Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙིང་ཉེ་བའི་དྲ་གྲོགས་གི་སྙན་དུ།

Posted on 2008-08-032008-08-03 By ཡེ་ཤེས་ 1 Comment on སྙིང་ཉེ་བའི་དྲ་གྲོགས་གི་སྙན་དུ།

སྐུ་ཞབས་མགོན་པོའམ་སྟག་སྨྱོན་ལགས་སུ། ཁྱེད་ཀྱིས་ངའི་མཚང་ཇི་ལྟར་བྲུས་ཀྱང་ང་ལ་ཁྱད་པར་ཆེན་པོ་ཞིག་མེད། <<དགེ་བསྐོས་བཙན་པོ>>ཞེས་པའི་དེབ་དེས་རང་རེའི་མུན་ནག་གི་སྤྱི་ཚོགས་འདི་ལ་ཕན་ཐོགས་ཅུང་ཟད་རེ་ཨེ་འབྱུང་བསམས་པ་ཡིན། ཉོན་མོངས་དུག་གསུམ་འདུལ་བྱེད་དུ་ང་ཚོའི་སྟོན་པས་(ཁྱེད་རང་ནང་པ་ཡིན་མིན་མ་ཤེས།)མདོ་ལུགས་ལ་སྡེ་སྣོད་གསུམ་ཟེར་བ་ཞིག་དང་སྔགས་ལུགས་ལ་རྒྱུད་སྡེ་བཞི་ཟེར་བ་ཞིག་གསུངས་ཡོད་པ་མ་གཏོགས། ངུར་སྨྲིག་འཆང་བའི་སྡེ་རུ་གྲི་དང་མེ་མདའ། རྡོ་དང་དབྱུག་པ། ཁུ་ཚུར་དང་རྡོག་རྒྱག འགྲམ་ལྕག་དང་ཕྲེང་ལྕག ཐག་པས་བཀྱིགས་ནས་གནམ་འདོག་དང་འོག་ནས་སུར་པན་མེར་སྲེག གནམ་གཤིས་གྲང་མོར་གོས་བཤུ་དང་དགུན་ཁར་ལུས་སྟེང་ཆུ་བཤོ་(དྲག་སྤྱོད་པ་དེ་ཚོས་ཚན་རིག་ཡར་རྒྱས་དང་བསྟུན་ནས་གློག་གི་རྒྱུག་པ་དང་གློག་གི་མེ་མདའ་སོགས་བེད་སྤྱོད་བྱེད་ངེས་ཅན་རེད།)ལ་སོགས་པ་ཡོ་རོབ་ཀྱི་དུས་རབས་བར་མ་དང་། རང་རེའི་ལྗོངས་སུ་ད་དུང་མུ་ནས་མུ་རུ་རྒྱུན་སྲིང་བཞིན་པའི་ཀླ་ཀློའི་བྱ་སྤྱོད་འདི་དག་གི་རྒྱབ་སྐྱོར་དུ་འགྲོ་བའི་མདོ་སྔགས་ཀྱི་ཁུངས་གཏུགས་ས་ཞིག་རྙེད་དུ་མེད་པ་དང་། སྟོན་པས་ངའི་བསྟན་པ་ངའི་ཉན་ཐོས་ཀྱིས་འཇིག་གསུངས་པ་ཡང་། རབ་བྱུང་བའ་སྡེ་རུ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཡིས་རང་སེམས་འདུལ་རྒྱུའི་ཚབ་ཏུ་དགེ་བསྐོས་འཇིགས་སྐུལ་དྲག་སྤྱོད་པ་ཚོས་རང་སྣང་གང་དྲན་གྱིས་བཅའ་ཁྲིམས་སྒེར་གཅོད་ཀྱིས་དྲག་རྡུང་ཁོ་ན་འདུལ་ཁྲིམས་སྲུང་བྱེད་དུ་སྤྱོད་པའི་ལམ་ཁ་འབའ་ཞིག་ཡིན་ལུགས་བརྗོད་དེ་་སྣུམ་ཟད་ཀྱི་བསྟན་པའི་མར་མེ་ཉམ་ཆུང་འདི་མུན་ཁུང་དུ་ཨུ་ཚུགས་ཀྱིས་སྐྱེལ་རྒྱུར་རྔམ་པ་དག་གི་སྣང་ངོར་རྩོམ་དེབ་དེ་ལ་རིན་ཐང་ཅི་ཡང་མེད་པ་ཤིན་ཏུ་ནས་ཀྱང་བདེན་ན་ཡང་། དགེ་བསྐོས་དྲག་སྤྱོད་པ་དེ་དག་འགྲོ་བ་མིའི་གྲས་ནས་རྒྱང་ཐག་ཅི་ཙམ་ཞིག་རིང་ན་ཡང་། བསྟན་དང་སྟོན་པ་གཅིག་པའི་ཞེ་རྩིས་ཤིག་གིས་ད་དུང་ཡང་དེ་དག་ལོག་ལམ་ལས་གོམ་པ་རེ་རེ་ལས་མ་བྱུང་ན་ཡང་དངོས་ཡོད་འཇིག་རྟེན་དུ་ཕྱོགས་པའི་རེ་བའི་མེ་ལྕེ་ད་དུང་ཉམས་མེད་དུ་འབར་བཞིན་ཡོད།

གསར་འགྱུར།

སྨྱོན་པའི་གླུ།

Posted on 2008-08-03 By དགེ་རབ་ 39 Comments on སྨྱོན་པའི་གླུ།

སྤོབས་པ་མཐའ་ཡས།
ངུར་སྨྲིག་གསེར་གྱི་སྒ་ཆས་རང་ལུས་ལ་བརྗིད་ཀྱང༌། །
ངེས་འབྱུང་སྲབ་ཀྱིས་མ་ཟིན་རང་སེམས་ཀྱི་རྟ་རྒོད། །
ཐར་བའི་གླིང་དུ་བགྲོད་པའི་བཞོན་པ་ཞིག་མིན་ཕྱིར། །
ལྟུང་བ་སྡེ་ལྔའི་བསྲུང་སྡོམ་བཤགས་གསུམ་གྱིས་ཅི་བྱ། །

འཇིག་རྟེན་ཆོས་བརྒྱད་ཟེར་བའི་དགྲ་བོ་ཡིས་བསྐོར་ནས། །
ཆགས་སྡང་མཚོན་ཆ་རྩུབ་མོས་བར་མེད་དུ་གཙེས་སྐབས། །
རྒྱུ་འབྲས་མན་ངག་བདུན་གྱི་མདུང་ཡུ་ནས་ཤོར་བས། །
མར་གྱུར་སེམས་ཅན་ཟེར་བའི་ཁ་ཕོ་དེས་ཅི་བྱེད། །

དེ་ལས་མང་བ་། “སྨྱོན་པའི་གླུ།” »

སྙན་ངག

སྨྱོ་གླུ།

Posted on 2008-08-03 By དགེ་རབ་ No Comments on སྨྱོ་གླུ།

སྤོབས་པ་མཐའ་ཡས།

མི་ཡི་དབང་པོ་པཎ་ཆེན་བླ་མའི་དྲུང༌། །
མི་བྱེད་དགུ་བྱེད་ཚངས་དབྱངས་རྒྱ་མཚོ་ཡིས། །
མི་བསྲུང་མི་བསྲུང་སྡོམ་པ་མི་བསྲུང་ཞེས། །
མི་ཁར་མ་འཛེམས་བརྟུལ་ཞུགས་སྤྱོད་པ་བསྐྱངས། །

མི་སྡུག་ཧོར་སོག་སྲིན་པོའི་མཚོན་ཆའི་འོག །
མི་ཡི་བདག་པོ་སངས་རྒྱས་རྒྱ་མཚོ་ཡིས། །
མི་གཏོང་མི་གཏོང་རྒྱལ་སྲིད་མི་གཏོང་ཞེས། །
མི་མགོ་ཧོར་ལ་ཤོར་ཡང་ཕངས་པ་བྲལ། །

དེ་ལས་མང་བ་། “སྨྱོ་གླུ།” »

སྙན་ངག

ཀླུ་སྨྱོན་སྤུན་གསུམ་གྱི་མཉམ་འབྲེལ་དེབ་གསར་པར་སྐྲུན།

Posted on 2008-08-032008-08-03 By ཡེ་ཤེས་ 12 Comments on ཀླུ་སྨྱོན་སྤུན་གསུམ་གྱི་མཉམ་འབྲེལ་དེབ་གསར་པར་སྐྲུན།

ཀླུ་སྨྱོན་ཧེ་རུ་ཀ་དང་ཁོའི་གཅེན་པོ་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་མཁན་ལྡོང་ཕྲུག་ཡེ་ཤེས་བཟང་པོ་དང་གཅུང་བོ་གཟི་མིག་གསུམ་པ་སྐལ་ལྡན་རྒྱ་མཚོ་གསུམ་གྱི་མཚན་ཉིད་རིག་པའི་མཉམ་འབྲེལ་རྩོམ་དེབ་གྲྭ་སྤུན་གསུམ་གྱི་མནོ་བསམ་ཕྱོགས་བསྒྲིགས་ཞེས་པ་དེ་འགྱང་མིན་སྤྱི་ཚོགས་སྟེང་གི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་ཡིན།

གསར་འགྱུར།

གཙང་ཆེན་གྱི་སྙན་ངག

Posted on 2008-08-032008-08-03 By ཡེ་ཤེས་ 1 Comment on གཙང་ཆེན་གྱི་སྙན་ངག

  ཨ་མདོའི་ཕོ་རྒོད་བློ་སྤོབས་ཇི་བཞིན་གཙང་ཆེན་ས་གཞིའི་མཐའ་དབུས་བསྐོར་ནས་འབབ། ། ཡུལ་གྱར་འཁྱམ་པོའི་གདུང་སེམས་ཇི་བཞིན་ལྷོ་རླུང་ནམ་མཁའི་མཐའ་ནས་ཕྱོགས་མེད་ལྡང་། །  རྨི་ལམ་ཞིང་གི་མཛའ་མོ་ཇི་བཞིན་གློག་སྒྲོན་རྒྱང་རིང་ལྗོན་པའི་གསེབ་ཏུ་སྦར། ། མ་འོངས་བཅང་བའི་ཕུགས་བསམ་ཇི་བཞིན་གཡུ་ཡི་ལོ་འདབ་འབུམ་གྱི་འཛུམ་རྒྱ་གྲོལ། ། འཁྱམ་པོས་སེམས་པ་འཁྱམ་པོར་བསྟན་ཏེ་མི་རིགས་ཤིག་གི་འདས་པའི་ལོ་རྒྱུས་གླེང་། ། སྐྱོ་གདུང་དྲག་པོ་ཁོག་ཏུ་སྦས་ཏེ་རེ་ཞིག་བྱིས་པའི་ལོ་ཟླར་ཕྱིར་དྲན་བྱས། ། ས་སྲོད་ནམ་མཁའི་གཏིང་རུམ་འཚེར་བའི་སྐར་ཚོགས་འོད་སྣང་ཁྱེར་ནས་ནང་དུ་ལོག །…

དེ་ལས་མང་བ་། “གཙང་ཆེན་གྱི་སྙན་ངག” »

སྙན་ངག

རྨི་ལམ་དེ་དག

Posted on 2008-08-02 By ཡེ་ཤེས་ 2 Comments on རྨི་ལམ་དེ་དག

ཡོད་པས་ཡོད་གོ་མི་ཆོད་རྨི་ལམ་གྱི་མཛེས་མ། མེད་པས་མེད་གོ་མི་ཆོད་རྨི་ལམ་གྱི་བཙོན་ཁང་། རེ་དོགས་གཅིན་སྐྱག་བརྫིས་པའི་རྨི་ལམ་གྱི་བག་ལེབ། དུག་གསུམ་ཡི་དྭགས་འགོང་བོའི་ཁ་ཟས་སུ་བྱིན་ཤོག

གསར་འགྱུར།

རྨི་ལམ་ལ་བརྟག་པ།

Posted on 2008-08-02 By dhatsenpa 8 Comments on རྨི་ལམ་ལ་བརྟག་པ།

རྨི་ལམ་ནི་བསམ་བློ་ཞིག་ལས་གཞན་གང་ཡང་མིན། ཡང་ན་དེ་བསམ་བློ་དང་འཚོ་བ་གཉིས་གདོང་ཐུག་རྒྱབ་པ་ལས་འཕྲོས་པའི་མེ་སྟག་ཅིག་ཡིན་ཞེས་བཤད་ན་ཡང་མ་འགྲིགས་པ་ཅི་ལ་ཡོད། རྨི་ལམ་ནི་བསམ་བློ་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཁྱེད་ཀྱི་མི་ཚེ་དང་ནམ་ཡང་འབྲེལ་བསྡད་ཡོད་པར་མཐོང་། རྨི་ལམ་ནི་རེ་བ་ཡིན་ཞེས་ཀྱང་བརྗོད་པར་འདོད། རྨི་ལམ་གྱིས་ནམ་ཡང་ཁྱེད་རང་སྔོན་དུ་ཁྲིད་ནས། ཁྱེད་རང་མངོན་འགྱུར་གྱི་ཞིང་ལ་ཁྲིད་ནས། ཁྱེད་ལ་སྔོ་ལྗང་གི་འཇིག་རྟེན་དེ་སྟོན་ངེས། གལ་སྲིད་རྨི་ལམ་ལ་བདག་ཉར་ཡག་པོ་བྱས་ན། དེ་བས་རང་གི་བྱིས་པ་བཞིན་རྨི་ལམ་ལ་བདག་སྐྱོང་ཡག་པོ་གྱིས། གལ་སྲིད་རྨི་ལམ་ནི་དགོས་མེད་ཀྱི་དངོས་པོ་ཞིག་བཞིན་གཡུག་བཞག་ན་དེ་ནི་འཇིགས་སུ་རུང་བ་ཞིག་ཡིན་ཞེས་ཀྱང་ཡིན་སྲིད། རྨི་ལམ་ནི་གསང་བ་ཞིག་ཀྱང་ཡིན། དེ་ནི་རྨི་ལམ་གྱི་གསང་བ་མ་ཡིན་པར་བསམ་བློའི་གསང་བ་ཡིན། ཨོ་རྨི་ལམ་ནི་སྦྱང་གཞིའི་རིག་པ་ཞིག་ཡིན། རྨི་ལམ་ནི་སེམས་ཁམས་རིག་པ་ཡིན།

རྩོམ་རིག

མུན་ནག་དང་འཆི་ལམ་གྱི་ཟློས་གར།

Posted on 2008-08-022013-04-29 By ཡེ་ཤེས་ No Comments on མུན་ནག་དང་འཆི་ལམ་གྱི་ཟློས་གར།

ལྷ་གསར་བསྟེན་ཅིང་གཞོན་རབས་པ་དག་ལོག་ལམ་འཁྲིད་པའི་ནག་ཉེས་ཅན། ། སོ་ཁི་ར་ཁྲེར་དུག་ཆང་བླུད་དེ་སྒི་རིག་སྤྱི་ཚོགས་མུན་པར་ཕྱོགས། ། སར་ཝེ་ཐུ་ཡི་ཤེས་རབ་རྣོན་པོར་འཇིག་རྟེན་བྱེད་པོ་མི་དགའ་ཞེས། ། ལྟ་ལོག་ཞྭ་མོ་དགུ་བརྩེགས་དང་བཅས་དམར་པོ་མེ་ཡི་ཀློང་དུ་བསྲེགས། ། སྦི་རི་ནོ་ཡི་རྒྱུ་སྐར་ལྟ་བས་དཀོན་མཆོག་ཐུགས་དགོངས་དཀྲུགས་སོ་ཞེས། ། ཁོང་ཡང་ཡ་ང་སྙིང་རྗེ་མེད་པར་གསོན་སྲེག་སྟེགས་བུར་མ་བསྐྱལ་ལམ། ། རང་རེ་གངས་ཅན་བོད་པ་ཚང་གི་འཇིགས་སུ་རུང་བའི་ལོ་རྒྱུས་ཁྲོད། ། མིག་ལྡན་སྐྱེས་བུ་ཅི་ཙམ་ཞིག་ལ་ལོང་བས་ཁྲིམས་ཆད་མ་བཅད་དམ།…

དེ་ལས་མང་བ་། “མུན་ནག་དང་འཆི་ལམ་གྱི་ཟློས་གར།” »

སྙན་ངག

བརྩི་བཀུར་བྱ་འོས་པའི་འགྲོ་བ་མིའི་རང་བྱུང་གི་གཤིས་ཀ།

Posted on 2008-08-02 By dhatsenpa 1 Comment on བརྩི་བཀུར་བྱ་འོས་པའི་འགྲོ་བ་མིའི་རང་བྱུང་གི་གཤིས་ཀ།

ཆེས་བརྩི་བཀུར་བྱ་འོས་པ་ནི་འགྲོ་བ་མིའི་གཤིས་ཀ་ཡིན་པ་རེད། འགྲོ་བ་མིའི་གཤིས་ཀ་ཟེར་བ་ནི་གང་ཟང་སྒེར་བ་རེ་རེའི་གཤིས་ཀ་ལ་ཟེར་གྱི་ཡོད། མི་རེ་རེའི་ཐོག་ནས་ང་ཚོས་ཆེས་རིན་ཐང་་ལྡན་པའི་དངོས་པོ་ཞིག་བཙལ་དགོས་ན། གཅིག་བྱས་ན་ཁྱེད་རང་ནས་མི་དེ་ལ་ཡོད་པའི་དམིགས་བསལ་གྱི་སྦྱངས་པ་དེ་དང་ཡང་ན་དེ་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་ཉམས་མྱོང་དེ་འདེམས་སྲིད། ཡིན་ན་ཡང་། དམིགས་བསལ་གྱི་སྦྱངས་བ་དེའི་རྒྱབ་ལོགས་སུ་་མིའི་ལྷན་སྐྱེས་ཀྱི་་གཤིས་ཀ་དེ་ཡོད་པ་ངེས་པར་ཤེས་དགོས་པར་འདུག དེ་ནི་མི་རེ་རེའི་ཆེས་རིན་ཐང་ལྡན་པའི་དངོས་པོ་དེའང་ཡིན་པ་རེད། ང་ཚོའི་མིའི་སྤྱི་ཚོགས་འདི་འདི་ལྟར་ཕུན་སུམ་ཚོགས་པ་དང་། འདིར་འདི་ལྟར་ལས་རིགས་ཀྱི་རྣམ་གྲངས་མང་བ། འདིར་འདི་ལྟར་སྦྱང་བྱའི་སྡེ་ཚན་མ་འདྲ་བ་མང་བ་བཅས་མ་འདྲ་བ་མང་པོ་ཞིག་ཡོད་པ་དེ་དག་ཚང་མ་མིའི་ལྷན་སྐྱེས་ཀྱི་གཤིས་ཀ་མ་འདྲ་བ་ལ་བརྟེན་ནས་བྱུང་བ་རེད། སྦལ་བ་ལ་སྦལ་བའི་ཁྱད་ཆོས། སྟག་ལ་སྟག་གི་ཁྱད་ཆོས། ཁྲ་ལ་ཁྲ་ཡི་ཁྱད་ཆོས་ཡོད་པ་རེད། འགའ་ཤས་འབྲི་ལ་དགའ། འགའ་ཤས་ཀློག་ལ་དགའ།…

དེ་ལས་མང་བ་། “བརྩི་བཀུར་བྱ་འོས་པའི་འགྲོ་བ་མིའི་རང་བྱུང་གི་གཤིས་ཀ།” »

རྩོམ་རིག

བྱམས་བརྩེ།

Posted on 2008-08-01 By dhatsenpa 3 Comments on བྱམས་བརྩེ།

ཕོ་རྣམས་མོ་ལ་དགའ་ཞིང་བྱམས་བ་བཞིན།། མར་གྱུར་སེམས་ཅན་ཀུན་ལ་བྱམས་པར་ཤོག། མོ་རྣམས་ཕོ་ལ་དགའ་ཞིང་བརྩེ་བ་བཞིན།། མར་གྱུར་སེམས་ཅན་ཀུན་ལ་བརྩེ་བར་ཤོག།

གསར་འགྱུར།

ཤི་གསོན།

Posted on 2008-08-01 By dhatsenpa 1 Comment on ཤི་གསོན།

གསོན་ན་གསོན་རིན་ཡོད་པ་ཞིག། རང་གཞན་གཉིས་ལ་ཕན་པ་ཞིག། ཤི་ན་ཤི་རིན་ཡོད་པ་ཞིག། འདི་ཕྱི་གཉིས་ལ་དགེ་བ་ཞིག།

གསར་འགྱུར།

ལོན་པ།

Posted on 2008-08-01 By dhatsenpa 2 Comments on ལོན་པ།

རྒྱ་ཞིག་གི་རྐང་སྣམ་ནང་ནས།། ཤིག་ཅིག་གིས་ལ་གཞས་ལེན་གི། རྟ་ཞིག་གི་རྟུ་ལིའི་(རྟ་ལུད)ནང་ནས།། འབུ་ཞིག་གིས་ལོན་པ་སློག་གི།

གླུ་གཞས།

ཆོས་ཉིད་ཀྱི་སྙན་ངག

Posted on 2008-08-012008-08-01 By ཡེ་ཤེས་ 3 Comments on ཆོས་ཉིད་ཀྱི་སྙན་ངག

དཀོན་མཆོག་གསུམ། དགེ་འདུན་དཀོན་མཆོག་ནི་སྐྱེ་སྟོབས་ཀྱི་དཔལ་ཡོན་འབར་བའི་མེ་ཏོག་གི་ས་བོན་ཞིག་རེད། ཆོས་དཀོན་མཆོག་ནི་ས་བོན་དེ་ལས་འབུས་པའི་བཀྲག་མདངས་འཚེར་བའི་ལྗང་མྱུག་ཅིག་རེད། སངས་རྒྱས་དཀོན་མཆོག་ནི་ལྗང་མྱུག་དེའི་རྩེ་རུ་བཞད་པའི་ཡིད་དུ་འོང་བའི་མེ་ཏོག་གི་གང་བུ་ཞིག་རེད། བདེན་པ་བཞི།  འགོག་བདེན་ནི་འཇིག་རྟེན་འདིར་འགྲན་ཟླ་དང་བྲལ་བའི་མེ་ཏོག་གི་སྐྱེད་ཚལ་ཞིག་རེད། ལམ་བདེན་ནི་སྐྱེད་ཚལ་དེར་བགྲོད་སའི་ཀྱག་ཀྱོག་གི་ལམ་ཕྲན་ཞིག་རེད། ཀུན ་འབྱུང་བདེན་པ་ནི་ལམ་ཕྲན་དེའི་སྟེང་དུ་ཡོད་པའི་མི་གཙང་བའི་ལྗན་ལྗིན་རེད། སྡུག་བསྔལ་བདེན་པ་ནི་ལྗན་ལྗིན་དེ་དག་ལས་འཐུལ་བའི་དྲི་ངན་རེད།

སྙན་ངག

པེ་ཅིང་རྩེད་མོར་ཕེབས་མཁན་གྱི་སྐུ་མགྲོན་ཚོར་ཞུ་བ།

Posted on 2008-08-01 By དགེ་རབ་ 1 Comment on པེ་ཅིང་རྩེད་མོར་ཕེབས་མཁན་གྱི་སྐུ་མགྲོན་ཚོར་ཞུ་བ།

སྤོབས་པ་མཐའ་ཡས།
པེ་ཅིང་ཨོ་ལེམ་པིག་གི་རྩེད་འགྲན་གྲ་སྒྲིག་ནི་རྩེད་འགྲན་ཆེན་པོ་ཞིག་གྲ་སྒྲིག་བྱེད་བཞིན་པ་མི་འདྲ་བར་དམག་འཁྲུག་ཆེན་པོ་ཞིག་གྲ་སྒྲིག་བྱེད་བཞིན་པ་དང་མཚུངས། དེ་ལོས་ཡིན། པེ་ཅིང་ཨོ་ལེམ་པིག་ནི་དམག་འཁྲུགས་ལྟ་བུའི་རྙོགས་ཟིང་ཤ་སྟག་བརྒྱུད་ནས་འོངས་པ་ཞིག་ཡིན། པེ་ཅིང་གི་དམག་འཁྲུགས་གྲ་སྒྲིག་བྱེད་བཞིན་པ་དེ་ཡང་ཨོ་ལེམ་པིག་གི་རྩེད་འགྲན་གྱི་ཆ་ཤས་ཤིག་ཡིན་གྱི་རེད། ཁོང་ཚོའི་དྲག་ཤུགས་དེ་ལི་ཡུལ་ལམ་ཤར་ཏི་ཀི་སི་ཐན་པ་ལ་ངོམ་དགོས་ལ། ཨ་རིར་གནས་དབྱུངས་བཏང་ཟིན་པའི་ལི་ཡུལ་གྱི་ཨ་མ་རྒན་མོ་ལྕམ་ར་བྷི་ཡ་ཁ་རྡེར་ལ་ངོམ་དགོས། བོད་པ་ལ་ངོམ་དགོས། རྡ་རམ་ས་ལའི་ནགས་ཁྲོད་ན་བཞུགས་པའི་དགེ་སློང་བསྟན་འཛིན་རྒྱ་མཚོ་ལ་ངོམ་དགོས། ནང་སོག་པ་ལ་ངོམ་དགོས། ད་དུང་གནམ་བདེ་སྒོ་མོའི་ཐང་གི་མཐོ་སློབ་པའི་རྣམ་ཤེས་གཅེར་བུ་ཚོར་ངོམ་དགོས། མིའི་རིགས་ཀྱི་རང་དབང་དོན་གཉེར་མཁན་གྱི་ཚོགས་སྡེ་ཚོར་ངོམ་དགོས། ལྷག་པར་ཡང་པེ་ཅིང་ཨོ་ལེམ་པིག་ལ་རྒྱབ་སྐྱོར་དང་མཉམ་ཞུགས་བྱེད་མཁན་ཚང་མ་ལ་ངོམ་པ་རེད།

དེ་ལས་མང་བ་། “པེ་ཅིང་རྩེད་མོར་ཕེབས་མཁན་གྱི་སྐུ་མགྲོན་ཚོར་ཞུ་བ།” »

རྩོམ་རིག

མུན་ནག་དང་འཆི་ལམ།

Posted on 2008-08-012008-08-01 By ཡེ་ཤེས་ 15 Comments on མུན་ནག་དང་འཆི་ལམ།

གངས་རི་དཀར་པོའི་དབུ་རྩེ་མཐོ་ཡང་བྲན་གཡོག་མགོ་བོ་ས་ལ་དུད། ། ཉི་ཟླ་གཉིས་དང་ཁ་ཐག་ཉེ་ཡང་འཇིགས་རུང་མུན་པའི་མཁའ་དབུགས་གཏིབས། ། དམ་ཆོས་རིན་ཆེན་གླེགས་བམ་མང་ཡང་ཤེས་རབ་སྒྲོན་མེར་དགྲ་རུ་འཛིན། ། སྨྱུ་གུ་ཐོགས་པའི་ཤེས་ལྡན་དག་ཀྱང་མིག་བཙུམས་གཡང་ལ་ཅིའི་ཕྱིར་མཆོང་། ། ལུང་ཤར་དཔའ་བོའི་ཕུགས་བསམ་མ་འགྲུབ་སྤྱན་མིག་གཉིས་པོ་ས་ལ་འཕངས། ། དགེ་ཆོས་རྒྱལ་རབས་རྩོམ་འཕྲོར་ལུས་ཏེ་ལོ་གསུམ་མུན་ནག་བཙོན་དུ་བཅུགས། ། ཕུན་དབང་སྒྱུར་བཅོས་སྙན་ཞུའི་ལན་དུ་ཁ་བ་ཅན་ནས་ས་མཐར་སྤྱུགས།། ། ཀླུ་སྨྱོན་རྩོམ་དེབ་མ་དཔར་སྔོན་དུ་འཆི་ལམ་རྫོང་བའི་དཔུང་ཁག་འདུར།…

དེ་ལས་མང་བ་། “མུན་ནག་དང་འཆི་ལམ།” »

གསར་འགྱུར།, སྙན་ངག

གསར་འགོད་རང་དབང་།

Posted on 2008-08-01 By dhatsenpa 1 Comment on གསར་འགོད་རང་དབང་།

ད་རེས་པེ་ཅིང་ལ་གསར་འགོད་པ་སྟོང་ཕྲག་མང་པོ་འཛོམས་ཀྱི་ཡོད་པ་དེ་འདྲ་ད་སྔ་རྒྱ་ནག་གི་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བ་ཞིག་རེད། དེའི་སྐབས་ཁོ་ཚོར་གསར་འགྱུར་འགོད་པར་གུ་ཡངས་ཀྱང་ཅུང་ཟད་ཅིགའཐོབ་ཀྱི་ཡོད་པ་འདྲ། གོ་སྐབས་འདི་བཟུང་ནས་པེ་ཅིང་དུ་ཁྲོམ་སྐོར་ཆེན་པོ་ཞིག་བྱེད་རྒྱུ་དེ་ང་ཚོ་ཚང་མའི་ཕྲག་ཏུ་བབས་པའི་འོས་འགན་ཡིན་པ་དེ་བཤད་མ་དགོས་པ་ཞིག་རེད། དེ་ལྟར་བྱེད་པར་མང་པོ་ཞིག་ནས་ཐབས་ཤེས་བྱས་ཡོད་པར་ང་ལ་ཡིད་ཆེས་ཡོད། ཡིན་ན་ཡང་ད་ལྟ་བོད་མིའི་མིང་ཙམ་ཡོད་ཕྱིན་ཆད་་རྒྱ་མིར་དྭོགས་པ་རྣམ་རྟོག་ཟོས་ནས་པེ་ཅིང་ལ་འགྲོ་བར་ཆོག་མཆན་ཐོབ་ཀྱི་མེད་ཚུལ། ད་ཐབས་ཤེས་གཞན་པ་འདྲ་ཡོད་དམ། ཨོ་ལིམ་ཕིག་་གི་སྐབས་གང་ཤེས་མ་གཏོགས་སྤྱིར་བཏང་རྒྱ་ནག་ནང་གསར་འགོད་ཀྱི་རང་དབང་མེད་པ་དེ་ཚང་མས་ཤེས་གསལ་རེད། ཕྱི་ཟླ་གསུམ་པའི་ནང་གསརགའགོད་པ་རྣམས་ཕྱིར་འབུད་བྱས་པ་ལྟར་རེད། དེར་མ་ཟད་ཉེ་བའི་ཆར་ཡང་པེ་ཅིང་དུ་གསར་འགོད་པ་རྣམས་ལ་ཡང་ཡང་སྟངས་འཛིན་བྱེད་བཞིན་པ་དེ་རེད། ད་དངོས་སུ་བྱས་ན། གསར་འགོད་པ་ཚང་མ་མཉམ་རུབ་ཀྱིས་ ་་ འགྲོ་བ་མིའི་ཐོབ་ཐང་། གསར་འགོད་རང་དབང་། གཏམ་བརྗོད་རང་དབང་།…

དེ་ལས་མང་བ་། “གསར་འགོད་རང་དབང་།” »

གསར་འགྱུར།

གོ་ཐོས་གཉིས།

Posted on 2008-07-31 By རབ་འབྱོར་ 1 Comment on གོ་ཐོས་གཉིས།

༡  བོད་ཡུལ་འདུས་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་སྦྲགཁང་ནས་གནས་སྐབས་རིང་ཕྱི་རྒྱལ་ལ་བོད་ཡིག་གི་དཔེ་དེབ་ཀྱི་རིགས་གཅིག་ཀྱང་བསྐུར་ཆོག་གི་མི་འདུག་ཟེར།  ཡང་གགཏམ་ཁུངས་གཞན་པ་ཞིག་ལྟར་ན། ཐ་ན་བོད་ཁུལ་ཞིག་ནས་པེ་ཅིན་ལ་ཡང་བསྐུར་ཆོག་གི་མི་འདུག་ཟེར།   རྒྱ་ནག་རྒྱལ་ཡོངས་ན་འདི་ལྟར་ཡིན་པའི་གཏམ་ཐོས་ཀྱང་དོན་དངོས་སུ་ཅི་ཡིན་མི་ཤེས།  ཡིན་ན་ཡང་བོད་ཀྱི་ས་ཆ་ཁ་ཤས་ནས་ཕྱི་རྒྱལ་ལ་དཔེ་དེབ་བསྐུར་མི་ཐུབ་པའི་དོན་དག་ནི་ངོ་མ་བྱུང་འདུག  བཀག་རྒྱ་འདི་དུས་ནམ་ཞིག་ལ་འགོ་བཙུགས་པ་དང་དུས་ནམ་ཞིག་མཇུག་བསྒྲྲིལ་རྒྱུ་ཡིན་པ་བཤད་ཤེས་ཀྱི་མི་འདུག  མི་རྣམས་་ཀྱིས་རང་བཞིན་གྱིས་་ཨོ་རྩེད་ཀྱི་རྗེས་སུ་བཀག་རྒྱ་འདི་མེད་པར་འགྱྱུར་བའི་རེ་བ་བྱེད་ཀྱི་འདུག ༢  རེབ་གོང་གི་ཀླུ་རོལ་ཟེར་བའི་སྲོལ་རྒྱུན་གྱི་རྩེད་མོ་དེ་རྩེས་ཚར་ནས་ཉིན་ཤས་སོང་ཡོད་པ་འདྲ།   དེ་མ་རྩེས་སྔོན་ལ།  དེ་རྩེ་མཁན་གྱི་སྡེ་བ་ཁ་ཤས་རྩེ་རྒྱུ་མིན་རྩིས་བྱས་པ་རེད་ཟེར།  རྒྱྱུ་མཚན་ཅི་ཡིན་ཁ་གསལ་དུ་མ་གོ་ཡང་།  ཕལ་ཆེར་ད་ལོའི་བོད་པ་ཡར་ལངས་སྐབས་སུ་བོད་པ་ཤི་རྨས་བྱུང་་བ་རྣམས་ལ་མྱ་ངན་གྱྱི་རྣམ་པ་སྟོན་རྩིས་ཡིན་པ་འདྲ།  ཡིན་ན་ཡང་རྒྱ་གཞུང་གིས་སྒོར་མོ་སྟེར་བ་དང་བཙན་དབང་བྱེད་པའི་ཐབས་ལམ་གྱིས་རྩེ་གི་བཅུག་པ་རེད་ཟེར།  ས་དཀྱིལ་ཟེར་བའི་སྡེ་བ་དེ་ལ་སྒོར་མོ་ཁྲི་ཕྲག་ཁ་ཤས་སྤྲད་ནས་རྩེས་འདུག་ཟེར།   སྡེ་བ་གཞན་པ་རེ་ཟུང་མ་རྩེ་ཐབས་མེད་ཡིན་ཡང་དར་མ་དང་གཞོན་ནུ་རྣམས་རྩེ་ཡི་མེད་པར་བྱིས་ལོ་ཆུང་སྐོར་ཞིག་རྩེས་ཡོད་པ་དང་།   དེ་དག་གིས་ཀྱང་བོད་གོས་ཙམ་གྱོན་པ་མ་གཏོགས་རྒྱན་ཆ་འདོགས་པ་དང་ཤོམ་ལྭ་གོན་པ་གཏན་ནས་མཐོང་རྒྱུ་མི་འདུག  སྤྱིར་བཏང་རེབ་གོང་ཕྱོགས་ཀྱི་ཁ་དཔེར།  ལོ་གསར་ཚེས་གཅིག་མིན་ན་ཟས་མི་ཟ།  དྲུག་པའི་ཀླུ་རོལ་མིན་ན་གོས་མི་གོན་ཞེས་ལུགས་རྙྱིང་གགི་ཟླ་བ་དྲུག་་་པའི་ཀླུ་རོལ་གྱི་སྐབས་ནི་རྒྱན་ཆ་དང་ཤོམ་ལྭ་ངོམ་པའི་དུས་སྐབས་ཤིག་ལ་ཡང་་ཆ་འཇོག་བྱེད་ཀྱི་ཡོད།

གསར་འགྱུར།

སྙན་ངག་གི་མེ་ཕུང་། དམར་ལྷབ་ལྷབ་སྦར་བར་བྱ།

Posted on 2008-07-31 By dhatsenpa 11 Comments on སྙན་ངག་གི་མེ་ཕུང་། དམར་ལྷབ་ལྷབ་སྦར་བར་བྱ།

རྒྱ་ནག་ཏུ་ཨོ་ལིམ་ཕིག་མ་འཚོགས་པའི་སྔ་ནུབ་ཏུ།  འགྲོ་བ་མིའི་སེམས་ནས་བྱུང་བའི་སྙན་ངག་ལྟ་བུའི་མེ་དཔུང་ཆེན་པོ་ཞིག  འཛམ་གླིང་གི་ས་ཕྱོགས་གང་སར་་རི་མཐོ་དམན་ཀུན་གྱི་རྩེ་རུ་དམར་ལྷབ་ལྷབ་འགྲོ་བ་མིའི་རང་དབང་གི་ཆེད་དུ་སྦར་གྱི་རེད། རྒྱ་ནག་ཏུ་ཨོ་ལིམ་ཕིག་མ་འཚོགས་པའི་སྔ་ནུབ་ཏུ།  འགྲོ་བ་མིའི་སེམས་ནས་བྱུང་བའི་སྨོན་ལམ་གྱི་ལྰ་སྒྲོན་གྲངས་མེད་ཅིག  འཛམ་གླིང་གང་སར་གྲོང་ཁྱེར་ཆེ་ཆུང་ཀུན་གྱི་མདོ་རུ་དམར་འཁྱིལ་ལེར་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རིན་ཐང་ཆེད་དུ་སྦར་གྱི་རེད། དེ་ཁྱོད་ཚོས་ཀྱང་ལོས་ཤེས། ཁྱེད་ཚོས་ཀྱང་དེ་ལ་གྲ་སྒྲིག་བྱེད་ཀྱི་ཡོད་པའི་རེ་བ་ཡོད། འདི་ངས་ཁྱེད་ཚོར་བརྗོད་ཀྱི་མེད། ངས་ཁྱེད་ཚོས་ང་ལ་རོགས་བྱས་ནས་གནས་ཚུལ་འདི་གངས་རིའི་ཁོངས་སུ་འཁྱོལ་བར་བྱ་རྒྱུ་འབོད་སྐུལ་བྱ་ཡི་ཡོད། རྒྱ་ནག་ཏུ་ཨོ་ལིམ་ཕིག་མ་འཚོགས་པའི་སྔ་ནུབ་ཏུ། གངས་རིའི་ཁོངས་གསེང་ཀུན་དུའང་བསངས་མཆོད་ཀྱི་མེ་ལྕེ་སྦར་བར་བྱ། ནག་ཁུང་གི་ཁང་མིག་རེ་རེའང་མཆོད་མེ་ཡི་འོད་ཀྱིས་དགང་བར་བྱ། ང་ཚོའི་མིའི་རིགས་ཡོངས་ཀྱི་ཞི་བདེ། རང་དབང་།…

དེ་ལས་མང་བ་། “སྙན་ངག་གི་མེ་ཕུང་། དམར་ལྷབ་ལྷབ་སྦར་བར་བྱ།” »

གསར་འགྱུར།

ཤ་ཞེན་གྱིས་འཚོ་བའི་བོད་ཀྱི་སྒྱུ་རྩལ་པ།

Posted on 2008-07-312008-07-31 By དགེ་རབ་ 9 Comments on ཤ་ཞེན་གྱིས་འཚོ་བའི་བོད་ཀྱི་སྒྱུ་རྩལ་པ།

གཡང་སྐྱབས་རྒྱལ་གྱིས།
ཁ་བརྡ་དྲ་དེབ་འདི་སླེབས་པ་ནས་བཟུང་ང་ལ་ཚོར་སྣང་གསར་པ་ཞིག་བྱུང་། སྤོབས་པ་དང་མགོན་པོ་ཕྱག་གཉིས་པ་ལྟ་བུ་མཁྱེན་རྒྱ་ཅན་འདི་ཚོ་སེམས་ལ་འཁོར་བྱུང་། མཚམས་རེར་ཁོང་ཚོས་བྲིས་པ་རྣམས་མཐོང་སྐབས་ང་རང་དེབ་ཀྱི་རྗེས་སུ་རྒྱུགས་ནས་ཀློག་དགོས་པ་དང་ཀློག་འདོད་པ་དེ་འདྲ་བཟོས་བྱུང་། ངེད་ཀྱི་ཚོར་བ་དེ་ཤེས་ཡོན་དང་ལས་ཀ་ཞེས་པ་དེའི་སྐོར་ཡིན།

(ང་ཚོས་གཤམ་གསལ་གྱི་སྐད་ཆ་འདི་འདྲ་བཤད་སྐབས་གཟབ་གཟབ་བྱེད་དགོས་ཀྱི་འདུག གཞན་དུ་ན་ང་ཚོ་ལ་ཕྱི་རྒྱལ་གྱི་ལད་ཟློས་བྱེད་ཀྱི་འདུག་ཅེས་སྨད་པ་བཏང་ཡོང་གི་འདུག ཕྱི་རྒྱལ་གྱི་ལད་ཟློས་བྱེད་པ་དང་ཕྱི་རྒྱལ་གྱི་མི་ལ་འགྲན་བསྡུར་བྱེད་པ་གཉིས་ལའང་ཁྱད་པར་ཞིག་འདུག ཕྱི་རྒྱལ་མི་ལ་འགྲན་བསྡུར་བྱེད་པ་དེའང་ཕྲག་དོག་གི་དབང་གིས་མ་ཡིན་པར་དངོས་དོན་གྱི་ཐོག་ནས་ལྟ་རྒྱུ་ཡོད་པ་ཞིག་རེད་བསམས། )
བོད་ཀྱི་ཉེ་རབས་ཀྱི་ལོ་རྒྱུས་ཐད་ནས་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ཀྱི་རྗེས་སུ་ཚེ་རིང་ཤཀྱཱ་ལགས་ཀྱི་བོད་ཀྱི་རྒྱལ་རབས་ཏེ་གངས་ཅན་ཡུལ་ན་འབྲུག་ཅེས་པ་དེ་བོད་མིས་བརྩམས་པ་གྲགས་ཅན་དེ་རེད། ཡིན་ན་ཡང་འདི་དབྱིན་སྐད་དུ་ཡོད། ངེད་ཀྱི་དྲན་ཚོད་དང་བསྡུར་ན། འབའ་བ་ཕུན་དབང་གི་རྣམ་ཐར་དེ་དབྱིན་ཇི་བས་བྲིས་སོང་། ཆུ་སྒང་གི་ལོ་རྒྱུས་སངས་རྒྱས་ཀྱི་དཔའ་རྟུལ་ཟེར་བ་དབྱིན་ཇི་བས་བྲིས་སོང་། བོད་ནང་ཨ་རིའི་གསང་དམག་ཟེར་བ་ཞིག་དབྱིན་ཇི་བས་བྲིས་སོང་། ༧རྒྱལ་བའི་དགོངས་བཞེད་དུ་ཡོད་པའི་བོད་ཀྱི་ལོ་རྒྱུས་ཞེས་པ་ཞིག་དབྱིན་ཇི་བས་བྲིས་སོང་། བོད་ བོད་ཟེར་བ་དེ་ཡང་དབྱིན་ཇི་བས་བྲིས་སོང་། འདི་ཚོ་ཚང་མ་ཉེ་བའི་ལོ་བཅུ་ཕྲག་གི་ནང་ཚུད་ཀྱི་གནས་ཚུལ་རེད། བོད་མི་ཚོ་ལ་བོད་ཀྱི་ལོ་རྒྱུས་དང་མི་ལ་རྒྱུས་མེད་པ་རེད་དམ། སྐུ་ཞབས་པད་མ་འབུམ་གྱིས་བྲིས་པའི་སྐར་མ་སྨིན་དྲུག་སྐེ་འཁྱོག་དང་དྲན་ཐོ་རྡོ་རིང་མ་ལྟ་བུ་དང་། དེ་བཞིན་ནུས་བློས་བརྩམས་པའི་ནགས་ཚང་ཞི་ལིའི་སྐྱིད་སྡུག་ལྟ་བུ་ལ་གཟིགས་དང་། བོད་མི་ཚོས་བྲིས་པ་རྣམས་ཀྱང་གཞན་ལ་འགྲན་བསྡུར་བྱེད་ཐུབ་པ་ཞིག་ཡོད་པ་རེད། ད་ནི་ཅི་ཞིག་གིས་ལན་པ་རེད་ཅེ་ན། སྒོར་མོ་ལ་ཐུག་པ་རེད་བསམས་ཀྱི་འདུག

དེ་ལས་མང་བ་། “ཤ་ཞེན་གྱིས་འཚོ་བའི་བོད་ཀྱི་སྒྱུ་རྩལ་པ།” »

རྩོམ་རིག

བོད་ཕུང་བའི་རྩ་བ།

Posted on 2008-07-312008-07-31 By tenzin 1 Comment on བོད་ཕུང་བའི་རྩ་བ།

ན་གཞོན་བསམ་གྲུབ་ཀྱིས་ཕུལ་ལོ། ༼རྩོམ་འདི་དབྱིན་ཡིག་ནས་བོད་ཡིག་ལ་སྒྱུར་བ་ཞིག་དང་། བྲིས་མཁན་ཨ་རིའི་སློབ་འབྲིང་གི་བོད་པའི་སློབ་མ་ཞིག་གོ།༽ བོད་ཀྱི་སྤྱི་ཚོགས་ད་ཆའི་ཡ་ང་བའི་གནས་སྟངས་འདིར་ལྷུང་དགོས་པ་འདི་ཐུག་ས་སྣེ་གཅིག་ཁོ་ན་སྟེ། སྤྲུལ་སྐུའི་ལམ་ལུགས་བྱུང་བ་དེ་ནས་མགོ་བཙུགས་སོ། དེའི་རྒྱུ་མཚན་ནི་བགྲང་ལས་བརྗོད་པར་དཀའ་ཡང་གཤམ་གསལ་གྱི་རྣམ་གྲངས་རྣམས་ནི་གཙོ་བོ་འབའ་ཞིག་སྣང་། འདྲ་མཉམ་བྲལ་བའི་གཤེད་མའི་འཕྲུལ་འཁོར། སྤྲུལ་སྐུའི་སྤྱི་ཚོགས་དེས་མི་ཚང་མ་འདྲ་མཉམ་ཡིན་ཟེར་བའི་ལྟ་བ་དེར་ཐད་ཀར་ཁ་གཏད་བཅོག་གི་ཡོད། ”ང་སྐྱེ་བ་སྔ་མ་མི་མཁས་པ་དང་ཆེན་པོ་ག་གེ་མོ་ཞིག་གི་ཡང་སྲིད་ཡིན་”ཟེར་ནས་མི་འདྲ་འདྲའི་དཀྱིལ་ནས་ཁོ་རང་ཆེ་ས་ཆེ་ཤོས་ཀྱི་གོ་གནས་བཟུང་བར་དོད་སྟབས། འགྲོ་བ་མིའི་རིགས་ཡར་རྒྱས་ཡོང་སའི་བླ་ཤིང་སྟེ། རང་དབང་། འདྲ་མཉམ། སློབ་གསོ། ཤེས་ཡོན། ཉམས་མྱོང་། བློ་གྲོས། འགྲན་བསྡུར་བཅས་རྩི་མེད་དུ་གཏོང་གི་ཡོད། འགྲན་བརྩོད་མེད་པ་དང་། ཤེས་ཡོན་དང་ཉམས་མྱོང་ལ་དོ་སྣང་མེད་པའི་སྤྱི་ཚོགས་དེས་དངོས་ཡོད་དང་འགལ་བའི་རིགས་པ་སྟེ། ལྷ་དང་བླ་མའི་ལུང་ཟེར་བ་ཞིག་ལ་བཅོལ་ནས་མིའི་རིགས་ཀྱི་མདུན་ལམ་ལ་ཐག་གཅོད་བྱས་སྟབས། དེའི་འབྲས་བུའང་། མི་སྡེ་ཡར་རྒྱས་དང་། ཀུན་སྤྱོད་དང་ཤེས་ཡོན་མདུན་སྐྱོད་བྱེད་པའི་གལ་ཆེའི་རྐང་པ་སྟེ་མིའི་རྫོགས་མཐའ་མེད་པའི་རྩལ་སྟོབས་དེ་རྩ་མེད་བཏང་ཡོད། དུས་དེང་སང་ཡང་བོད་མིའི་སྤྱི་ཚོགས་དེ་ལྷ་དང་བླ་མའི་ལུང་ལས་སྒྲོལ་མེད། དཔེར་ན་དཀའ་ཤག་གི་མཐའ་མའི་ཐག་གཅོད་དེ་གནས་ཆུང་གསོལ་ནས་བྱེད་ཀྱི་ཡོད་པ་དེ་བདེན་པ་རེད། དེ་ལྟར་གྱི་ལམ་ལུགས་དེས་བོད་ལ་མཚོན་ན། ལོ་རྒྱ་ཕྲག་རིང་། བོད་ཀྱི་སྤྱི་ཚོགས་འདི་རྨོངས་དད་དང་། གཏི་མུག བློ་གྲོས་མེད་པའི་དུད་འགྲོའི་འཕྲུལ་འཁོར་ཞིག་ཏུ་བསྐྲུན་པར་བྱེད། དེས་བློ་གྲོས་དང་ཉམས་མྱོང་ལ་དོ་སྣང་མེད་པའི་སྤྱི་ཚོགས་གླེན་པ་ཉག་གཅིག་ཞིག་གི་འཁོར་ལོ་དྲུད་དོ།  འཛམ་གླིང་འདིའི་སྟེང་ད་ཆ་ཆེས་ཐབས་སྡུག་དང་ཡ་ང་བའི་མི་རིགས་འདི་བོད་པ་ཚོ་ཆགས་ཡོད། ནང་ལ་ཡོད་པའི་བོད་པ་ཚོ་རྒྱ་མིའི་འོག་ལ་མི་སེར་གཉིས་པའི་འཚོ་བ་ཞིག་སྐྱལ་བཞིན་ཡོད་པ་དང་་། ཕྱི་ལ་ཡོད་པའི་ཏ་ལའི་བླ་མ་མཆོག་གི་གཙོས་པའི་བོད་པ་རྣམས་སྐྱབས་བཅོལ་བའི་མི་རིགས་ཞིག་ཏུ་བསྒྱུར། དེ་ནི་སྤྲུལ་སྐུའི་ལམ་ལུགས་ཀྱི་བྱས་རྗེས་དང་པོ་སྟེ། རང་མེད་མི་མེད་བཟོ་བ་གཤེད་མའི་འཕྲུལ་འཁོར་གྱི་ལེའོུ། རྣམ་དཔྱོད་བྲལ་བའི་ལོང་བའི་ཁ་ལོ་བ། སྤྲུལ་སྐུའི་སྤྱི་ཚོགས་ཀྱི་དུག་སྐྱོན་གཉིས་པ་དེ་རྣམ་དཔྱོད་ལ་ཁ་གཏད་ཅོག་པ་འདི་རེད། སྤྱི་ཚོགས་ཡར་རྒྱས་འགྲོ་བའི་རྒྱུའམ་ཨ་མ་དེ་རྣམ་དཔྱོད་རེད། རྣམ་དཔྱོད་ལ་བརྟེན་ནས་འཇིག་བརྟེན་འདིར་འདས་ཟིན་པ་དང་ད་ལྟ་འཚོ་བཞིན་པའི་འགྲོ་བ་དུང་ཕྱུར་མང་པོས་གནས་སྐབས་དང་ཕུགས་ཀྱི་དཀའ་ངལ་གདོང་ལེན་བྱེད་བཞིན་ཡོད་ལ་ཁོང་ཚོར་ཡང་གཡུར་དུ་ཟར་བ་འབྲས་བུ་མང་པོ་ཐོབ་ཡོད། དེ་ལས་ལྡོག་སྟེ། བོད་ལ་སྤྲུལ་སྐུའི་ལམ་ལུགས་ཞིག་བཙུགས་ཏེ། དེས་རྣམ་དཔྱོད་བེད་སྤྱོད་བྱེད་པའི་གཞི་རྩའི་ས་གཞི་སྟེ་རང་དབང་། འདྲ་མཉམ། ཚོད་དཔག ཉམས་མྱོང་། ཚོད་ལྟ། རིགས་པའི་འགྲན་བརྩོད་རྣམས་རྩ་མེད་དུ་བཏང་ནས། སྤྲུལ་སྐུ་བྱིས་པ་བསམ་མེད་ཞིག་གནམ་ལ་སྟེགས་ནས། ཕྲུ་གུ་དེས་གནམ་དང་ལྷ་ཡི་སྟོབས་ལ་བརྟེན་ནས་འགྲོ་བ་མིའི་རིགས་ཀྱི་སྡུག་བསྔལ་དེ་དག་སྐྱོབ་པར་རེ། སྤྲུལ་སྐུ་དེ་ཡང་དམིགས་བསལ་གྱི་ཤེས་ཡོན་དང་ཉམས་མྱོང་མེད་སྟབས། མགོ་འོ་མ་ཐུང་སྟངས་ནས་མཐར་རྐུབ་ཕྱིས་སྟངས་བར་མི་གཞན་ཞིག་གིས་བསླབ་དགོས་པ་ལས་རང་སྟོབས་ཀྱིས་ཤེས་པའི་ནུས་པ་མེད་པ་དེ་གསལ་པོ་རེད། དེ་འཚོར་བཞིན་དུ། བསམ་མེད་ཀྱི་སྤྲུལ་སྐུའི་འགྲམ་གྱི་མི་དེ་ཚོས་ཐབས་སྣ་ཚོགས་ལ་བརྟེན་ནས་མང་ཚོགས་རྣམས་བསླུ་བྲིད་བྱས་ནས་རྣམ་དཔྱོད་དང་རིགས་པ་དང་ལྡན་པའི་སྐྱེ་བོ་རྣམས་མཐར་ཕུད། ལོང་བས་ཞར་བ་འདྲེན་པའི་སྤྱི་ཚོགས་ཞིག་སྐྲུན་ནས། ལུང་བསྟན་དང་། རྨི་ལམ། རྟགས། རྟེན་འབྲེལ། ལྷ་འབེབ། མོ། དེ་བཞིན་ཆོས་སྐྱོང་སྲུང་མའི་ལུང་ལ་བརྟེན་ནས་མིའི་རིགས་ཀྱི་དཀའ་ངལ་དང་མདུན་ལམ་རྣམས་དངོས་ཡོད་དང་ཡོངས་སུ་ལྡོག་པའི་ཐབས་ལམ་ལ་བརྟེན་ནས་ཐག་གཅོད་བྱེད། དེ་ལྟར་བྱེད་པའི་རྒྱུ་མཚན་ཡང་། སྤྲུལ་སྐུ་དེ་དང་། ཁོང་གི་ཉེ་འགྲམ་གྱི་མི་དེ་ཚོའི་འདོད་པ་དང་། ཁེ་ཕན་ཁོ་ན་སྒྲུབ་ཆེད་ལས། དམངས་ལ་ཕན་པའི་བསམ་པ་ཞིག་ད་བར་བྱུང་མེད། དེའི་འབྲས་བུར། བོད་ཀྱི་སྤྱི་ཚོགས་དེ་ལོང་བ། རྨོངས་དད་ཀྱི་ཆེས་ནག་ཁུང་དང་ཡ་ང་བའི་སྤྱི་ཚོགས་ཞིག་ལ་འགྱུར་སྟབས། རྒྱ་གུང་ཁྲན་རྣམས་སྟབས་བདེ་པོས་ཡུལ་དེར་བཙན་འཛུལ་བྱེད་པར་རོགས་བྱས་ཡོད། འདི་སྤྲུལ་སྐུའི་ལམ་ལུགས་ཀྱི་བྱས་རྗེས་གཉིས་པ་སྟེ། ལོང་བའི་ཁ་ལོ་བའི་ལེའོུ། ངས་ལེའུ་གསུམ་པ་འདི་ཀློག་མཁན་རྣམས་ཀྱིས་འགོད་རོགས་ཅེས་ཞུ་བ་འཐེན་ལོ།  

རྩོམ་རིག

Posts pagination

Previous 1 … 899 900 901 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme