེད། དད་མེད་ལ་རྣམ་རྟོག་ཅིག་ཡོད་དམ།

ཚེ་རིང་དོན་གྲུབ།

ཟླ་༥ཚེས་༡༢ཉིན་རྒྱ་ནག་གི་ཞིང་ཆེན་ཟི་ཁྲོན་ནང་ས་ཡོམ་གྱི་ཚད་རིམ་༧་༩ཅན་གྱི་ས་འགུལ་ཆེན་པོ་ཞིག་རྒྱབ་འདུག རྒྱ་ནག་གཞུང་འབྲེལ་ཞིན་ཧྰ་གསར་ཁང་གིས་གནས་ཚུལ་སྤེལ་པར། ས་ཡོམ་འདིའི་ནང་མི་ཁྲི་ལྔ་སྟོང་ལྔ་ལས་མང་བ་ཤི་བ་དང་མི་འབུམ་གཅིག་དང་ཁྲི་བདུན་ལ་རྨས་སྐྱོན་བྱུང་བ། མི་ས་ཡ་ལྔ་ཙམ་ལ་ཁྱིམ་མེད་དུ་གྱུར་ཡོད་ཚུལ་བཀོད་འདུག དོན་རྐྱེན་འདི་ནི་མའོ་ཙེ་ཏུང་དང་ཀྲུའུ་ཨེར་ལེན་འདས་གྲོངས་སོང་བའི་ལོ་དེ། ཕྱི་ལོ་༡༩༧༦ ལོ་རྒྱ་ནག་གི་བྱང་ཤར་ཐང་ཧྲིན་ནང་ས་ཡོམ་རྒྱབ་ཏེ་མི་འབུམ་གཉིས་ཁྲི་བཞི་ཙམ་ཤི་བའི་རྐྱེན་ངན་རྗེས་ཀྱི་གོད་ཆགས་ཆེ་ཤོས་དེ་རེད། ད་ཐེངས་ཀྱི་ས་ཡོམ་འདི་ལ་རྐྱེན་བྱས་ལྷ་མེད། ཆོས་མེད། དད་མེད། འདྲེ་མེད། དངོས་གཙོ་རིགས་ལུགས་པ་ཚོ་རྣམ་རྟོག་གི་ཚ་རླབས་ཤིག་འཕྱུར་བཞིན་འདུག

དེ་ལས་མང་བ་། “ལྷ་མེད། དད་མེད་ལ་རྣམ་རྟོག་ཅིག་ཡོད་དམ།” »

རྩོམ་རིག

༄༅། །ཕྱོགས་ལས་རྣམ་རྒྱལ་སེང་དར་མཁའ་ལ་སྐྱོད།

Posted on 2008-05-242008-05-24 By དབང་ཕྱུག་ No Comments on ༄༅། །ཕྱོགས་ལས་རྣམ་རྒྱལ་སེང་དར་མཁའ་ལ་སྐྱོད།

ཆབ་བྲག་ལྷ་མོ་སྐྱབས།
དགའ་ལྡན་ཕོ་བྲང་ངམ་དགེ་ལུགས་པས་དབང་བསྒྱུར་བའི་ཆབ་སྲིད་ལམ་ལུགས་འདི་དོན་དངོས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱུང་གི་ཆོས་སྲིད་དབང་ཐང་ལ་རག་ལས་ནས་གནས་པ་ཞིག་ཡིན་མོད་ཀྱང། དེ་ཡང། ཐོག་མར་དགེ་ལུགས་པར་དད་བཀུར་ཆེ་བའི་སོག་པོའི་སྦྱིན་བདག་གུཤྲི་བསྟན་འཛིན་ཆོས་རྒྱལ་དཔུང་ཤུགས་ཀྱིས་སྐབས་དེར་ཚུལ་མིན་ལུགས་མིན་བྱེད་པའི་གཙང་སྡེ་སྲིད་ཕམ་པར་བརྒྱབ་ནས་དབང་ཐང་ཡོད་ཚད་༧གོང་ས་ལྔ་བ་ཆེན་པོར་ཕུལ་བ་སྟེ། དགེ་ལུགས་པའམ་ཏཱ་ལའི་བླ་མ་རང་ངོས་ནས་སྲིད་དབང་འཐབ་རྩོད་བྱས་ནས་དབང་ཆ་འཕྲོག་པ་ཞིག་མིན་པས་དགའ་ལྡན་ཕོ་བྲང་དབུ་བརྙེས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རང་བཞིན་གཙང་བའི་ཐོག་ལ། རྩ་བའི་མཐུན་རྐྱེན་ཁྱད་པར་པ་ལྔ་ཚང་བ་སྟེ། གཅིག་ནས་ཏཱ་ལའི་བླ་མ་རང་ཉིད་ལ་ཐུན་མོང་མ་ཡིན་པའི་མཁྱེན་ཡོན་མཐུ་སྟོབས་ཤིག་ཡོད་པ་དང། གཉིས་ནས་༧གོང་ས་ལྔ་བ་ཆེན་པོས་ཆོས་བརྒྱུད་རིས་མེད་ཀྱི་ཐབས་མཁས་མཛད་པས་ཆོས་བརྒྱུད་གང་ལ་ཡང་ཕོག་ཐུག་གཏོང་མི་ཆོག་པར་ཕན་ཚུན་མཛའ་འབྲེལ་ངང་གནས་དགོས་པའི་ཁྲིམས་སྲོལ་རྒྱུུན་འཁྱོངས་གནང་བ་དང༌། གསུམ་ནས་བོད་མི་ཕལ་མོ་ཆེས་དགེ་ལུགས་པའི་ཆོས་བརྒྱུད་ལ་དད་བཀུར་བྱེད་པས་མི་དམངས་ཀྱི་རྒྱབ་རྩ་བརྟན་པ་དང༌། བཞི་ནས་ཏཱ་ལའི་བླ་མའི་ཡང་སྲིད་ཁྲིར་མ་ཕེབས་པའི་བར་ལ་རྒྱལ་ཚབ་དང་བཀའ་ཤག་ནས་འཛིན་སྐྱོང་བརྟན་སྲུང་གནང་བའི་འཛིན་སྐྱོང་ལམ་ལུགས་བརྟན་པ་དང༌། ལྔ་ནས་སོག་པོ་དང་རྒྱ་ནག་གོང་མ་རིམ་པའི་བར་ལ་མཆོད་ཡོན་གྱི་འབྲེལ་ལམ་ཟབ་པ་བཅས་ཀྱིས་དགའ་ལྡན་ཕོ་བྲང་བའི་ཆབ་སྲིད་ཡུན་རིང་ཕྱོགས་ལས་རྣམ་པར་རྒྱལ་པར་གྱུར།

དེ་ལས་མང་བ་། “༄༅། །ཕྱོགས་ལས་རྣམ་རྒྱལ་སེང་དར་མཁའ་ལ་སྐྱོད།” »

གསར་འགྱུར།

གསང་ཆེན་ཉམས་རྟོགས་ཀྱི་སྲོལ་འབྱེད་ཆེན་མོ་བྷི་ལ་བ་སི་ཀི།

Posted on 2008-05-242008-05-24 By དབང་ཕྱུག་

ཤེས་རབ་དར་རྒྱས།

ཉེ་བའི་ཆར་ཁོ་བོས་ལས་ཀའི་བར་སྟོང་འགར་ངལ་བསོའི་ཚུལ་དུ་གཏམ་རྒྱུད་གསེར་ཐང་ལས་དུམ་བུ་འགའ་བསྐྱར་དུ་བཀླགས། དགེ་ཆོས་ཀྱིས་ནམ་ཞིག་ན་བོད་ལ་ཆེས་གསར་བར་གྱུར་པའི་གནས་ཚུལ་ཞིག་ངོ་སྤྲོད་འདི་ལྟར་བྱས་འདུག། “འདི་དང་འདྲ་བའི་ཆོས་ལུགས་གསར་པ་གཞན་ཞིག་ཀྱང་བྱུང༌། དེའི་རྩ་བ་འཛུགས་མཁན་ནི་ཨུ་རུ་སུའི་བུད་མེད་བ་ལ་བ་སི་ཀི་བྱ་བ་ཡིན། འདི་ནི་རང་བྱུང་གི་རྣལ་འབྱོར་མ་ངོ་མཚར་ཅན་ཞིག་ཡིན་སྙམ་ཞིང༌། གང་ལྟར་ཡང་རྫུ་འཕྲུལ་ཐོབ་པ་ཞིག་ཡིན། བྱིས་པའི་དུས་ནས་བོད་ཀྱི་བླ་མ་མུ་ར་བྱ་བ་དང༌། སྐུ་ཐུ་མེད་བྱ་བ་གཉིས་ཀྱིས་རྨི་ལམ་དུ་རྗེས་སུ་བཟུང༌། དེ་ནས་ཇི་ཞིག་ན་ཞལ་གཟིགས་ཀྱི་རྣམ་པ་དང༌། མཐར་དངོས་སུ་མཇལ་ཏེ་མི་དང་མི་བཞིན་ལབ་ཅིང༌། དོན་ཕྲ་རགས་ཐམས་ཅད་ཀྱི་བསླབ་བྱ་བྱས། དེ་དག་གི་ལོ་རྒྱུས་རྒྱས་པ་རྣམས་ཞིབ་ཏུ་བཀླགས་ཚེ། རེ་ལས་ཀྱི་རྡོ་རྗེ་ལ་བྱུང་བའི་གསང་བདག་ཀྱང་དྲན་སྙམ་བྱེད། རེ་རྗེ་བཙུན་རྒ་ལོ་ལ་བྱུང་བའི་རྒྱལ་གདོན་དེ་དང་ཡང་འདྲ་སྙམ་པ་བྱེད། ཁ་ཚོན་གང་དུ་གཅོད་དགོས་པ་མ་ཤེས།

དེ་ལས་མང་བ་། “གསང་ཆེན་ཉམས་རྟོགས་ཀྱི་སྲོལ་འབྱེད་ཆེན་མོ་བྷི་ལ་བ་སི་ཀི།” »

རྩོམ་རིག

ཁུ་སིམ་སིམ་དེ་སླར་ལོག་བྱུང་། སྐྱོ་སེང་བ་དེ་གཏན་དུ་གནས་བྱུང་།

Posted on 2008-05-232008-05-23 By དགེ་རབ་ No Comments on ཁུ་སིམ་སིམ་དེ་སླར་ལོག་བྱུང་། སྐྱོ་སེང་བ་དེ་གཏན་དུ་གནས་བྱུང་།

ཨེན་ཌི་ཪིའོ་ ཇེ་ཁོབ་ཀྱིས་བརྩམས། ནིའུ་ཡོག་དུས་བབ་སྟེང་ ༢༠༠༨ ལོའི་ཟླ་ ༥ ཚེས་ ༢༣ ཉིན་བཀོད།

ལྷུང་ལྷུང་དུ་འབབ་པའི་མཱིན་གཙང་པོ་ནི་འདམ་རྙོག་དང་བཅས་གཤམ་གྱི་གྲོང་གསེབ་དེ་བརྒྱུད་ནས་རི་ངོགས་སུ་ཡར་སོང་། རླུང་བུ་ཞིག་གིས་གནའ་བོའི་གཱིན་གོ་༼ ginkgoes༽སྡོང་པོའི་ལོ་མ་རྣམས་བཙན་གྱིས་དེད། གཡས་གཡོན་དུ་ཐག་རིང་ནས་ཐོས་པའི་ཉེན་བརྡའི་སིར་སྒྲ་རྣམས་ཞི་འཇགས་ཁྲོད་དུ་ཟུག་པར་གྱུར།

སྒྲ་གཞན་དག་ཅིག་ཐོས་པ་ནི་ ཝང་ ཀྲུང་ཆིན་གྱི་རྐང་འོག་ན་ཡོད་པའི་ས་ཕག་ཆག་རོའི་སྒྲ་ཡིན་ཅིང་། གྲོང་ཁྱེར་འདིའི་ཐོད་ན་ཆགས་པའི་ལོ་ངོ་ ༡༥༠༠ ཅན་གྱི་རྒྱལ་པོ་གཉིས་ཀྱི་ལྷ་ཁང་གི་ཆག་རོ་དག་ནས་ཡོང་བ་རེད། ཁོའི་མཐའ་སྐོར་ཚང་མར་ཧོན་འཐོར་བའི་ཆག་འཇིག་གི་རྣམ་པ་སྟེ། རྩིག་རྡོས་དུམ་བུར་བཏང་བའི་ཟངས་ཀྱི་སྤོས་གཞོང་ཆེན་པོ་ཞིག་དང་། གནའ་བོའི་ལྷ་ཁང་གི་རྒྱ་ཕིབས་འཐོར་བཤིག་སོང་བ། རྐེད་པ་ནས་ཆག་པའི་དགོན་པའི་སྲུང་མའི་རྡོ་སྐུ་བཅས་ཡོད་ལ། རྡོ་སྐུ་དེ་ནི་བཤད་སྲོལ་ལ་རྒྱ་ནག་ནང་གི་རྙིང་ཤོས་ཤིག་རེད་ཟེར།

དེ་ལས་མང་བ་། “ཁུ་སིམ་སིམ་དེ་སླར་ལོག་བྱུང་། སྐྱོ་སེང་བ་དེ་གཏན་དུ་གནས་བྱུང་།” »

གསར་འགྱུར།, འགྱུར་རྩོམ།

རྡ་སའི་སྨྱུག་མིང་ཁྲོམ་ར།

Posted on 2008-05-232008-05-23 By དབང་ཕྱུག་ 5 Comments on རྡ་སའི་སྨྱུག་མིང་ཁྲོམ་ར།

ཨ་མྱེས་བྱ་ཁྱུང༌།
གཞིས་བཞུགས་པ་ཁག་ཅིག་ནས་འདོན་སྤེལ་གནང་མུས་༼ད་ལྟ་བ༽དུས་དེབ་ནི་ཕྱི་ལོ་ ༢༠༠༥ ལོར་གཞི་ནས་འདོན་མགོ་ཚུགས་པའི་དུས་དེབ་ཅིག་རེད་དེ། དེའི་འགྲེམས་རྒྱའི་ཁོར་ཡུག་ནི་བོད་ཀྱི་ལོ་རྒྱུས་ནང་འགྲེམས་རྒྱུག་ཆེ་ཤོས་ཡིན་པའི་དུས་དེབ་༼སྦྲང་ཆར༽ ལས་ཀྱང་བརྒལ་བཞིན་འདུག་ཟེར། འདི་ནི་༼ད་ལྟ་བ་༽ཀློག་མཁན་སྐོར་ཞིག་དང༌། ༼ད་ལྟ་བ༽དུས་དེབ་ཀྱི་རྩོམ་སྒྲིག་པར་ངོ་མཇལ་གྱིས་གླེང་མོལ་བརྒྱུད་ཤེས་རྟོགས་བྱུང༌། རེད། ངས་༼ད་ལྟ་བ་༽དུས་དེབ་ཀྱི་འདོན་ཐེངས་ཚང་མ་བཀླགས་པ་ཡིན། དེ་ནི་དུས་དེབ་གཞན་གང་དང་ཡང་འདྲ་ས་རྙེད་དུ་མེད་པར། རང་ཉིད་ཀྱི་ཁྱད་ཆོས་དམིགས་བསལ་བ་ཞིག་གིས་རྒྱབ་མདུན་ཆ་ཚང་ཡུག་གཅིག་ཏུ་སྦྲེལ་ནས་འདུག་པ་དེས་ཀློག་མཁན་མང་པོའི་དྭང་བ་འདྲེན་པ་ཞིག་ཏུ་གྲུབ་འདུག

དེ་ལས་མང་བ་། “རྡ་སའི་སྨྱུག་མིང་ཁྲོམ་ར།” »

རྩོམ་རིག

རྒྱལ་བ་རིན་པོ་ཆེའི་བཀའ་སློབ། ༼ཚན་འགོད་གསུམ་པ༽

Posted on 2008-05-222008-05-22 By དབང་ཕྱུག་ No Comments on རྒྱལ་བ་རིན་པོ་ཆེའི་བཀའ་སློབ། ༼ཚན་འགོད་གསུམ་པ༽

བསྡུ་འགོད་པ་ཨ་མྱེས་བྱ་ཁྱུང༌།

དེ་འདྲ་རྩ་བ་ནས་བྱེད་རྒྱུ་མེད།

མདོ་སྟོད་སྨད་ཁུལ་གྱི་རྩྭ་ཐང་དང༌། འབྲོག་ས་ས་ཁུལ་ཁ་ཤས་ལ་རྩྭ་ས་ཆུ་སའི་དོན་དག་ཆུང་ཆུང་ཐོག་ནང་ཚག་རྒྱག་རེས་རྒྱབ་སྟེ་ཁ་ཤས་གསོད་རེས་ཀྱང་ཡོང་གི་ཡོད་ས་རེད། ང་ཚོ་བོད་པ་རྣམས་རྒྱ་མིའི་སྡུག་སྦྱོང་འདི་ལྟ་བུའི་འོག་གནས་བཞིན་དུ་ང་རང་ཚོ་ནང་ཁུངས་སྒེར་གྱི་འཚོ་བའི་གནས་སྟངས་ཕྲན་བུ་དྲག་ཏུ་ཕྱིན་པའི་དོན་རྩ་ཕྲ་མོ་ཞིག་གི་ཆེད་དུ་ནང་ཚག་རྒྱག་རེས་བརྒྱབ། གསོད་རེས་གཏོང་བ་ནི་ཤིན་ཏུ་ངོ་ཚ་པོ་དང༌། ཐབས་སྡུག་པོ་རེད། དེ་འདྲ་རྩ་བ་ནས་བྱེད་རྒྱུ་མེད། ངས་འདི་འདྲ་ཟེར་གྱི་འདུག་ཅེས་ཁྱེད་རང་ཚོ་གཅིག་ལ་གཉིས་བརྒྱུད་ཀྱིས་ཤོད་དགོས། དེ་ཚོ་ཡག་པཽ་ཁྱོན་ནས་མི་འདུག

དེ་ལས་མང་བ་། “རྒྱལ་བ་རིན་པོ་ཆེའི་བཀའ་སློབ། ༼ཚན་འགོད་གསུམ་པ༽” »

སྣ་ཚོགས།

ྋགོང་ས་མཆོག་གི་བཀའ་སློབ། ༼ཚན་འགོད་གཉིས་པ༽

Posted on 2008-05-222008-05-22 By དབང་ཕྱུག་ 1 Comment on ྋགོང་ས་མཆོག་གི་བཀའ་སློབ། ༼ཚན་འགོད་གཉིས་པ༽

བསྡུ་འགོད་པ་ཨ་མྱེས་བྱ་ཁྱུང༌།

སོ་སོའི་རིག་གཞུང་སོ་སོས་ཉམས་དམས་བཏང་ན་ཐབས་སྐྱོ་པོ་ཡིན།
བོད་ཀྱི་ས་ཁུལ་ཁ་ཤས་ནང་རི་དྭགས་རྔོན་པ་རྒྱག་མཁན་ཡོད་འདུག དེ་ནི་ཧ་ཅང་ཐབས་སྡུག་གི་བྱ་བ་རེད། ང་རང་ཚོ་བོད་མི་རིགས་ཀྱི་རིག་གཞུང་ནི་ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་ལྟར། བསླབ་བྱ་གཙོ་བོ་འཚེ་བ་མི་བྱེད་པ་དང༌། བྱམས་བརྩེ་བྱེད་དགོས་པ་བསྟན་ཡོད། སྔར་བོད་ཀྱི་ཡུལ་ལུང་གང་སར་རི་རྒྱ་ཀླུང་རྒྱ་བསྡམས་ཏེ་སྲོག་ཆགས་གང་བྱུང་བསད་ཆོག་གི་མེད། བོད་པའི་གོམས་གཤིས་ཡ་རབས་སྤྱོད་བཟང་འདི་ཧ་ཅང་གལ་ཆེན་པོ་ཡིན། དེང་སང་འཛམ་བུ་གླིང་ཐོག་ནས་བོད་པར་དོ་སྣང་དང༌། དགའ་པོ་བྱེད་པའི་རྒྱུ་མཚན་རྩ་བ་གཅིག་བོད་ཀྱི་རིག་གཞུང་ལ་ཐུག་ཡོད། བོད་ཀྱི་རིག་གཞུང་གི་སྙིང་དོན་འཚེ་མེད་ཞི་བ་དང༌། བྱམས་བརྩེའི་རང་བཞིན་ལྡན་པ་ཞིག་ཡིན་པས་སོ་སོའི་རིག་གཞུང་སོ་སོས་ཉམས་དམས་བཏང་ན་ཐབས་སྐྱོ་པོ་ཡིན། ནོར་བུ་རང་གི་ལག་པར་ཡོད་པ་འདི་རྩ་ཆེ་ཡིན་པ་ངོ་ཤེས་པ་བྱས་ནས་བདག་པོ་རྒྱག་ཐུབ་པ་བྱེད་དགོས།

དེ་ལས་མང་བ་། “ྋགོང་ས་མཆོག་གི་བཀའ་སློབ། ༼ཚན་འགོད་གཉིས་པ༽” »

སྣ་ཚོགས།

ྋགོང་ས་མཆོག་གི་བཀའ་རྩོམ།

Posted on 2008-05-222008-05-22 By དབང་ཕྱུག་ No Comments on ྋགོང་ས་མཆོག་གི་བཀའ་རྩོམ།

སྣོད་བཅུད་རྟེན་འབྱུང་དང་འབྲེལ་བའི་གདམས་ངག་ཉུང་ངུའི་ཚིགས་བཅད་དུ་བསྡེབས་པ་དགེ
ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་མཛད།

ཇི་སྙེད་སྣོད་བཅུད་འཁོར་འདས་བརྟན་གཡོའི་ཆོས།།
ཀུན་ཁྱབ་རྟེན་འབྱུང་གནས་ལུགས་ལེགས་གཟིགས་ནས།།
བརྩེ་ཆེན་ཐུགས་རྗེས་འགྲོ་ལ་འདོམས་མཁས་པ།།
མཉམ་མེད་བུ་རམ་ཤིང་པས་དགེ་ལེགས་སྩོལ།།

དེ་ལས་མང་བ་། “ྋགོང་ས་མཆོག་གི་བཀའ་རྩོམ།” »

རྩོམ་རིག

༧རྒྱལ་བ་རིན་པོ་ཆེས་ཨོ་ལིམ་པིག་རྩེད་འགྲན་ལ་གདན་འདྲེན་ཞུ་རྒྱུར་ཐུགས་རེ་གནང་།

Posted on 2008-05-212008-05-21 By དགེ་རབ་ 1 Comment on ༧རྒྱལ་བ་རིན་པོ་ཆེས་ཨོ་ལིམ་པིག་རྩེད་འགྲན་ལ་གདན་འདྲེན་ཞུ་རྒྱུར་ཐུགས་རེ་གནང་།

༧རྒྱལ་བ་རིན་པོ་ཆེས་དབྱིན་ཡུལ་དུ་ཉིན་ ༡༢ རིང་གི་གཟིགས་སྐོར་གནང་བཞིན་པ།LONDON, England (CNN) – ༧རྒྱལ་བ་རིན་པོ་ཆེས་གལ་སྲིད་ཁོང་ཉིད་གདན་འདྲེན་ཞུས་པ་ཡིན་ན། པེ་ཅིན་གྱི་དབྱར་ཁའི་ཨོ་ལིམ་པིག་རྩེད་འགྲན་ལ་ཞུགས་རྒྱུར་ “དགའ་སྤྲོ་”ཡོད་ཅེས་གསུངས་པ་རེད།
སྐྱབས་བཅོལ་བོད་མིའི་དབུ་འཁྲིད་ཀྱིས་དབྱིན་ཇིའི་སྲིད་བློན་གཱོར་ཌོན་ བྷི་རོན་ལ་མཇལ་འཛོམས་ཀྱང་ཚུད་པའི་དབྱིན་ཡུལ་གྱི་ཉིན་བཅུ་གཉིས་རིང་གི་གཟིགས་སྐོར་སྐབས་སུ་གསར་འགོད་པ་རྣམས་ལ་གསུང་བཤད་གནང་ཡོད་པ་རེད།
རྒྱ་ནག་གིས་ཁོང་རྩེད་འགྲན་ལ་ཞུགས་འདོད་གནང་གི་ཡོད་མེད་སྐོར་དྲིས་སྐབས། ༧རྒྱལ་བ་རིན་པོ་ཆེས། “དེ་ངས་ཤེས་ཀྱི་མེད། རྟགས་མཚན་གང་ཡང་མི་འདུག་” ཅེས་བཀའ་ལན་གནང་མོད། རྒྱ་ནག་ལ་ཕེབས་རྒྱུ་གང་འདྲ་ཞིག་ཡིན་ནའང་རྒྱའི་དབང་འཛིན་པ་ཚོར་མཇལ་འཛོམས་བྱེད་པ་ཞིག་ལ་རག་ལས་ཡོད་པ་རེད་གསུངས་པ་རེད།

དེ་ལས་མང་བ་། “༧རྒྱལ་བ་རིན་པོ་ཆེས་ཨོ་ལིམ་པིག་རྩེད་འགྲན་ལ་གདན་འདྲེན་ཞུ་རྒྱུར་ཐུགས་རེ་གནང་།” »

གསར་འགྱུར།, འགྱུར་རྩོམ།

གོང་ས་མཆོག་གི་བཀའ་སློབ། ༼ཚན་འགོད་དང་པོ༽

Posted on 2008-05-202008-05-27 By དབང་ཕྱུག་ No Comments on གོང་ས་མཆོག་གི་བཀའ་སློབ། ༼ཚན་འགོད་དང་པོ༽

བསྡུ་འགོད་པ་ཨ་མྱེས་བྱ་ཁྱུང༌།

“རང་རེ་བོད་ལ་ནི། སངས་རྒྱས་ཀྱི་བསྟན་པ་གནས་ཐབས་དང༌། མི་མང་ལ་བདེ་སྐྱིད་འབྱུང་ཐབས་ཀྱི་རྩ་བ་བོད་གཞུང་སྲ་ཚུགས་ཚགས་ཚུད་ཡོང་ཐབས་ལ་འབད་དགོས་པ་ལས། གཞུང་ཞབས་རྫིག་པོ་དང༌། གྱོན་གོས་འཆོར་པོ། གཞུང་གི་མཛད་སྒོ་གྲ་རྒྱས་པོ་དང་བྲེལ་ཟིང་ཆེ་བས་ཕན་པ་གང་ཡང་མེད།”
“མང་པོ་ཞིག་གིས་ཧ་ལམ་གཞུང་གི་ལྟོ་ཟས་ནས་བསྡད་པའི་རིང་ལ་ཉམས་མྱོང་གསོག་བྱེད་ཙམ་མ་གཏོགས། བྱ་ནང་བཞིན་གཤོག་སྒྲོ་སྐྱེས་ནས་འཕུར་ཐུབ་པའི་མཚམས་སུ་ཕྱོགས་གཞན་ཞིག་ཏུ་འཕུར་འགྲོ་བ་དེ་རིགས་ཧ་ཅང་བློ་ཕམ་པོ་རེད།”
“བོད་དོན་ལ་རྒྱབ་སྐྱོར་བྱེད་པ་ནི་བོད་མིར་རྒྱབ་སྐྱོར་བྱས་པ་ཙམ་མ་ཡིན་པར་བདེན་དོན་ལ་རྒྱབ་སྐྱོར་བྱས་པ་ཞིག་ཡིན། བདེན་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་བདེ་སྡུག་གི་ཚོར་བ་ཡོད་པའི་འགྲོ་བ་མི་ལ་འཁྲི་བའི་དམིགས་བསལ་གྱི་ལས་འགན་ཞིག་ཡིན།”
“བོད་པའི་ཆོས་དང་རིག་གཞུང་རྩ་ཆེ་རེད་ཅེས་བཤད་ནས་དོན་ལ་བོད་ཆས་གྱོན་ཤེས་པ་ཙམ་དང༌། བོད་སྐད་བརྗོད་ཐུབ་ཙམ་ཞིག་བྱས་ནས་བསྡད་ན་མི་འགྲིག་པར། བསམ་བློའི་ནང་བོད་པའི་ཆོས་དང་རིག་གཞུང་གི་བསླབ་བྱ་བཟང་པོའི་ཚོར་སྣང་དེ་དག་འཇགས་ཐུབ་པ་ཞིག་བྱ་རྒྱུ་གལ་ཆེན་པོ་ཡིན།”
“ང་ཚོ་བཙན་བྱོལ་བའི་ཉི་མ་དང་པོ་ནས་བཟུང་ང་ཚོ་འགྱེལ་ས་ནས་ལངས་ཐུབ་པའི་དམིགས་ཡུལ་བཟུང་གི་ཡོད། འགྱེལ་ས་ནས་ལངས་རྒྱུའི་དམིགས་ཡུལ་བཟུང་ཡོང་དུས་ང་རང་ཚོ་བོད་པའི་སྐད་ཡིག་འདི་ཕྱུག་པོ་བཟོ་རྒྱུ་དང༌། བོད་པའི་སྐད་ཡིག་གི་ཐོག་ནས་ལས་རིགས་ཆ་ཚང་བྱེད་ཐུབ་པ་ཞིག་ང་ཚོས་བྱེད་དགོས་ཀྱི་ཡོད་པ་རེད།”

དེ་ལས་མང་བ་། “གོང་ས་མཆོག་གི་བཀའ་སློབ། ༼ཚན་འགོད་དང་པོ༽” »

སྣ་ཚོགས།

བོད་རྒྱལ་ལོ། སྤྱི་ལོ། ཕྱི་ལོ།

Posted on 2008-05-202008-05-20 By དབང་ཕྱུག་ No Comments on བོད་རྒྱལ་ལོ། སྤྱི་ལོ། ཕྱི་ལོ།

དཔྱད་ཡིག་མཁོ་འདོན་པ་ཨ་མྱེས་བྱ་ཁྱུང༌།

བོད་རྒྱལ་ལོ།
རྡ་ས་རྩོམ་སྒྱུར་ལྷན་ཚོགས་ནས་གནང་བའི་འཆར་གཞི་ཕྱག་རྟགས་འབྱར་མའི་ཞལ་བཤུས།
སྤྱི་ལོ་ ༡༩༦༤ རང་གཞུང་སློབ་དེབ་ཁག་གིས་མཚོན་དེབ་གཞི་ཡིག་རིགས་ཁག་ལ་ཕྱི་སྲོལ་སྤྱི་ལོ་དང༌། རང་ལུགས་རབ་ལོ་བཅས་འགོད་གནང་མཛད་མུས་དེ་ལྟར་ཡང༌། ད་ལམ་ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་སློབ་དགོངས་དོན་བཞིན་སླད་ཕྱིན་འབྲེལ་ཕྱོགས་སྐབས་ཀྱི་ལེའུ་ཐོ་སོགས་དམིགས་བསལ་སྐབས་ཐོབ་རབ་ལོ་འགོད་འོས་རིགས་ཟུར་དུ་ཕུད། དེ་བྱིངས་རྩོམ་སྒྱུར་ཚོགས་པས་མཚོན་ལས་ཁུངས་མ་ལག་ཁག་ནས་དེབ་གཞི་ཡིག་ཁག་ལ་སྤྱི་ལོ་དང༌། གངས་ལྗོངས་རྒྱལ་ཁབ་དབུ་བརྙེས་ཀྱི་ལོ་རྩིས་འགོད་རྒྱུ་དེ་ཡང་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་འདི་ལོ་ཤིང་འབྲུག་བར་རྒྱལ་ལོ་ ༢༠༩༡ སོང་བ་གཞི་རྩར་བཞག་སྟེ་འགོད་འགྲེམས་མཛད་རྒྱུར་གཏན་འབེབས་ཀྱིས་རང་གཞུང་ལས་ཁུངས་ཁག་ལ་འཆར་གཞི་ཕྱག་རྟགས་འབྱར་མའི་ཞལ་བཤུས་རེ་སྩལ་རྒྱུ་ཞུས་ན་འཐུས་མིན་སྙན་ཞུ།། ཞེས་ ༦༤། ༦། ༤ ཉིན་ཕྱག་རྟགས་སྩལ་ཐོན་འཆར་གཞི་ངོ་མ་དང་ཞུས་དག་ཞུས། རྩོམ་སྒྱུར་ལྷན་ཚོགས་ནས། ཟླ་ཚེས་ལ་ཕུལ།

དེ་ལས་མང་བ་། “བོད་རྒྱལ་ལོ། སྤྱི་ལོ། ཕྱི་ལོ།” »

སྣ་ཚོགས།

བོད་མིའི་སྙིང་སྟོབས།

Posted on 2008-05-202008-05-20 By དབང་ཕྱུག་ No Comments on བོད་མིའི་སྙིང་སྟོབས།

ཆུ་སྐྱེས་སྒྲོལ་མས།

གཅིག་རྒྱབ་གཉིས་ལངས་ཀྱི་ལས་འགུལ།།
བོད་ས་ཡོངས་རྫོགས་ལ་ཁྱབ་བྱུང༌།།
བརྒྱ་བསད་སྟོང་ལངས་ཀྱི་མེ་ལྕེ།།
བོད་མིའི་སེམས་ཁོང་ནས་འབར་བྱུང༌།།

དེ་ལས་མང་བ་། “བོད་མིའི་སྙིང་སྟོབས།” »

གསར་འགྱུར།, སྙན་ངག

ལྷད་མེད་པའི་སེམས།

Posted on 2008-05-192008-05-19 By དབང་ཕྱུག་ No Comments on ལྷད་མེད་པའི་སེམས།

ཆོས་རྫོང་བསྟན་པ།

ཁྱོད་རང་བཞུད་རྗེས་ཀྱི་ལོ་ཟླ་ནི།
གཙང་ངོགས་ཀྱི་གཏམ་རྒྱུད་ཐན་ཐུན་ཞིག་གམ།
ཡང་ན། སྟེས་དབང་གིས་འཕྲད་པའི་ལམ་མདོའི་མགྲོན་པོ་བཞིན་
བརྗེད་སླ་བ་ཞིག་ཡིན་ན་ཅི་མ་རུང།

དེ་ལས་མང་བ་། “ལྷད་མེད་པའི་སེམས།” »

སྙན་ངག

ངའི་རྒྱ་ནག ངའི་བོད།-བར་འདུམ་བྱས་ཀྱང་། རྒྱལ་ཚོང་པ་ཞིག་ཏུ་འབོད།

Posted on 2008-05-182008-05-20 By དགེ་རབ་ 1 Comment on ངའི་རྒྱ་ནག ངའི་བོད།-བར་འདུམ་བྱས་ཀྱང་། རྒྱལ་ཚོང་པ་ཞིག་ཏུ་འབོད།

དགུ་རེ་སུ ཝང།
རྩོམ་ཡིག་འདི “ཝ་ཞིན་ཀྲོན་ཕོ་ཉ” ཟླ་༤ཚེས ༢༠་ཉིན་སྤེལ་འདུག
བོད་སྒྱུར་ ཚེ་རིང་དོན་གྲུབ།

ངས་སྐད་ཡིག་སློབ་སྦྱོང་བྱེད་བཞིན་ཡོད- ཨེ་ཏྲ་ལེན་དང་། (Italian) ཧྥ་རིན་ཆི། (French) འཇར་མིན། (German) ད་ལྟ་མཐོང་སྣང་ལ་ང་རང་རྒྱ་ནག་ཏུ་ལོག་མི་ཐུབ་པ་འདྲ། དབྱར་ཁ་འདི་ལ། ངས་ཨ་རབ་ (Arabic) ཀྱི་སྐད་ཡིག་སྦྱང་རྒྱུ་ཡིན། ངའི་དམིགས་ཡུལ་ནི་རང་ལོ་སུམ་ཅུ་སླེབས་བར་རྒྱའི་སྐད་ཡིག་དང་དབྱིན་ཡིག་ཚུད་པའི་སྐད་ཡིག་བཅུ་ཁོང་དུ་ཆུད་པར་བྱེད་རྒྱུ་དེ་རེད།

དེ་ལས་མང་བ་། “ངའི་རྒྱ་ནག ངའི་བོད།-བར་འདུམ་བྱས་ཀྱང་། རྒྱལ་ཚོང་པ་ཞིག་ཏུ་འབོད།” »

འགྱུར་རྩོམ།

འཕྲིན་ལམ་ནས་མཇལ་བའི་སེམས་པ།

Posted on 2008-05-172008-05-19 By དབང་ཕྱུག་

ཆུ་སྐྱེས་སྒྲོལ་མས།

ལེའུ་དང་པོ། གཅུང་པོར་བསྐུར་བའི་སྙིང་གཏམ།
ཞོགས་པའི་མཁའ་རླུང་གཙང་ཞིང་བསིལ་ལ། བྱེའུ་ཆུང་འཇོལ་མོས་སྐད་སྙན་བར་མེད་སྒྲོག་བཞིན། ལྗོན་པའི་གསེབ་དང་ཨ་སྔོན་གྱི་དབྱིངས་ལ་རང་དབང་གིས་འཕུར་ལྡིང་བྱེད་དུས། ཞི་བདེའི་གྲིབ་ངོགས་ན་ཞི་བསིལ་འོད་སྣང་གིས་འཚོ་བའི་རང་དབང་ལ་བཙན་འཛུན་གྱི་མུན་པ་བསྟིབས་ནས་གཞིས་བྱེས་གཉིས་སུ་གྱེས་པ་དང༌། དེ་བཞིན་བྱེས་ནས་གཞིས་དང་གཞིས་ནས་བྱེས་ཀྱི་དྲན་གདུང་གི་སྡུག་བསྔལ་འདི། རང་དབང་གི་འོད་སྣང་ཡུག་གཅིག་གིས་ཁྱབ་པར་གྱུར་ན་ཅི་མ་རུང་གི་འདུན་པ་ཤུགས་དྲག་སྐྱེས་བྱུང་བས་རྐྱེན་བྱས་ཏེ། རང་དབང་གི་གཞིས་ཁྱིམ་གཡར་པོ་འདི་དང་མུན་གླིང་དུ་འཚོ་བའི་རང་ཡུལ་དང་སྤུན་ཟླ་རྣམས་ཡིད་ཀྱི་མེ་ལོང་ངོས་སུ་འཆར་བ་གཉིས་བསྡུར་ཏེ། རང་སེམས་ཀྱི་སྐྱོ་གདུང་སངས་ཆེད་མཁའ་དབྱིངས་ན་འཚེར་བའི་ཁུ་བྱུག་སྔོན་མོ་ཕོ་ཉ་ལ་བཀུག་ནས་རང་གི་གཅུང་པོར་སྙན་ཚིག་གིས་བཏུམས་པའི་སེམས་འཕྲིན་འདི་འབྲི་འགོ་བཙུགས་པ་ཡིན།

དེ་ལས་མང་བ་། “འཕྲིན་ལམ་ནས་མཇལ་བའི་སེམས་པ།” »

སྙན་ངག

Posts pagination

Previous 1 … 905 906 907 908 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (63)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (50)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme