Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གངས་དཀར་ལྷ་མོ་བཙལ་བའི་རྟོགས་བརྗོད།

Posted on 2008-08-102008-08-10 By ཡེ་ཤེས་ No Comments on གངས་དཀར་ལྷ་མོ་བཙལ་བའི་རྟོགས་བརྗོད།

ངའི་རྩོམ་ཉོག་དེ་གཤམ་དུ་རྡེག་གནོན་བྱས་ན་ཀློག་ཐུབ། http://www.tibetcm.com/new/News_View.asp?NewsID=500

སྙན་ངག

རིག་གནས་གསར་བརྗེ་ཞིག་ཡོང་གི་ཡོད་དམ།

Posted on 2008-08-10 By དགེ་རབ་ 1 Comment on རིག་གནས་གསར་བརྗེ་ཞིག་ཡོང་གི་ཡོད་དམ།

དེ་རིང་ངས་བོད་ཀྱི་དུས་བབ་གསར་ཤོག་གི་དྲ་རྒྱའི་སྟེང་ནས་བོད་དུ་རིག་གནས་གསར་བརྗེ་ཡང་བསྐྱར་ཡོང་རྒྱུ་ཡིན་པའི་སྐད་ཆ་ཞིག་བཀོད་པ་མཐོང་བྱུང་། ད་ལོའི་ཟླ་བ་གསུམ་པ་ནས་བཟུང་ང་ཚོ་བོད་ནང་ལ་འབྲེལ་བ་ཡོད་མཁན་ཚོས་འཇིགས་དངངས་དང་། འཚབ་འཚུབ། གཟབ་གཟབ། སེམས་འཚབ་སོགས་ཅི་ཙམ་བྱེད་དགོས་པ་འདི་ཤེས་གསལ་ཡིན། ད་ནི་འདི་འདྲའི་སྐད་ཆ་ཞིག་སླེབས་དུས་ང་ཚོས་ཅི་ཞིག་བྱེད་དགོས་པ་རེད། རྒྱ་འདི་ལ་རང་གི་ལྟོ་གོས་གཏམ་གསུམ་ལས་གཞན་མི་དགོས་པ་ནི་ཁ་གསལ་རེད། འདིས་རང་གི་ལྟོ་གོས་གཏམ་གསུམ་གྱི་ཆེད་དུ་ཅི་ཡང་བཤད་ཕོད་ལ་ཅི་ཡང་བྱེད་ཕོད་པ་ཞིག་རེད། འདི་ལ་ངོ་ཚ་མི་འདུག འདི་ལ་སྐྲག་སྣང་མི་འདུག འདི་ལ་འཛེམས་ཟོན་མི་འདུག འདི་ལ་གནས་ལུགས་མི་འདུག ད་ཅི་བྱེད། ཁྱེད་ཚོས་དེའི་སྐོར་གོ་ཐོས་བྱུང་ངམ། དཀའ་ངལ་མྱོང་མཁན་ནི་བོད་མི་དཀྱུས་མ་ཚོ་ཆགས་རྒྱུ་རེད།…

དེ་ལས་མང་བ་། “རིག་གནས་གསར་བརྗེ་ཞིག་ཡོང་གི་ཡོད་དམ།” »

རྩོམ་རིག

བརྒྱད་པའི་ཚེས་བརྒྱད་དང་ཞར་བྱུང་སེམས་ཁྲལ།

Posted on 2008-08-102008-08-10 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 17 Comments on བརྒྱད་པའི་ཚེས་བརྒྱད་དང་ཞར་བྱུང་སེམས་ཁྲལ།

སྐར་ཆེན།

ནམ་རྒྱུན་ནས་ང་ནི་བསམ་ཚུལ་གླེང་རྒྱུར་དགའ། རྨོངས་འཆར་སྤེལ་རྒྱུར་དགའ། གང་ཤེས་བ་དེ་གཞན་ལ་བརྒྱུད་སྤྲོད་བྱེད་རྒྱུར་དེ་བས་དགའ། འོན་ཀྱང༌།

དེ་རིང་སང་ཉིན། ངེད་ཀྱིས་བསམ་ཚུལ་གླེང་མི་ཤེས་བའི་ཚད་ཞིག་ལ་སླེབས།

གྲོགས་པོས་ཁྱེད་ཀྱིས་ཅི་ཞིག་བྱེད་ཀྱི་ཡོད་དམ་ཞེས་དྲིས་ཚེ༌། ལན་ནི་གཞན་གྱིས་སྤེལ་བའི་རྩོམ་ཡིག་རང་གི་སྐད་དུ་བསྒྱུར་ནས་བསྡད་ཡོད་ལབ་རྒྱུ་དེ་ཡིན། འོ་ན། ཅིའི་ཕྱིར་ང་བསམ་ཚུལ་གླེང་མི་ཤེས་བའི་ཚད་ལ་སླེབས་པ་རེད་དམ་ཟེར་ན། ང་ལ་དམིགས་བསལ་གྱི་ལན་མེད་ལ་ལན་གྱི་ངལ་བ་ཁུར་ལ་བླངས་ནས་ཅི་བྱེད།

དེ་རིང་སང་ཉིན་བོད་དོན་ཞེས་ཕར་རྒྱ་ནག་ལ་བརྗོད་མི་དགོས་བར་རྒྱ་ནག་གིས་ང་ཚོ་ལ་བོད་དོན་ཚུར་འགྲེལ་བརྗོད་རྒྱག་གི་ཡོད་པའི་གནས་སྟངས་ཤིག་ལ་སླེབས་འདུག

དེ་ལས་མང་བ་། “བརྒྱད་པའི་ཚེས་བརྒྱད་དང་ཞར་བྱུང་སེམས་ཁྲལ།” »

གསར་འགྱུར།

ནང་གི་མེ་ལྕེ།

Posted on 2008-08-09 By དགེ་རབ་ 15 Comments on ནང་གི་མེ་ལྕེ།

བསྟན་འཛིན་བརྩོན་འགྲུས།
སྐར་ཆེན་གྱིས་བསྒྱུར།

དཀའ་ངལ་ཆེ་ཤོས་ཤིག་ནི་ང་ཚོས་སྔོན་ཆད་བྱུང་མ་མྱོང་བའི་འགུལ་བསྐྱོད་ཀྱི་གོམ་སྟབས་ཆེན་པོ་ཞིག་ཕྱིའི་དེང་རབས་སྤྱི་ཚོགས་སུ་སྤོ་མ་ཐུབ་པ་དེ་རེད། ཁེར་རྐྱང་དུ་བསྡད་པའི་དབང་གིས༌། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་ཧི་མ་ལ་ཡའི་རྒྱབ་ལོགས་ཀྱི་འཛམ་གླིང་ཧྲིལ་བོའི་འགྱུར་འགྲོས་ཀྱི་རྗེས་ང་ཚོས་མ་ཟིན་པ་རེད། དེར་བརྟེན། ཧི་མ་ལ་ཡའི་ནང་ལོགས་ཀྱི་བོད་པའི་སྤྱི་ཚོགས་དེ་ཀླད་རྙིང་མཁྲེགས་བཟུང་ཅན་གྱི་ཆོས་ལུགས་མི་སྣ་དང་ཁེ་དབང་གཅིག་པོར་རྔམ་པའི་སྐུ་དྲག་མི་སྣས་བསྒྱུར་བཀོད་བྱེད་སའི་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཤིག་ཆགས་པ་རེད། ཕྱོགས་གཅིག་ནས་སྔོན་བྱོན་མཁས་པ་དག་གིས་ནང་ཆོས་འདི་བོད་ལ་དར་སྤེལ་བྱས་དེ་ཐོས་བསམ་དང་ཉམས་ལེན་གྱི་གདན་གསར་བ་ཞིག་བཏིངས་ཤིང་ཕྱོགས་གཞན་ཞིག་ནས་དེ་ཡར་རྒྱས་ཀྱི་བརྒྱུད་རིམ་ནང་ཆོ་ག་ཕྱག་ལེན་བྱེད་རྒྱུ་གཅིག་པོ་རྒྱ་ཆེ་རུ་བཏང་ནས་་རྨོངས་དད་ཤུགས་ཆེ་རུ་བཏང་འདུག

སློབ་གྲྭའི་དུས་ནས་བཟུང༌། ང་རང་བོད་ཀྱི་ཤེས་ལྡན་པའམ་བློ་གྲོས་ཅན་གྱི་མི་སྣ་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ༌། ཟླ་བ་ནོར་བུ། འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང་བཅས་ལ་ཡིད་སྨོན་བྱེད་བཞིན་འཚར་ལོངས་བྱུང་བ་ཡིན། ད་དུང༌། མི་ལ་རས་པ་དང་གླིང་གེ་སེར་ནི་ང་རང་ཆེས་དགའ་སའི་བོད་ཀྱི་མི་སྣ་གཉིས་ཡིན།

དེ་ལས་མང་བ་། “ནང་གི་མེ་ལྕེ།” »

འགྱུར་རྩོམ།, རྩོམ་རིག

ཐོབ་ཐང་རྩོད་ལེན་བྱེད་ན་འགྲིག

Posted on 2008-08-092008-08-09 By དགེ་རབ་ 8 Comments on ཐོབ་ཐང་རྩོད་ལེན་བྱེད་ན་འགྲིག

སྤྲིན་བྲལ། བོད།

འཇིག་རྟེན་ཁམས་ན་སེམས་ཅན་མང་པོ་ཡོད་ལ། བཟང་ངན་མཐོ་དམན་གྱི་དབྱེ་བ་ཡོད་པར་འདོད་པ་དང་མེད་པར་འདོད་པ་རིགས་གཉིས་ཡོད། ནང་པ་སངས་རྒྱས་པ་ལྟར་ན། རིགས་དྲུག་སེམས་ཅན་ལ་མ་ཡི་འདུ་ཤེས་འཛིན་དགོས་བར་གསུངས་ཡོད་ནའང༌། ད་ཡོད་ཀྱི་འཚོ་བའི་ཁྲོད་དུ་རིགས་རུས་སྐྱེ་ཁུངས་ལ་བཟང་ངན་མཐོ་དམན་གྱི་ཁྱད་པར་ཆེ།
འདུ་ཤེས་འཛིན་སྟངས་དེས་མི་རྣམས་ཀྱི་འཚོ་བ་དང་བསམ་བློ་ལ་བར་ཆད་བཟོ་བཞིན་འདུག འོན་ཀྱང༌། བར་ཆད་དེ་སེལ་ཐུབ་མིན་ནི། ཐད་ཀར་རང་སྟེང་ནས་བཟང་ངན་མཐོ་དམན་གྱི་ཁྱད་པར་ཡོད་མེད་ཁས་ལེན་མིན་དང༌། གཞན་ལ་འདྲ་མཉམ་གྱི་གནས་ལུགས་དེ་ངོ་སྤྲོད་པར་བརྩོན་པ་བྱེད་མིན་ལ་ཐུག་ཡོད། རང་ལ་ངོ་འཕྲོད་པ་དེ་གཞན་ལ་ངོ་སྤྲོད་ཐུབ་པ་བྱུང་ན། ཡོད་ཚད་འདྲ་མཉམ་གྱི་གནས་ལུགས་དེ། ཚང་མས་གཞི་ནས་རྟོགས་ཐུབ་རྒྱུ་རེད། སེམས་རྣལ་ལ་ཕབ་ནས་བསམ་བློ་རེ་བཏང་ན། ཡོད་ཚད་འདྲ་མཉམ་གྱི་གསན་ལུགས་དེ་རྟོགས་ཐུབ་པར་དཀའ་ངལ་ཅི་ཡང་མེད། དཔེར་ན། ཕན་ཚུན་ལ་འཕྲིན་ཡིག་བསྐུར་སྐབས། ཡིག་ཤུབ་སྟེང་དུ་སྡོད་གནས་དང་བསྐུར་ཡུལ་གྱི་མིང་དེ་བོད་ཡིག་གིས་བྲིས་པས་ཀྱང་གསལ་ཁ་གཏོད་ཡོང༌། མི་རིགས་འདྲ་མཉམ་དང་ཡིག་རིགས་འདྲ་མཉམ་གྱི་སྲིད་ཇུས་ལག་ལེན་དུ་བསྟར་ནས་མི་ལོ་དྲུག་ཅུར་ཉེ་ན་ཡང༌། ང་ཚོ་བོད་པ་ཚོས་ཡིག་ཤུབ་སྟེང་དུ་བོད་ཡིག་མ་བྲིས་བར་རྒྱ་ཡིག་ཁོ་ན་བྲིས་ཏེ་ད་ལྟའི་བར་ལུས། བཅིངས་གྲོལ་བྱས་མ་ཐག་བོད་ཡིག་བྲིས་བའི་ཡིག་ཤུབ་འགའ་རེ་མཐོང་མྱོང༌།

དེ་ལས་མང་བ་། “ཐོབ་ཐང་རྩོད་ལེན་བྱེད་ན་འགྲིག” »

རྩོམ་རིག

བོད་དོནངོ་རྒོལ།

Posted on 2008-08-092008-08-09 By dhatsenpa 3 Comments on བོད་དོནངོ་རྒོལ།

༢༠༠༨།༠༨།༠༩ ཉིན་ཐེན་ཨན་མིན་ཐང་ཆེན་དུ་ཕྱི་རྒྱལ་བ་ལྔས་མར་ས་ལ་ཉལ་ནས་ཤི་རྫུ་བཏབ་སྟེ་བོད་དོན་ཆེད་ངོ་རྒོལ་བྱས་འདུག དེའི་ནང་གི་གཅིག་ངའི་ངོ་ཤེས་པ་ཞིག་ཡིན། ཁོང་གི་མིང་ལ་ ཁིར་སི་ཁྲོ་ཧྥུ་ཟེར་ཞིང་། ད་ལྟ་དགུང་ལོ་ཉི་ཤུ་རྕ་བཞི་ཡིནཔ་དང་སློབ་གྲུ་ཆེན་མོར་འགྲིམས་བཞིན་པའི་སློབ་ཕྲུག་ཅིག་ཡིན། ཁོང་བོད་རང་དབང་སློབ་ཕྲུག་ཚོགས་པའི་ནང་ཡང་ཡོད་པ་རེད། ཁོང་གི་སྐྱེས་ས་དང་འཚར་ས་ཀེ་ན་ཊའི་མོན་ཁྲེ་རེལ་གྲོང་ཁྱེར་ལ་རེད། གཞན་ཡང་ཧོང་ཀོང་དུའང་བོད་དོན་ལ་ངོ་རྒོལ་ཞིག་བྱུང་འདུག ང་ཚོ་བོད་མི་རྣམས་ཕར་ངོ་རྒོལ་ལ་འགྲོ་བར་ཐོངས་མཆན་རག་དཀའ་བའི་སྐབས་འདིར་ཁོང་ཚོ་ལྟ་བུ་དྲང་བདེན་ལ་དགའ་བའི་ཕྱི་རྒྱལ་བ་ཉུང་ཤས་ཤིག་མ་སྐུལ་དང་བླངས་ཀྱིས་ཕར་ཕྱིན་ནས་བོད་དོན་ལ་ངོ་རྒོལ་སྤེལ་བར་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་གི་ཡོད། ད་རུང་མུ་མཐུད་དུ་ངོ་རྒོལ་རིགས་འདྲ་མིན་ཡོང་གི་རེད་བསམ། བོད་རྒྱལ་གྱུར་ཅིག http://freetibet2008.org/globalactions/tsquare/

རྩོམ་རིག

ཨོ་ལིམ་པིག་གི་མཛད་སྒོ་དེ་ད་ལྟ་རང་བལྟས་པ་ཡིན།

Posted on 2008-08-08 By དགེ་རབ་ 5 Comments on ཨོ་ལིམ་པིག་གི་མཛད་སྒོ་དེ་ད་ལྟ་རང་བལྟས་པ་ཡིན།

གྲོགས་པོ་མདའ་ཚན་པས་ཉིན་གཅིག་གི་སྔོན་ནས་མཐོང་ཟིན་པའི་མཛད་སྒོ་ངས་ད་སོ་མ་བལྟས་པ་ཡིན། ང་ལ་མཐོང་ཚུལ་འགའ་ཞིག་བྱུང་། མདའ་ཚན་པས་གསུངས་པ་བཞིན་ངོ་མཚར་དེ་ཚོ་ནི་ངོ་མཚར་རང་རེད། ཡིན་ན་ཡང་ངས་མི་སྟོང་ཕྲག་མང་པོ་མཉམ་རུབ་ཀྱིས་རྔ་བརྡུང་ནས་སྒུར་དགྱེས་བྱེད་སྐབས་དེར། ཆོས་ལུགས་ཞིག་ལ་རྨོངས་དད་ཀྱིས་དམར་མཆོད་བྱེད་བཞིན་པའི་ཚོར་སྣང་ཞིག་བྱུང་། དེ་ནས་རྒྱ་མི་དང་རྒྱ་མི་རེད། ཐེ་ཝན་ལ་སླེབས་དུས་ཁྱད་མཚར། རྒྱ་ནག་གི་ཐེ་ཝན་ཞེས་བྲིས་འདུག དྲིལ་བསྒྲགས་མཁན་གྱིས་ཐེ་ཝན་ལ་རང་གི་རྒྱལ་དར་ཡང་འཁྱེར་མ་བཅུག་པ་རེད་ཟེར། ཐེ་ཝན་གྱིས་རས་ལེབ་ཞིག་གི་སྟེང་ལ་ཨོ་ལིམ་པིག་གི་རི་མོ་ཡོད་པ་ཞིག་འཁྱེར་འདུག ཧོང་ཀོང་ལ་ནི་ཧོང་ཀོང་ཞེས་པ་གཞན་བྲིས་མི་འདུག ལྟད་མོ་བ་ཚོས་བྱང་ཀོ་རི་ཡ་དང་ཁུའུ་བྷ་རྒྱལ་ཁབ་སླེབས་དུས་སྐད་གཟེངས་བརྒྱབ་སོང་། དམར་པོའི་རྒྱལ་ཁབ་ཀྱི་ཕྱོགས་ཞེན་ཡིན་པ་འདྲ། དེ་ནས་རྒྱ་ནག་གི་ལུས་རྩེད་པ་ཚོ་སླེབས་སོང་། བརྙན་འཕྲིན་འགྲེལ་བརྗོད་པས།…

དེ་ལས་མང་བ་། “ཨོ་ལིམ་པིག་གི་མཛད་སྒོ་དེ་ད་ལྟ་རང་བལྟས་པ་ཡིན།” »

རྩོམ་རིག

ཕ་ཡུལ་དུ་ཨོ་རྩལ་མཛད་སྒོར་བཅར་མཁན།

Posted on 2008-08-08 By dhatsenpa No Comments on ཕ་ཡུལ་དུ་ཨོ་རྩལ་མཛད་སྒོར་བཅར་མཁན།

ངས་ཕ་ཡུལ་ལ་ཁ་པར་པཏང་ནས་གནས་ཚུལ་ཤེས་པ་ལྟར་ན། ཕ་ཡུལ་དུ་ཨོ་ལིམ་ཕིག་གི་མཛད་སྒོར་མི་བཞི་བཅར་གྱི་འདུག ད་རེས་འདས་པའི་དུས་དང་ཅུང་མ་འདྲ་བ་ཞིག་ནི། འཐུས་མི་འདི་ཚོ་ཚང་མ་སྤྱི་ཚོགས་ནང་མིང་ཡག་པོ་ཡོད་པའི་མི་རྐྱང་རྐྱང་ཡིན་པ་ལས་སྔོན་ཐོན་པ་དེ་འདྲ་སུ་གང་ཡང་མི་འདུག དེའི་ནང་འབྲོག་མི་རྣམས་དགའ་བོ་ཡོད་པའི་བོད་སྨན་པ་གསུམ། གཞན་འབྲོག་མི་སེམས་བཟང་རྟག་པར་དབུལ་ཕོངས་རྣམས་ལ་དངུལ་སྒོར་དང་སྒོ་ཕྱུགས་སོགས་ཀྱིས་རོགས་རམ་བྱེད་མཁན་གཅིག་བཅས་རེད། འདི་དག་ལས་ངས་ཁྱེད་ཚོར་ཨ་ཁུ་འབྲོག་པ་འདིའི་སྐོར་ངོ་སྤྲོད་ཅུང་ཟད་བྱེད་གི་ཡིན། ཁོང་ངའི་ངོ་ཤེས་ཡིན་པ་མ་ཟད་ངའི་སྟོད་ཉི་མ་ལྷ་ས་མཇལ་བའི་དབུས་རོགས་ཀྱང་ཡིན། ང་ཕ་ཡུལ་ཕྱིན་སྐབས་ཁོ་ལ་ངོ་ཐུག་བྱུང་བ་མ་ཟད། རྗེས་ནས་ཁོང་གི་སྐོར་ལ་སྒྲུང་ཡང་མང་པོ་ཞིག་གོ་བྱུང་། ཐེངས་གཅིག་ཁོང་ཟི་ལིང་གི་སྨན་ཁང་ཞིག་ལ་ཕྱིན་སྐབས། རྒྱ་མིའི་མི་ཚང་སྐྱོ་བོ་ཞིག་གི་ནང་མི་རྣམས་གཅིག་གིས་གཅིག་ལ་འཐམ་སྟེ་ངུ་འབོད་བྱེད་བཞིན་པའི་གནས་ཚུལ་མཐོང་བ་དང་། ཁོང་གིས་སྐད་ཀྱི་དཀའ་ངལ་ལ་མ་བལྟས་པར་གནས་ཚུལ་ཅི་ཡིན་གྱི་སྐོར་སྐད་ཆ་དྲིས་ཤིང་རྒྱུས་ལོན་ཡང་ཡང་བྱས་ཏེ་ཤེས་པ་ལྟར་ན། རྒྱ་མིའི་མི་ཚང་དེའི་ནང་མི་ཞིག་ན་སྟེ་གཤགས་བཅོས་མ་བྱས་ན་ཤི་རྒྱུར་ངེས་འདུག་པ་དང་། གཤགས་བཅོས་བྱེད་པ་ལ་སྒོར་མོ་མ་འདང་བར་སྨན་ཁང་ནས་ཕྱིར་འབུད་རྩིས་བྱས་འདུག…

དེ་ལས་མང་བ་། “ཕ་ཡུལ་དུ་ཨོ་རྩལ་མཛད་སྒོར་བཅར་མཁན།” »

གསར་འགྱུར།

ཨོ་ལིམ་ཕིག་མཛད་སྒོའི་སྔ་ཕྱི།

Posted on 2008-08-08 By dhatsenpa 5 Comments on ཨོ་ལིམ་ཕིག་མཛད་སྒོའི་སྔ་ཕྱི།

ཅི་འདྲ་འདུག གྲོགས་པོ་ཚོ། ཨོ་ལིམ་ཕིག་གི་མཛད་སྒོ ད་དུང་མ་ཚར་བར་སྟོན་གྱི་འདུག ད་ལྟ་རྒྱ་ནག་གི་ལུས་རྩལ་པ་རྣམས་ཕྱིར་ཐོན་ཡོང་གི འདིར་ཨོ་ལིམ་ཕིག་གི་མཛད་སྒོ་མ་གླེང་སྔོན་མཛད་སྒོ་མ་ཚུགས་སྔོན་གྱི་གནས་ཚུལ་དེ་ཞུ་འདོད། བོད་དོན་ཆེད་ངོ་རྒོལ། ཨོ་ལིམ་ཕིག་གི་མཛད་སྒོ་མ་ཚུགས་པའི་ཆུ་ཚོད་གཅིག་གི་སྔོན་ཙམ་ལ། ཨོ་རྩལ་རྩེ་ཡུལ་བྱེའུ་ཚང་ནང་འཛུལ་སའི་ཕར་ཕྱོགས་སུ། ཕྱི་རྒྱལ་བ་གསུམ་གྱིས་བོད་ཀྱི་རྒྱལ་དར་ཕྱར་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཆེད་ངོ་རྒོལ་བྱས་འདུག ཡིན་ན་ཡང་སྐར་ཆ་བཞི་བཅུ་རྗེས་ཁོང་ཚོ་ཚང་མ་རྒྱ་ནག་གི་སྤྱི་བདེ་མི་སྣས་འཇུས་འདུག དེ་ཕ་ཡུལ་དྲ་ཚིགས་སུ་ལམ་སང་བཀོད་འདུག་པ་མ་ཟད་ངོ་རྒོལ་བྱེད་བཞིན་པའི་པར་ཞིག་ཀྱང་བཀོད་འདུག པར་ནང་མི་གཅིག་སྤྱི་བདེ་མི་སྣ་གཉིས་ཀྱིས་མར་སལ་མནན་འདུག ཡང་སྤྱི་བདེ་མི་སྣ་གཅིག་གིས་ཕོ་གསར་སྟོད་ལྭ་ནག་པོ་གོན་པ་ཞིག་གི་རྒྱབ་ལོགས་ནས་འཇུས་ཏེ་ཁོང་གི་ལག་པ་གཡས་པ་ནས་དམ་པོར་བཟུང་འདུག་ཀྱང་ཁོང་གིས་ལག་པ་གཡོན་པས་བོད་ཀྱི་རྒྱལ་དར་ཡར་བསྒྲེངས་འདུག ཁོང་གི་མདུན་དུ་ཡང་སྤྱི་བདེ་མི་སྣ་ཞིག་ཡོད་པ་དེའི་ལག་པ་འཇོག་སྟངས་ཀྱི་རྣམ་པར་བལྟས་ན།…

དེ་ལས་མང་བ་། “ཨོ་ལིམ་ཕིག་མཛད་སྒོའི་སྔ་ཕྱི།” »

གསར་འགྱུར།, རྩོམ་རིག

དབྱིངས་ཀྱི་རྣམ་ཤེས།

Posted on 2008-08-08 By lungrik 2 Comments on དབྱིངས་ཀྱི་རྣམ་ཤེས།

དབྱིངས་ཀྱི་རྣམ་ཤེས། ཚེ་རིང་སྐྱིད། རི་རྒྱུད་སྨུག་པས་གཡོག་པའི་གྲོང་གསེབ་ཞིག་ཏུ།། རྣམ་ཤེས་སྟོང་ཕྲག་དུ་མ་དྲན་པས་གདུང་ཡོད།། རེ་སྒུག་ལོ་ཟླས་བསླུས་པའི་རྒན་ཁོག་མང་སོང༌། རྨི་ལམ་རུམ་ན་ཡོད་པའི་གཞོན་པ་མང་སོང༌། ། རི་བོ་་ཧི་མ་ལ་ཡའི་ཕ་རོལ་དེ་ན།། དཔྲལ་བ་ས་ལ་བཏུག་པའི་མི་རིགས་ཞིག་གིས།། རང་ཁྱིམ་དྲོན་མོའི་མཁར་ཁ་སྲུང་བའི་ཞོར་ཏུ།། དགུང་གི་ཟླ་བར་སེམས་ཀྱི་མཆི་མ་སྐུར་ཡོད།། ནམ་མཁའི་སྐར་མདས་སེམས་ལ་ཚ་ཤེར་སློང་དུས།། གནམ་འོག་གཅིག་ན་ངུ་བའི་རྣམ་ཤེས་མང་སོང༌།། ཆུ་མོའི་གཞུང་གི་རང་དབང་ཉྭ་མོར་ལྟ་ཞོར།། ལྕགས་དྲར་ཡོད་པའི་བྱེའུ་ཆུང་སྙིང་རེ་རྗེ་སོང༌།།…

དེ་ལས་མང་བ་། “དབྱིངས་ཀྱི་རྣམ་ཤེས།” »

སྙན་ངག

འཇིགས་བྲལ།

Posted on 2008-08-07 By དགེ་རབ་ 6 Comments on འཇིགས་བྲལ།

གསང་བའི་ལམ་ནས་བཟོ་སྐྲུན་བྱས་པའི་བོད་མིའི་སེམས་ཀྱི་ཚོར་བ་ངོ་མ་མཚོན་པའི་གློག་བརྙན་ཞིག
བོད་མི་ཚོས་བོད་དང་རྒྱ་ནག་ཨོལིམཔིཀ་བཅས་ཀྱི་སྐོར་ལ་འགྲེལ་བརྗོད་བྱེད་པ།
ཕྱི་ལོ་༢༠༠༨ ཟླ་༨ ཚེས་༦ ཉིན་གྱི་ཉིན་གུང་ཚོུད་༡༢ ཐོག་པེ་ཅིན་དུ་གསར་འགོད་གསལ་བསྒྲགས་དང་གློག་བརྙན་སྤྱན་བསྟར་ཞུ་རྒྱུ།

ཕྱི་ལོ་༢༠༠༨ ཟླ་༨ ཚེས་༦ ཉིན་གྱི་གསར་འགོད་གསལ་བསྒྲགས།
༄༅།། །ད་རིང་ཐེངས་ཉེར་དགུའི་ཨོ་ལིམ་པིཀ་རྩེད་འགྲན་ཚོགས་སའི་གྲོང་ཁྱེར་པེ་ཅིན་གྱི་ནང་དུ་བོད་ནང་གསང་བའི་སྒོ་ནས་བཟོ་སྐྲུན་དང་སྦྲགས་ཕྱི་ཟླ་གསུམ་པའི་གྱེན་ལངས་མ་བྱུང་བའི་ཉིན་ཤས་སྔོན་དུ་སྦས་གསང་གིས་ཕྱིར་གཏོང་ཐུབ་པ་བྱུང་བའི་དེ་སྔ་བྱུང་མ་མྱོང་བའི་གློག་བརྙན་ཞིག་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ལ་འགྲེམས་སྤེལ་སྤྱན་བསྟར་ཞུ་རྒྱུ་རེད། དུས་ཡུན་སྐར་མ་༢༥ ཅན་གྱི་དངོས་བྱུང་གློག་བརྙན་༼འཇིགས་བྲལ་༽ ཞེས་པ་འདི་སྙིང་སྟོབས་ཅན་གྱི་བོད་རིགས་གློག་བརྙན་བཟོ་མཁན་རུ་ཁག་ཅིག་གིས་བཟོ་སྐྲུན་གནང་ཡོད། གློག་བརྙན་འདིས་ཨོ་ལིམ་པིཀ་རྩེད་མོའི་མཚོན་རྟགས་དང་། སྐབས་དོན་གྱི་འབྲེལ་བ། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་རང་ཡུལ་དུ་ཕྱིར་ཕེབས། བོད་ནང་རྒྱ་ནག་གི་དབང་སྒྱུར་བཅས་ཀྱི་སྐོར་ལ་བོད་ནང་གི་བོད་མིའི་སེམས་ཚོར་ངོ་མ་ཇི་བཞིན་མཚོན་ཐུབ་པ་བྱས་ཡོད།་
བོད་ཤར་ཕྱོགས་ནས་ཡིན་པ། རང་ཉིད་ཀྱིས་རང་ལ་བསླབ་པའི་གློག་བརྙན་བཟོ་སྐྲུན་པ། ཞིང་པ་དོན་གྲུབ་དབང་ཆེན་དང་། ཁོ་པའི་གྲོགས་པོ་བཙུན་པ་འགོ་ལོག་འཇིགས་མེད་གཉིས་ལས་གྲུབ་པའི་རུ་ཁག་ཅིག་ནས་བོད་ནང་དུ་རྒྱ་ནག་གི་དབང་སྒྱུར་དང་། པེ་ཅིན་ཨོ་ལིམ་པིཀ་རྩེད་འགྲན། ༸གོང་ས་ཏཱ་ལའི་བླ་མ་རིན་པོ་ཆེ་བཅས་དོན་ཚན་གསུམ་གྱི་སྐོར་ལ་བོད་མི་དཀྱུས་མ་ཚོར་གསང་བའི་སྒོ་ནས་བཅར་འདྲི་ཞུས་ཏེ་དུས་ཡུན་ཚོུད་༣༥ ལས་མང་བའི་བརྙན་པར་བླངས་ཡོད།

དེ་ལས་མང་བ་། “འཇིགས་བྲལ།” »

གསར་འགྱུར།, འགྱུར་རྩོམ།

སྐྲ་བཞར་ལས་འགུལ།

Posted on 2008-08-07 By དགེ་རབ་ 2 Comments on སྐྲ་བཞར་ལས་འགུལ།

གཡུ་དྲུག་དཀར། རྡ་ས།
ཉིན་ཤས་སྔོན་ནས་ཐག་རིང་ནས་གོ་མི་བདེ་བ་ཞིག་ཡོད་པ་ནི་བོད་ནང་དུ་རྒྱ་དམར་ཀླ་ཀློའི་དཔུང་གིས་ཉེས་མེད་བོད་མིའི་ཚེ་སྲོག་རྡོག་རོལ་དུ་གཏོང་བཞིན་པ་འདི་རེད་ལ། ཐག་ཉེ་ནས་མཐོང་མི་བདེ་བ་ཞིག་ཡོད་པ་ནི་མི་སྐྱ་མགོ་རིལ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་འདི་ཚོ་རེད།
ལོས་ཡིན། འགྲོ་བ་མིའི་ཕྱི་ལུས་ཀྱི་སྟེང་དང་ནང་སེམས་ཀྱི་སྦུག་གཉིས་ཀར་མ་བཏེགས་ལྷན་སྐྱེས་ཀྱི་མཛེས་ཆོས་ཇི་སྙེད་ཅིག་ཡོད་པ་བཞིན། ང་ཚོའི་ལུས་ཀྱི་ཡང་རྩེ་རུ་མ་བཙུགས་ལྷན་སྐྱེས་ཀྱི་སྐྲ་ལོའང་དེ་དག་ལས་མཛེས་སྡུག་གི་མ་ལག་རང་ག་བ་ཞིག་མིན་པར། མི་མང་པོར་གདེང་སྤོབས་དང་མཛེས་རྟོག་གི་རྨི་ལམ་རྒྱ་ཆེན་པོ་བཞེངས་ཡོད་ངེས།
འོན་ཏེ། མི་རིགས་སོ་སོའི་སྐྱེ་ཁམས་ཁོར་ཡུག་དང་རིག་གནས་སེམས་ཁམས་ཀྱིས་བསྐྱེད་པའི་འཚོ་བའི་སྤྱོད་སྟངས་ཁྲོད་མགོ་སྐྱེས་སྐྲ་ལོ་མཛེས་བར་མི་སྣང་པར་བཞར་མཁན་ཡོད་ལ། མི་ལ་ལས་དགོས་དབང་གིས་རང་གི་མཛེས་ཆོས་སུ་གྱུར་བའི་སྐྲ་ལོ་བསམ་བཞིན་དུ་བློས་བཏང་ནས་བཞར་མཁན་ཡང་ཡོད། རང་རེའི་གངས་ཅན་པར་མཚོན་ན་ཆོས་ཕྱོགས་ནས་གྲྭ་བ་དང་བཙུན་མའི་སྡེ་གཉིས་ནི་རང་གི་རྩ་ཁྲིམས་ཀྱི་སྟེང་ནས་གཏན་འཇགས་རང་བཞིན་ཅན་གྱི་སྐྲ་བཞར་མཁན་ཞིག་ཡིན་ལ། འཇིག་རྟེན་པའི་ངོས་ཐད་ནས་རྒན་རྒོན་དང་ཕྲུ་གུ་ཚོའི་ལུས་ཀྱི་གཙང་སྦྲ་དོད་དུ་གཏོང་ཆེད་སྐྲ་འབྲེག་པ་དང་། གཞོན་པ་ཚོར་ཕ་མ་དང་མི་རྒན་པ་ཚོས་སྐྲ་རིང་པོ་འཇོག་པ་ནི་མི་རྐུན་མ་དང་ཁྲམ་པ། གང་གི་སྤྱད་ལའང་མི་འགྲོ་མཁན་ཚོའི་རྟགས་མཚན་ཞིག་སྟེ། ཀུན་སྤྱོད་ཀྱི་སྡིག་ཉེས་ཆེན་པོ་ཞིག་མགོ་ལ་ཁུར་བར་བཤད་ནས་སྐྲ་བཞར་སྟངས་ཤིག་ཀྱང་ཡོད་མོད། འདི་ནི་དམངས་ཁྲོད་ཀྱི་མི་ལ་ལ་དང་མཚམས་ལན་རེའི་བྱེད་སྟངས་ཤིག་ལས། མང་མང་གི་སྲོལ་དུ་གྱུར་མེད་པས། ཕ་མ་ལས་ཤས་ཀྱི་བུ་ཕྲུག་གཅུན་སྟངས་ཙམ་དུ་སྣང་ཞིང་། གཞན་རྒྱ་གུང་ཁྲན་ཏང་འདི་བ་ཚང་སླེབས་ནས་བོད་ཡུལ་དུའང་ཉེས་ཅན་བཙོན་པའི་མགོ་ཡི་སྐྲ་བཞར་སྲོལ་ཞིག་ཚུགས་པ་དེ་རེད།

དེ་ལས་མང་བ་། “སྐྲ་བཞར་ལས་འགུལ།” »

རྩོམ་རིག

ངེད་བཙན་བྱོལ་བའི་སྐོར།

Posted on 2008-08-07 By དགེ་རབ་ 3 Comments on ངེད་བཙན་བྱོལ་བའི་སྐོར།

བསྟན་འཛིན་བརྩོན་འགྲུས།
སྐར་ཆེན་གྱིས་བསྒྱུར།

བསྟན་འཛིན་བརྩོན་འགྲུས་ནི་བཙན་བྱོལ་དུ་སྐད་གྲགས་ཡོད་པའི་དབྱིན་ཡིག་རྩོམ་པ་པོ་དང་བོད་རང་དབང་འཐབ་རྩོད་པ་ཞིག་ཡིན། ངེད་བཙན་བྱོལ་བའི་སྐོར་ཞེས་པའི་རྩོམ་ཡིག་འདི་ཉིད་ལ་ཕྱི་ལོ་༢༠༠༡ལོའི་རྒྱ་གར་གྱི་དུས་དེབ་ (outlook Magazine) ཀྱི་འགྲན་རྩོམ་ཁོངས་སུ་བྱ་དགའ་ཐོབ།

ངས་སོ་སོར་རང་ཉིད་གང་ནས་ཡོང་མིན་གྱི་སྐོར་ལ་སྐད་ཆ་འདྲི་དུས། ང་ལ་དྲི་བ་དེར་ལན་མེད་པ་ཆགས་ཀྱི་འདུག ངས་ནམ་རྒྱུན་ནས་རང་ཉིད་ཕྱོགས་གང་ལ་ཡང་མི་གཏོགས་པ་མ་ཟད་རང་ལ་ཁྱིམ་ཡང་མེད་པ་ཚོར་གྱི་ཡོད། ང་སྐྱེས་ས་མཱ་ནཱ་ལཱི་ཡིན་མོད། ངའི་ཕ་མ་གཉིས་ཁཱ་ནཱ་ཀྲ་ཁཱར་སྡོད་ཀྱིཡོད། ང་རང་ཧི་མ་ཅལ་མངའ་སྡེའི་ནང་གི་ས་ཁུལ་མི་འདྲ་བ་གཉིས་ནས་སློབ་ཐོན་བྱས་ཤིང་སོ་སོའི་སློབ་སྦྱོང་རྒྱུན་འཁྱོངས་ཀྱི་སླད་དུ་ལ་དྭགས་དང་མཱ་རྡཱི་རཱ་སཱི། མམ་བྷེབཅས་སུ་མུ་མཐུད་དུ་སློབ་གྲྭ་འགྲིམས་མྱོང། ངའི་གཅེན་མོ་རྣམས་ལྦར་ནཱར་སྡོད་ཀྱི་ཡོད་ལ་ངའི་གཅེན་པོ་རྣམས་རྡ་སར་གནས་སྡོད་བྱེད་ཀྱི་ཡོད།
ངའི་སྐྱབས་བཅོལ་ལག་འཁྱེར་གྱིས་ང་རང་རྒྱ་གར་དུ་སྡོད་མཁན་གྱི་ཕྱི་རྒྱལ་བ་ཞིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། ང་རང་བོད་ཀྱི་མི་སེར་ཞིག་ཡིན་མོད། འོན་ཀྱང་། བོད་ཞེས་པ་དེ་འཛམ་གླིང་གི་སྲིད་དོན་ས་ཁྲའི་སྟེང་དུ་མེད། ང་རང་བོད་སྐད་བཤད་རྒྱུར་དགའ་ལ་དབྱིན་ཡིག་འབྲི་རྒྱུར་དུངས། ང་ཧིན་རྡིའི་གཞས་གཏོང་རྒྱུར་དགའ་རུང་ངའི་ངག་གདངས་ཚང་མ་ནོར་བ་ཤ་སྟག་ཡིན། མི་ཞིག་གིས་ང་རང་གང་ནས་ཡོང་བ་ཤེས་འདོད་ཀྱི་སྒོ་ནས་སྐད་ཆ་དྲིས་བའི་ཚེ། དེ་ལ་ཁ་གཏད་ཀྱི་ཚབ་ཏུ་གཟེངས་སུ་ཐོན་པའི་ལན་ནི་བོད་པ་ཞེས་པའི་ཚིག་འབྲི་འདི་གཉིས་ཡིན། ནམ་རྒྱུན་ངའི་སེམས་པ་དྲི་བ་དང་དོགས་པ། དྲིལ་བསྒྲགས་དང་གདུང་བ་བཅས་ཀྱིས་བཏུམས་ནས་ཡོད། འོན་ཀྱང་། ཐ་སྙད་འདི་དག་གིས་ང་ལ་ཁྱིམ་ཞེས་འབོད་ས་ཞིག་མེད་པ་དང་ང་རང་འཛམ་གླིང་ཆེན་པོ་འདིའི་ནང་གི་སྐྱབས་བཅོལ་བ་ཞིག་ཡིན་པའི་གནས་སྟངས་འདིར་ནམ་ཡང་འགྲེལ་བརྗོད་ཐུབ་ཁག་པོ་རེད།

དེ་ལས་མང་བ་། “ངེད་བཙན་བྱོལ་བའི་སྐོར།” »

རྩོམ་རིག

འདི་ན་པེ་ཅིན་པར་གསར་ཡོད།

Posted on 2008-08-06 By ཡེ་ཤེས་ 7 Comments on འདི་ན་པེ་ཅིན་པར་གསར་ཡོད།

དེ་རིང་བོད་རང་དབང་སློབ་ཕྲུག་ཚོགས་པས་པེ་ཅིན་དུ་བསྒྲེངས་པའི་རས་ཡོལ།

གསར་འགྱུར།

ཁྱེད་ཀྱི་མི་ཚེའི་སྙིང་པོ་གླེང་བ།

Posted on 2008-08-06 By དགེ་རབ་ 4 Comments on ཁྱེད་ཀྱི་མི་ཚེའི་སྙིང་པོ་གླེང་བ།

སྐར་ཆེན།

ལོ་ན་ཆུང་བའི་དུས་སུ། སོ་སོར་མཐོང་རྒྱ་དང་ཐོས་རྒྱ་ཆུང་བ། ཤེས་བྱ་ཡོན་ཏན་མེད་པ། གཞན་གྱི་ལམ་སྟོན་དཀོན་པ། ལེ་ལོ་དང་སྒྱིད་ལུག་ཆེ་བ་སོགས་ཀྱི་དབང་གིས་མི་ཚེའི་སྙིང་བོའམ་འཚོ་སྡོད་ཀྱི་སྙིང་བོའི་ཕྱོགས་ལ་བསམ་བློ་བཏང་མ་མྱོང་། བསམ་བློ་གཏོང་བའི་སྟ་གོན་ཡང་བྱས་མྱོང་མེད། དེ་དུས། ཕུགས་བསམ་དང་མདུན་ལམ་། མི་ཚེ་ཟེར་བའི་ཐ་སྙད་འདི་དག་ལ་གོ་བ་ལོན་རྒྱུ་ཕར་ཞོག་རྣ་ཐོས་ཙམ་ཡང་མེད། ད་དུང་། དགེ་རྒན་གྱི་བཀའ་སློབ་རྣ་བའི་རྒྱབ་ལ་གཡུགས་པའི་མི་ཚད་ཕ་མའི་གསུངས་ལ་སྣང་ཆུང་བྱས། གཞན་གྱི་སྲོང་བོའི་གཏམ་རྡོག་པའི་སྣེ་མོར་གཡུགས།
འདི་ལྟར། ཕྱིའི་གཟུགས་པོའི་འཚར་སྟོབས་ཀྱང་གཉོམ་པའི་ཐོག་ལ་ནང་བསམ་བློའི་འཚར་ལོངས་ཀྱང་གཉོམ།
གང་ལྟར། ཕ་མའི་བཀའ་དྲིན་ནམ་ལས་དང་རྐྱེན་གྱི་དབང་གིས་། ཀ་ཁ་སྦྱོང་བའི་གོ་སྐབས་ཐོབ། སློབ་གྲྭར་ཞུགས་པའི་སྐལ་བ་རེག། ཀ་ངོ་ཡིག་ངོ་ཅུང་ཙམ་ཆོད་པ་འདིས་ང་ལ་བསམ་གཞིགས་གཏོང་བའི་སྐུལ་མ་བྱས། གོམ་ཟུང་སྤོ་སའི་ལམ་་ཞིག་རེག བློ་རིག་རྒྱས་སའི་གཞི་ཞིག་བཏིངས། འབྲི་ྐློག་སློབ་སྦྱོང་གི་རྨང་གཞི་ཅུང་ཙམ་ཡོད་པ་་དེའི་ཐོག་ལ་སོ་སོའི་ནང་བསམ་བློ་ཡང་ཡར་རྒྱས་འགྲོ་འགོ་ཚུགས།
ད་ནི་མི་ཚེའི་སྙིང་བོའི་ཕྱོགས་ལ་བསམ་བློ་འཁོར། གཞན་གྱིས་ཉོན་མོངས་ལ་ཁས་འཆེ་བའི་འདོད་ཆགས་དང་ཞེ་སྡང་། གཏི་མུག་བཅས་ཀྱི་ཕྱོགས་ལ་བསམ་བློ་འཁོར། འཚོ་སྡོད་ཀྱི་བརྒྱུད་རིམ་དང་མི་ཚེའི་ཉམས་མྱོང་། སྤྱི་ཚོགས་ཀྱི་འགྱུར་འགྲོས་བཅས་ལས་ཉོན་མོངས་ཀྱི་བྱེད་ལས་དང་དེའི་འབྲས་བའི་སྐོར་ལ་བསམ་བློ་བཏང་། བསམ་བློ་གཏོང་གིན་གཏོང་གིན་བཀག་རྒྱ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་བའི་ཚོར་སྣང་སླེབས། ཕྱི་དངོས་པོའི་གདོང་ལེན་དང་ནང་བསམ་བློའི་གདོང་ལེན་གཉིས་ཀ་དགོས་བའི་ཚོར་སྣང་བྱུང་། ཚོར་སྣང་འདིའི་དབང་གིས་ང་ལ་སེམས་འཚབ་གཞན་ཞིག་སླེབས།་ དེ་ནི་སྤྱི་ཚོགས་ཀྱི་དྲག་རླབས་ཆེན་པོ་དེས་ངའི་མི་ཚེའི་གཡོར་གྲུལ་གས་ཆག་གཏོང་ཉེན་འདུག

དེ་ལས་མང་བ་། “ཁྱེད་ཀྱི་མི་ཚེའི་སྙིང་པོ་གླེང་བ།” »

རྩོམ་རིག

གངས་རི་ཁྲག་ཏུ་བསྣུབས་པའི་ལོ་ཟླ་དམར་བོ།

Posted on 2008-08-062008-08-17 By དགེ་རབ་ 1 Comment on གངས་རི་ཁྲག་ཏུ་བསྣུབས་པའི་ལོ་ཟླ་དམར་བོ།

ཨ.མེ་ཆ།

“ང་ཚོའི་ཚེ་སྲོག་འདི་མ་དོར་བར་ཁྱེད་ཚོའི་ཁ་གཏད་དུ་ལངས་ངེས་ཡིན”བསྲན་དཀའ་བའི་
མནར་གཅོད་མྱངས་ཤིང་མྱོང་བཞིན་པའི་བོད་གཞིས་ལུས་མི་མང་གི་ཆོད་སེམས་དང་ཡིད་
ཆེས་ཀྱིས་བསྒྲགས་པའི་སྐད་ཆའི་ཟུར་སྣེ་ཞིག

ཚེ་སྲོག་འདོར་བའི་མི་དམངས།

ཉི་མ་ལྷ་སའི་སྐད་གཟེངས་གཅིག་གིས་ཆོལ་གསུམ་སེམས་ཀྱི་གསང་མིག་བརྡོལ།།
གསོན་པོའི་གཅེས་སྲོག་གྲི་ཡིས་འཐུལ་སྦྲ་ནཨ.མེ་ཆ།ག་གྲུ་བཞིའི་མཐའ་བཞི་བསྲུངས།།
བཙན་པོ་གདུང་གི་དཔའ་རྟུལ་མིག་རྩ་ཞི་བདེའི་འོ་མའི་རླབས་ཀྱིས་འཁྱུད།།
མགོ་ལུས་དམར་བོ་ཁྲག་ལ་བསྙལ་ཡང་རླབས་ཆེན་སྲོག་གི་རྒོལ་བ་བསླངས།།

སྡུག་སུན་སྣ་དགུ་ལུས་ཀྱིས་མ་བཟོད་གནམ་ས་འགུལ་བའི་ཀི་ཞིག་བཏབ།།
རྣམ་དག་ཡིད་ཀྱི་འགྱུར་མེད་ཁ་དན་རིགས་མཐུན་གདོང་དམར་བོད་ལ་བཞག།
རྒྱང་རིང་སྤུན་ཉེའི་བརྩེ་བའི་དངས་མ་རྒས་མེད་དུས་ཀྱི་མཐའ་ལ་བསྲིངས།།
ཞི་བདེ་འདྲེན་པའི་འོད་ཀྱི་ཞིང་ཁམས་ཤ་དང་ཁྲག་གིས་ཉོ་བར་བརྩམས།།

དེ་ལས་མང་བ་། “གངས་རི་ཁྲག་ཏུ་བསྣུབས་པའི་ལོ་ཟླ་དམར་བོ།” »

སྙན་ངག

བོད་རང་བཙན་སློབ་ཕྲུག་ཚོགས་པ་པེ་ཅིན་ན་སླེབས་འདུག

Posted on 2008-08-06 By དགེ་རབ་ 2 Comments on བོད་རང་བཙན་སློབ་ཕྲུག་ཚོགས་པ་པེ་ཅིན་ན་སླེབས་འདུག

ད་ནངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སློབ་མ་བཞི་ཡིས་པེ་ཅིན་གྱི་ཨོ་ལིམ་པིག་རྩེད་རྭའི་འགྲམ་དེར་བོད་རང་བཙན་གྱི་འཕྲེད་དར་དང་བོད་ཀྱི་རྒྱལ་དར་འཕྱར་འདུག

གསར་འགྱུར།

སློབ་ལམ་བཅད་ཅིང་ཕོགས་ཐོབ་བཀག་པ།

Posted on 2008-08-05 By རབ་འབྱོར་ 5 Comments on སློབ་ལམ་བཅད་ཅིང་ཕོགས་ཐོབ་བཀག་པ།

ད་ལོའི་བོད་པ་ཡར་ལངས་ཀྱི་སྐབས་སུ།   ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་ཀྱི་རྨ་ཆུ་རྫོང་དང་།  བསང་ཆུ་རྫོང་།  ཐེ་བོ རྫོང་། ཀླུ་ཆུ་རྫོང་བཅས་སུ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེར་ལངས་ཡོད་པ་རེད།   རྒྱ་གཞུང་གིས་དེ་ཞེ་ནད་དུ་བཟུང་ནས།  ད་ལོ་ཁུལ་དེའི་བོད་རིགས་སློབ་མ་རྣམས་ཞིང་ཆེན་གཞན་པའི་མཐོ་རིམ་སློབ་གྲྭའམ་སློབ་གྲྭ་ཆེན་མོ་ལ་གཏོང་བའི་ས་མིག་ཡོངས་སུ་བཀག་ནས།  རྒྱ་གཞུང་ལ་ངོ་རྒོལ་མ་བྱས་པའི་དཔའ་རིས་རྫོང་གི་ཞིང་ཆེན་གཞན་པའི་མཐོ་རིམ་སློབ་གྲྭར་གཏོང་སློབ་མའི་ས་མིག་སྤར་འདུག་ཟེར།  དེ་བཞིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཟླ་ཕོགས་སྤར་འཆར་ཡོད་པ་དེ་ཡང་ཕྱིར་འཐེན་བྱས་ནས་ལོ་ལྔ་ལ་མི་སྤར་རྒྱུ་བྱས་འདུག་ཟེར།  གོ་ཐོས་ལ་ན་ནིང་མཚོ་སྔོན་ཞིང་ཆེན་ཁོངས་སུ་ཟླ་ཕོགས་ཧ་ཅང་འཕར་ཚད་མཐོ་བ་དེ་ཀན་ལྷོ་ཁུལ་ལ་ལག་བསྟར་བྱེད་འཆར་ཡིན་སྐད། 

གསར་འགྱུར།

མཁའ་སྤྱོད་དྲན་པའི་སྐྱོ་དབྱངས།

Posted on 2008-08-052008-08-05 By ཡེ་ཤེས་ 7 Comments on མཁའ་སྤྱོད་དྲན་པའི་སྐྱོ་དབྱངས།

གཡུ་ལོའི་བསིལ་གྲིབ་སྙེག་པའི་བྱེའུ་ཆུང་གི་ཁྱུ་དེ། ། ཁོ་བོའི་སེམས་བྱུང་འོད་ཀྱི་ཟེགས་མ་ཡི་འགྲམ་དུ། ། འཁྲུལ་སྣང་སྨིག་རྒྱུའི་ཆུ་ལ་ངོམ་མེད་དུ་རོལ་བ། ། ཕྱིར་དྲན་རླུང་གིས་ཆལ་ཆིལ་རྦ་རླབས་སུ་བསྙིལ་བྱུང་། །   དམར་ཆུང་བྱུ་རུའི་ཞལ་ཁྱིམ་མཁའ་མཐའ་ནས་ཕྱེ་སྟེ། ། སྦྲང་ཆར་ཟོལ་དུ་བབས་པའི་སྙིང་གཏམ་གྱི་ཟླ་འོད། ། ཚོགས་དྲུག་འོ་མའི་མཚོ་ལ་ངལ་མེད་དུ་བསྙིམས་པ། །…

དེ་ལས་མང་བ་། “མཁའ་སྤྱོད་དྲན་པའི་སྐྱོ་དབྱངས།” »

སྙན་ངག

༼བོད་འབྱོར་རྩོམ་ཡིག༽སེམས་ཁུར་གྱི་སྐད་ཆ།

Posted on 2008-08-05 By དབང་ཕྱུག་ 1 Comment on ༼བོད་འབྱོར་རྩོམ་ཡིག༽སེམས་ཁུར་གྱི་སྐད་ཆ།

བོང་སྟག་རིལ་ལུའི་སེམས་ཁུག་ཞིག་གླེང་བ།
འབྲོང་ཕྲུག
བོང་སྟག་རི་ལུས་དཔེ་དེབ་ཅིག་པར་བསྐྲུན་བྱ་རྩིས་ཡོད་པའི་ཁ་པར་དེ་ཟླ་བ་བཞི་ལྔ་ཞིག་གི་ཡར་སྔོན་ལ་སླེབས་བྱུང་ལ། ཟླ་བ་བཞི་ལྔ་ཞིག་གི་རིང་ལ་བདག་གིས་ཀྱང་འབོལ་རྩོམ་དང་སྙན་ངག་བསྡུས་པའི་དཔེ་དེབ་ཅིག་གི་མ་ཕྱི་བསྒྲིགས་ཟིན། དུས་ཚོད་འདིའི་ནང་དུ་ང་ལ་སེམས་ཁུར་ཞིག་ཡོང་པ་ནི་ངས་ཀློག་མཁན་དག་གི་འདོད་བློ་བསྐོང་ཐུབ་མིན་དེ་རེད། བར་སྐབས་འདིར་བོང་སྟག་རི་ལུས་རྒྱང་རིང་ནས་ང་ལ་སེམས་ཁུར་ཞིག་བསྐུར་ཡོང༌།
དུས་རྒྱུན་པར་རང་གི་ཀློག་མཁན་དག་གི་འདོད་བློ་བསྐོང་རྒྱུ་དེ་ཆུང་མ་དང་བུ་ཆུང་གི་འདོད་བློ་བསྐོང་རྒྱུ་ལས་ཀྱང་གལ་ཆེ་བར་བསམ་ན་ཡང༌། ཞིབ་འདང་རེ་བརྒྱབ་ན། ངས་ད་དུང་གཞན་སུ་ཞིག་གི་འདོད་བློ་ཡང་བསྐོང་ཐུབ་ཀྱིན་མི་འདུག འོན་ཀྱང་བོང་སྟག་རི་ལུ་ང་དང་མི་འདྲ་སྟེ། ཁོས་རང་ཉིད་ཀྱིས་བཤད་པ་ནང་བཞིན་ཁོའི་ཀློག་མཁན་གྱི་གྲས་སུ་མཐོ་བ་དཔོན་པོ་དང་མཁས་པ་ཡོད་ལ། དམའ་བ་ཡིག་རྨོངས་པ་སེལ་བར་བརྩོན་ཞིང༌། ཁོའི་སྙན་ངག་གིས་སྒྱུ་རྩལ་གྱི་ཕོ་བྲང་བཞེངས་བར་བྲེལ་བ། ཁོའི་འབོལ་རྩོམ་གྱིས་རྟོགས་སད་ཀྱི་དུང་བརྡ་འབུད་པར་རྔམ་པ་བཅས་ཀྱིས་མཚོན་ནུས་པ་དེའོ།།

དེ་ལས་མང་བ་། “༼བོད་འབྱོར་རྩོམ་ཡིག༽སེམས་ཁུར་གྱི་སྐད་ཆ།” »

རྩོམ་རིག

Posts pagination

Previous 1 … 895 896 897 … 908 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (78)
  • ཨེ་ལི་སི། (50)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (18)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (15)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme