Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་བརྡའི་དྲན་སྐུལ་ཐེངས་གཉིས་པ།

Posted on 2008-11-232008-11-23 By དགེ་རབ་ No Comments on ཁ་བརྡའི་དྲན་སྐུལ་ཐེངས་གཉིས་པ།

  ད་ནི་ཁ་བརྡ་དྲ་དེབ་འདི་མགོ་བཙུགས་ནས་ཟླ་ངོ་བདུན་པའི་ནང་འགྲོ་གི་ཡོད། ཉིན་རེར་གཟིགས་མཁན་གྱི་གྲངས་འབོར་ཆ་སྙོམ་གྱིས་ཆིག་སྟོང་བརྒལ་བ་ཡོང་གི་ཡོད། བརྗོད་གཞི་ཡང་སྣ་མང་པོའི་ཐོག་བགྲོ་གླེང་བྱས་དང་བྱེད་བཞིན་པ་དེའི་ཁར། མཆན་བུ་མང་ཤོས་ལ་བརྒྱ་ཕྲག་བརྒལ་ནས་འགྲོ་གི་ཡོད། དེ་ནི་ང་ཚོ་ཁ་བརྡའི་ལས་བྱེད་པ་དང་ཁ་བརྡ་ལ་ཞུགས་མཁན་གྲོགས་པོ་ཚང་མས་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་རེད། ཀློག་མཁན་དང་མཆན་འབྲི་མཁན་གྱི་རོགས་རམ་དང་རྒྱབ་གཉེར་མེད་ཚེ་ཁ་བརྡ་འདི་ནི་དེ་བས་ཉམ་ཆུང་བ་ཞིག་ལོས་ཡིན། གཤམ་གསལ་གྱི་རི་མོ་ནི་ཉིན་རེར་ཁ་བརྡ་ལ་གཟིགས་མཁན་ཅི་ཙམ་ཡོང་བའི་རྣམ་པ་དེ་ཡིན། དེ་ནས་སྔོན་མར་ཁ་བརྡས་ཕུལ་བའི་དྲན་གསོ་དེ་དག་སླར་ཡང་འབུལ་འདོད་བྱུང་། དྲ་གྲོགས་ཚང་མས་ང་ཚོའི་དྲན་སྐུལ་འདི་དག་ནི། སྨྲ་བརྗོད་རང་དབང་ཉམས་ལེན་བྱེད་པ་དང་ཆབས་གཅིག སྨྲ་བརྗོད་རང་དབང་གི་ཡ་རབས་གོམས་གཤིས་འཇགས་པ་དང་། སྤྱི་ཚོགས་ལ་འགན་འཁྱེར་བའི་ཆེད་དུ་སྨྲ་བརྗོད་རང་དབང་བེད་སྤྱོད་བྱེད་པ། སྤྱི་ཚོགས་ཀྱི་བློ་སྒོ་འབྱེད་པའི་ཆེད་དུ་སྨྲ་བརྗོད་རང་དབང་བེད་སྤྱོད་བྱེད་པ་བཅས་ཀྱི་ཆེད་དུ་དམིགས་ནས་བྲིས་པ་ཡིན་ལགས་ན། དེ་ལྟར་ཉམས་ལེན་བྱེད་པའི་རེ་འདུན་ཤུགས་དྲག་ཞུ།…

དེ་ལས་མང་བ་། “ཁ་བརྡའི་དྲན་སྐུལ་ཐེངས་གཉིས་པ།” »

གསར་འགྱུར།

བོད་རྒྱ་གྲོས་མོལ་ཐེངས་བརྒྱད་པ་དང་བོད་མི་མང་དམིགས་བསལ་ཚོགས་ཆེན།

Posted on 2008-11-222008-11-22 By དགེ་རབ་ 2 Comments on བོད་རྒྱ་གྲོས་མོལ་ཐེངས་བརྒྱད་པ་དང་བོད་མི་མང་དམིགས་བསལ་ཚོགས་ཆེན།

དགེ་མཐར།

བོད་རྒྱ་གྲོས་མོལ་ཐེངས་བརྒྱད་པ་དེ་ཕྱི་ལོ་ ༢༠༠༨ ཀྱི་ཟླ་བ་ ༡༠ ཚེས་ ༣༠ ནས་ ཟླ་བ་ ༡༡ ཚེས ༥ ཚེས་ནས་ཚེས་བར་རྒྱ་རི་བློ་གྲོས་འཁོར་རྒྱ་ནག་ལ་ཐོན་པ་དང་རྒྱ་ནག་ཏུ་སླེབས་རྗེས་གནས་ཚུལ་གང་ཡང་མེད་པར་ཉིན་གྲང་མང་ཆེ་བ་བལྟ་སྐོར་ལ་ཕྱིན་ནས་མཐའ་མ་ཉིན་གཉིས་རིང་བགྲོ་གླེང་ཚོགས། ཚོགས་འདུའི་རྗེས་རྒྱ་གར་དུ་བསླེབས་མཚམས་ལྡི་ལིར་བཀའ་ཁྲི་ལ་ངོ་ཐུག་དང་བཀའ་ཁྲི་ནས་སྐབས་འདིའི་གྲོས་མོལ་གྱི་སྐོར་གསར་འགོད་གསལ་བསྒྲགས་དེ་དམིགས་གསལ་ཚོགས་འདུའི་རྗེས་སུ་མ་གཏོགས་མ་བཤད་རྒྱུའི་འབོད་བསྐུལ་གནང་ཚུལ་བརྗོད་དེ་བོད་མི་མང་རྣམས་རྣ་ཅོག་ཀྲོང་ངེར་བཞག སྐབས་འདིར་བསམ་དགོས་པ་ལ་རྒྱ་ནག་ལ་བལྟ་བསྐོར་ལ་བཏང་བ་ཡིན་ནམ་བགྲོས་མོལ་ཆེད་བཏང་བ་རེད་དམ། དུས་ཚོད་མང་བ་བལྟ་སྐོར་ལ་བཏང་དགོས་པ་གང་ཡིན་ནམ། དེ་ནས་གསར་འགོད་གསལ་བསྒྲགས་སྐབས་མཚམས་སུ་མ་གནང་བའི་དགོས་ལ་རྒྱཱུ་མཚན་གང་ཡིན་བཅས་སུས་ཀྱང་རྟོགས་པར་བཀའ།

དེ་ལས་མང་བ་། “བོད་རྒྱ་གྲོས་མོལ་ཐེངས་བརྒྱད་པ་དང་བོད་མི་མང་དམིགས་བསལ་ཚོགས་ཆེན།” »

རྩོམ་རིག

རླབས་ཆེ་བའི་མི་རབས་གསུམ་པ་དང་ཅོལ་ཆུང་གི་སློབ་ཆུང་དགེ་རྒན་འགའ།

Posted on 2008-11-222008-11-22 By དགེ་རབ་ 5 Comments on རླབས་ཆེ་བའི་མི་རབས་གསུམ་པ་དང་ཅོལ་ཆུང་གི་སློབ་ཆུང་དགེ་རྒན་འགའ།

ཁ་བ་དཀར་རོ།

གནའ་བོའི་རྒྱ་གར་གྱི་བསམ་བློ་བ་ཞིག་གིས། “སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །” ཞེས་གསུངས། འདིའི་སྐབས་ཀྱི་སྟོན་པ་དང་དཔང་གྱུར་སྐྱེ་བོ། དེ་ཉིད་དང་ངན་རྟོག་བཅས་པའི་ཐ་སྙད་འདི་དག་གི་འཇུག་ཡུལ་ལ་རིག་པའི་གནས་གང་ཡང་རུང་བ་ཞིག་གི་སྲོལ་བཏོད་པ་པོ་དང་དེ་ཡི་རྗེས་འཇུག་བློ་གྲོས་ཅན། རིག་པའི་གནས་དེའི་ཁྱད་ཆོས་དང་དེ་ལ་རྨོངས་པའི་སྐྱེ་བོ་བཅས་བཞག་སྟེ་གླེང་གཞི་སྤེལ་ན་མི་འཐུས་པ་མི་འདུག་པས། ཁོ་བོས་ཀྱང་འདིིར་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་མིང་བྱང་སྐེ་རུ་བཏག་ཏེ་གང་སྣང་གར་ཤར་གྱིས་སྨྱོ་ལབ་སྣ་ཚོགས་ལ་དུས་རབས་ལས་འདས་པའི་སྙན་ངག་དང་བསྒྲགས་གཏམ་གྱི་ཚགས་པར་རྙིང་བའི་ཕྱི་ཤུན་གཡོགས་ནས་ཁྲེལ་དང་ངོ་ཚ་ཅི་ཡང་མེད་པར་བོད་ཀྱི་ཤེས་ལྡན་པའི་སྤྱི་ཚོགས་སྟེང་ཁ་མེད་མིག་མེད་དུ་སྒོར་མོ་གཅིག་པོ་མ་གཏོགས་མི་བསམ་པའི་སྨད་འཚོང་མ་ཚོ་ནང་བཞིན་ ཨུ་ཚུགས་ཀྱིས་འཚང་ཁ་རབ་དང་རིམ་པ་ཞིག་རྒྱག་བཞིན་འདུག་སྟེ། ཁྱེད་ཅག་གི་ཚོགས་འདུ་རེ་རེ་བཞིན་ངེས་པ་དོན་གྱི་ཡ་རབས་སྐྱེ་བོས་ཤེས་རིག་གི་ལེགས་སྐྱེས་ཕན་ཚུན་འབུལ་རེས་བྱེད་པ་ཞིག་མ་ཡིན་པར། དེ་ལས་ལྡོག་སྟེ་སློབ་ཐོན་ལག་ཁྱེར་རེ་ལ་བརྟེན་ནས་ལུག་རྫི་ནོར་རྫི་ཚོའི་གྲས་སུ་མ་ལྷུང་ཙམ་ཞིག་གི་འཚོ་བ་སྐྱེལ་བཞིན་པའི་གསར་བུ་མགོ་སྟོང་ཆང་དང་ཐ་མག མ་ཅང་དང་འཁྲིག་སྦྱོར་མ་གཏོགས་ཤེས་རིག་དང་མི་རིགས་ཞེས་པའི་མིང་ཚིག་འདི་གཉིས་ལ་ཆ་རྒྱུས་ཅི་ཡང་མེད་པ་དག་དག་མཉམ་གཅིག་ཏུ་འཚོགས་ནས་ལབ་རིང་ཐུང་དང་གཤོབ་སྣ་ཚོགས་ཀྱིས་ང་ཡིན་ཁོ་ཡིན་གྱི་ཅ་ཅོ་ཤེས་པ་རྣལ་དུ་གནས་པ་ཞིག་གིས་གོ་ན་དེ་མ་ཐག་སྐྱུག་མེར་ལངས་ནས་འབྲོ་དགོས་པ་དང་། མི་རབས་གསུམ་པ་འཚོག་ས་ཡིན་ཟེར་བའི་ཚོགས་ཁང་དེ་དག་གི་ནང་དུ་ཨ་རག་བཙན་པོ་དང་ཐ་མག་ངན་ངོན་གྱི་དྲི་ངན་སྐྱག་དྲི་ལས་ཀྱང་མི་སྡུག་པ་ཞིག་གིས་ཡོངས་སུ་གཏིབས་ཏེ་མི་རིག་པ་དྭངས་མོ་རང་གི་འཕྲོིད་བསྟེན་ལ་གཅེས་སྤྲས་བྱེད་མཁན་སུ་གཅིག་ཀྱང་དེ་རུ་འཁོར་ས་མེད་པ་ཞིག་ཏུ་གྱུར་ཡོད་པ་ནི་ཁྱོད་ཚོའི་ཚོགས་འདུ་ཆེན་མོ་རེ་རེའི་འདྲ་པར་ལ་བལྟས་པ་ཙམ་གྱིས་ས་རིས་ཐང་ག སལ་རེད། མ་ཡིན་ནམ། ཚོགས་འདུའི་མགོ་ཡང་ཨ་རག་དང་ཐ་མག་གིས་བཙུགས། ཚོགས་འདུའི་གཞུང་ཡང་ཨ་རག་དང་ཐ་མག་གིས་བསྲིངས། ཚོགས་འདུའི་མཇུག་ཀྱང་ཨ་རག་དང་ཐ་མག་གིས་བསྡུས་པས། ཚོགས་འདུའི་དམིགས་ཡུལ་ཡང་ཨ་རག་དང་ཐ་མག་གི་ཆེད། ཚོགས་འདུའི་ངོ་བོ་ཡང་ཨ་རག་དང་ཐ་མག་གིས་དཀྲིས། ཚོགས་འདུའི་འབྲས་བུ་ཡང་ཨ་རག་དང་ཐ་མག་གི་རྩིས་ཁྲ་ལས་མ་འདས་པ་ཞིག་ལོས་ཀྱང་ཡིན། བོད་ཀྱི་མཛངས་མའི་ཆོ་ལོ་བླངས་པའི་ཚེ་རིང་སྐྱིད་ལྟ་བུ་བོད་ཕྱི་ནང་གཉིས་ན་གཟུགས་སྐྱེ་ལུས་དང་བློ་རིགས་པ་གཉིས་ཐད་དུ་མིང་གྲགས་ཡོད་པ་ཞིག་ཀྱང་ཁྱོད་ཚོའི་ཚོགས་མིའི་གྲས་སུ་འཚང་དགོས་པའི་རྐྱེན་རྩ་ངོ་མ་དེ་ངས་མ་ཤེས་ཀྱང་། ཞིབ་ཏུ་བསམས་ན་བུ་མོ་རིགས་བཟང་མ་དེ་ཡང་ཁྱོད་ཚོའི་དུད་ཆང་གི་དྲི་ངན་འཐུལ་བའི་བསྒྲགས་གཏམ་ཡིན་ན་དེའི་མགོ་སྐོར་གྱི་འོག་ཏུ་ཚུད་པ་ལོས་ཡིན་བསམ།

དེ་ལས་མང་བ་། “རླབས་ཆེ་བའི་མི་རབས་གསུམ་པ་དང་ཅོལ་ཆུང་གི་སློབ་ཆུང་དགེ་རྒན་འགའ།” »

རྩོམ་རིག

༄༅།།བརྩེ་བའི་སྤུན་ཟླ་རྣམ་པ།

Posted on 2008-11-22 By དགེ་རབ་ No Comments on ༄༅།།བརྩེ་བའི་སྤུན་ཟླ་རྣམ་པ།

པདྨ་ཁྲག་འཐུང་དུ་འབོད་པས།

ཚང་མས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ངས་ཁྱེད་ཅག་ལ་སེམས་ཀྱི་འཆར་སྒོ་འགའ་བརྗོད་འདོད་སྐྱེས། ད་ཐེངས་ཀྱི་དམིགས་བསལ་ཚོགས་ཆེན་འདིའི་སྔ་རྗེས་ཀྱི་གནས་ཚུལ་ཁག་ཅིག་ལ་དཔྱད་ན། ང་རང་ཚོ་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་སོང་བའི་རྗེས། གཞི་ནས་རྒྱལ་སྤྱིའི་ཆབ་སྲིད་སྡིངས་ཆའི་རྒྱལ་སྤྱིའི་གནས་ཚད་ལྡན་པའི་སྲིད་དོན་གྱི་ཡོ་ལང་རླབས་ཆེན་ཞིག་བརྩམས་སོང་སྙམ་པའི་སྤོབས་པ་སྐྱེས། གཟིགས་དང་། ༸རྒྱལ་བ་ཐམས་ཅད་མཁྱེན་པའི་བཀའ་དགོངས་བཞིན་ཚོགས་འདུ་ཚོགས། ༸གོང་ས་ཆེན་པོ་ཚོགས་མགོན་དུ་ཆིབས་སྒྱུར་ཞབས་སོར་འཁོད་མེད་ལ། དམིགས་བསལ་ཚོགས་ཆེན་ལ་ཆེད་དུ་དམིགས་པའི་གསུང་འཕྲིན་ཡང་བསྩལ་མེད། ཕྱོགས་མཚུངས་བཀའ་བློན་ཁྲི་བས་དབུས་པའི་བཀའ་བློན་རྣམས་ཀྱང་ཚོགས་འདུར་ཆེ་བསྟོད་ཆེད་ཕེབས་བཅར་ཙམ་ལས་དགོངས་འཆར་གང་ཡང་གསུངས་མེད། འཛམ་གླིང་གི་ཡུལ་གྲུ་བཅུ་བཞི་ཙམ་ནས་མཁྱེན་ལྡན་བོད་མི་དྲུག་བརྒྱར་ཉེ་བ་བཞུགས་སྒར་དུ་འཛོམས་པ་དང་། རྒྱལ་སྤྱིའི་འཕྲིན་ལམ་ཁག་ནས་ཐུགས་སྣང་ཆེན་པོ་གནང་། ཧ་ཅང་ཡག་པོ་རེད། སྲིད་དོན་གྱི་གནང་སྟངས་འདི་འདྲ་རེད། དམངས་གཙོའི་འགྲོ་སྟངས་འདི་འདྲ་རེད།

དེ་ལས་མང་བ་། “༄༅།།བརྩེ་བའི་སྤུན་ཟླ་རྣམ་པ།” »

རྩོམ་རིག

ཚོགས་འདུའི་འཐུས་མི་ཚོས་འཛམ་གླིང་གི་མདུན་ལ་རྒྱལ་བ་རིན་པོ་ཆེར་འགྲམ་ལྕགས་བཞུས་སོང་།

Posted on 2008-11-22 By tenzin 7 Comments on ཚོགས་འདུའི་འཐུས་མི་ཚོས་འཛམ་གླིང་གི་མདུན་ལ་རྒྱལ་བ་རིན་པོ་ཆེར་འགྲམ་ལྕགས་བཞུས་སོང་།

ཚོགས་འདུའི་འཐུས་མི་ཚོས་འཛམ་གླིང་གི་མདུན་ལ་རྒྱལ་བ་རིན་པོ་ཆེར་འགྲམ་ལྕགས་བཞུས་སོང་།   གྲོགས་པོ་ཚོ། གཏམ་འདི་གུས་པའི་གྲོགས་པོ་ཁ་ཤས་ཀྱིས་ད་རེས་ཚོགས་འདུའི་བསམ་འཆར་ཤོད་སྐབས་གསུངས་པའི་སྐད་ཆ་རེད།  མིའི་མིང་མ་བཏོན་པར་ཁོང་གི་བསམ་ཚུལ་ཇི་མ་ཇི་བཞིན་བཀོད་ཡོད་དོ།      “ཚོགས་འདུའི་མཇུས་འབྲས་ཀྱི་སྐོར་ལ་གསར་འགྱུར་ནང་ནས་ཤེས་པར། འཐུས་མི་དེ་ཚོས། རྒྱལ་བ་རིན་པོ་ཆེས་འགན་ཁྱེར་རོགས། རྒས་ཡོལ་བྱས་ནས་མ་བསྡད་པར། འགན་ཚང་མ་འཁུར་དགོས་ཟེར། ད་འདི་ཕྱིར་ཤིག་རྒྱག་པ་མ་རེད་པས།”   “ད་རེས་ཀྱི་ཚོགས་འདུ་ཆེན་པོ་འདིའི་མཇུག་འབྲས་འདི་ཐབས་སྡུག་རེད། འཐུས་མི་ཚོས་མང་ཚོགས་ཀྱི་འགན་ཁྱེར་མ་སོང་། འགན་ཚང་མ་རྒྱལ་བ་རིན་པོ་ཆེར་ཡར་གཡོགས་སོང་། བོད་ནང་གི་མིའི་སྡུག་བསྔལ་ལ་སྙིང་རྗེ་ཡོད་པའི་འཚོར་སྣང་ཞིག་ཀྱང་བསྟེར་མ་སོང་། ཁོང་ཚོ་ཚོགས་འདུར་ཞུགས་མཁན་དང་། ཚོགས་འདུ་མགོ་ཁྲིད་མཁན་ཚང་མས་ཤིན་དུ་བརྙེད་པར་དཀའ་བའི་གོ་སྐབས་ཤིག་བརླགས་པར་བྱས་སོང་།  རྒྱལ་བ་རིན་པོ་ཆེས་དགོངས་པ་ཆེ་བཞེས་ཀྱིས་མང་ཚོགས་ཀྱིས་ཐག་གཅོད་གསུངས་སྐབས། ཡར་ཁྱེད་རང་རྒྱལ་བ་རིན་པོ་ཆེས་ཐག་གཅོད། ང་ཚོ་ཤེས་ཀྱི་མེད་ཟེར་བ་ལྟ་བུ་རེད་བཞག ད་འདི་དུས་ཚོད་འཕྲོ་བརླག་བཏང་བ་མ་ཡིན་ནམ། འཛམ་གླིང་གི་མི་ཚང་མས་ང་ཚོར་བལྟས་ནས་ཡོད་པའི་སྐབས་ལ། ཚོགས་འདུར་འགྲོ་མཁན་ཚོའི་ཁ་གདོག་འདི་རེད།”   “ངའི་རེ་བར་རྒྱལ་བ་རིན་པོ་ཆེ་ནས་ཚོགས་འདུ་འདི་མཇུག་སྒྲིལ་བའི་བཀའ་སློབ་གནང་དུས། ཁོང་ཚོས་ལས་གཡོལ་བྱས་པའི་སྐོར་ལ།  ད་རེས་ཚོགས་འདུར་བཅར་མཁན་ཚོར་བཀའ་སྐྱོན་དྲག་པོ་ཞིག་གཏོང་དགོས་ཀྱི་འདུག”     “ད་དུང་བོད་ནང་གི་མི་རྣམས་ཀྱི་གནས་སྟངས་ལ་ཡར་རྒྱས་གཏོང་དགོས་ཅེས་རྒྱ་ནག་ལ་གསུངས་རོགས་ཞུ་རྒྱུ་ཡིན། ད་བཙན་བྱོལ་གཞུང་དང་མི་དམངས་ལ་ཐང་ཆད་སོང་། མགོ་བདེ་པོ་དང་། ལས་ཀ་དང་འགན་ལ་གཡོལ་རྒྱུར་དགའ་པོ། ཁ་བཤད་རྒྱུ་དང་ཁེ་བཟང་ཆུང་ཆུང་ལེན་རྒྱུར་དགའ་པོ་བྱེད་མཁན་གྱི་མི་ཤ་སྟག་ཚོགས་འདུ་དེར་སླེབས་པའི་རྣམ་པ་གསལ་པོ་འདུག “   “སྙིང་རྗེ། རྒྱལ་བ་རིན་པོ་ཆེ་སྙིང་རྗེ་ཡག་རེད། ཁོང་ཐུགས་རྒྱ་ཆེན་པོ་དང་ཕུགས་བསམ་ཡོད་མཁན་ཞིག་རེད། དགོངས་པ་རྒྱ་ཆེན་པོ་བཞེས་ནས། ད་རེས་མང་ཚོགས་རྣམས་ཀྱིས་བསམ་འཆར་ཡག་པོ་ཞིག་དང་། རྒྱ་ཕྱོགས་ལ་ཡང་ཡ་ལན་ཡག་པོ་ཞིག་སྤྲོད་ཐུབ་པའི་རེ་བ་རྒྱབ་ནས། མང་ཚོགས་ལ། འདིར་ཤོག བསམ་འཆར་ཤོད་ཟེར་སྐབས། དེའི་ལན་ལ། ང་ཤེས་ཀྱི་མེད། ཁྱོད་འགན་མང་ཙམ་འཁུར་དགོས་ཀྱི་འདུག་ཟེར་ནས། འགྲམ་ལྕགས་ཤིག་བཞུས་ནས་ཕྱིན་པ་ལྟ་བུ་རེད། ད་རྒྱལ་བ་རིན་པོ་ཆེ་སྙིང་རྗེ་ཡག་རེད། ངོ་མ།”…

དེ་ལས་མང་བ་། “ཚོགས་འདུའི་འཐུས་མི་ཚོས་འཛམ་གླིང་གི་མདུན་ལ་རྒྱལ་བ་རིན་པོ་ཆེར་འགྲམ་ལྕགས་བཞུས་སོང་།” »

གསར་འགྱུར།, དཔྱད་རྩོམ།, མཚར་གཏམ།

གནམ་འོག་གི་བུ་མོ་ཆེས་ལས་ཅན།

Posted on 2008-11-22 By དབང་ཕྱུག་ 6 Comments on གནམ་འོག་གི་བུ་མོ་ཆེས་ལས་ཅན།

ཐེ་བོ་ཤེས་རབ་རྒྱ་མཚོ། གོང་གི་ཁ་བྱང་འདི་ནི་ངས་རང་ཉིད་ཀྱིས་ངོ་མི་ཤེས་ཤིང་མཐོང་མ་མྱོང་བའི་བོད་ཀྱི་བུ་མོ་ཞིག་ལ་ཡིད་སྨོན་འཆོར་ནས་ཤོར་བའི་ཚིག་ཅིག་ཡིན་ཞེས་བཤད་ན། ཁྱེད་རང་ཡང་ཡ་མཚན་ངེས་རེད། ཁྱེད་ལ་ཅི་ཁག གལ་སྲིད་ཁྱེད་ཀྱིས་ཀྱང་ངའི་མདུན་ནས་གློ་བུར་དུ་འདི་ལྟ་བུའི་སྐད་ཆ་ཡ་མཚན་ཅན་ཞིག་བཤད་ན། ང་ཡང་ཡ་མི་མཚན་པ་ག་ལ་སྲིད། དེ་རིང་གཟའ་ཉི་མ་ཡིན་པས་དཔེ་མཛོད་ཁང་གི་སྒོ་མི་འབྱེད་སྟབས། ང་ཚོས་བྱིས་དུས་ཀྱི་མི་ཚེ་ཕྱིར་དྲན་བྱས་ནས་ཉི་མ་གཏོང་ཐབས་བྱས་བ་ཡིན། སྤྱིར་བཏང་ང་ཚོ་ཚང་མ་གྲྭ་པ་རྐྱང་རྐྱང་ཡིན་ནའང༌། མཚམས་ཤིག་ནས་ང་ཚོའི་གླེང་མོལ་གྱི་ཁ་ཕྱོགས་ཕ་ཡུལ་དུ་ཡོད་པའི་བོད་ནང་གི་བུད་མེད་ཚོའི་ལས་དབང་གི་ཐོག་ལ་བབ། ཀ་པས༽ སྙིང་རྗེ། ང་ཚོའི་རུ་སྡེ་ལ་མཚོན་ན། ཁྱོ་གས་སོ་སོའི་ཆུང་མ་ག་ཚོད་ཐུབ་ཐུབ་རྡུང་ན་དེའི་ཚོད་ཀྱིས་ཁྱོ་ག་དེ་བུ་རྒོད་ཅིག་ལ་བརྩི་སྲོལ་ཡོད་པ་རེད་ཟེར། ཁ་པས༽…

དེ་ལས་མང་བ་། “གནམ་འོག་གི་བུ་མོ་ཆེས་ལས་ཅན།” »

སྣ་ཚོགས།

གྲོགས་པོས་གྱེར་བའི་ཚོགས་ཆེན།

Posted on 2008-11-212008-11-21 By དབང་ཕྱུག་ 4 Comments on གྲོགས་པོས་གྱེར་བའི་ཚོགས་ཆེན།

དམིགས་བསལ་ཚོགས་ཆེན་སྟེང་ལ།།
མི་ཆེན་དཔོན་ཆེན་ཕེབས་སོང༌།།
དགོངས་ཚུལ་བསམ་ཚུལ་བར་ནས།།
རྒན་གཞོན་ཁྱད་པར་ཤོང་སོང༌།།

རྒན་པ་བབ་བརླིང་བརྟན་གསུམ།།
གཞོན་པ་གཡས་རྒྱུག་གཡོན་རྒྱུག།
རྒན་གཞོན་གོམ་འགྲོས་བར་ནས།།
དགོངས་ཚུལ་བསམ་ཚུལ་འཁྲུགས་སོང༌།།

ཁ་སང་རྨིས་པའི་རྨི་ལམ།།
བསམ་ཚུལ་ནམ་མཁས་བཀྱགས་སོང༌།།
མཐོ་བཤད་དམའ་བཤད་བར་ནས།།
དམིགས་བསལ་བསམ་ཚུལ་བརླག་སོང༌།།

དེ་ལས་མང་བ་། “གྲོགས་པོས་གྱེར་བའི་ཚོགས་ཆེན།” »

སྣ་ཚོགས།

༼པ༽དང་༼བ༽གླེང་བ།

Posted on 2008-11-212008-11-21 By དབང་ཕྱུག་ 7 Comments on ༼པ༽དང་༼བ༽གླེང་བ།

ཨ་མྱེས་བྱ་ཁྱུང༌། མདང་དགོང་གྲོགས་པོ་སྐོར་ཞིག་དང་ལྷན་དུ་ཡར་མར་བཅོ་བརྒྱད་གླེང་ནས་བསྡད། ཆབ་སྲིད་དང་རིག་གཞུང༌། མི་སྒེར་གྱི་སྐོར་སོགས་མང་དུ་གླེང༌། དེའི་ནང་གླེང་བྱ་གཅིག་ནི། བདག་སྒྲ་དང་མིང་མཐའི་པ་བའི་སྐོར་ཆགས་སོང༌། དེར་གྲོགས་པོ་ཁག་ཅིག་གིས། ག་ད་བ་ས་ན་མ་པ། ང་འ་ར་ལ་མཐའ་མེད་བ།། བདག་སྒྲ་ཡ་གྱུར་བ་དང་ནི།། ཆ་ལ་པ་ཉིད་སྦྱོར་བ་ལེགས།། ཞེས་པའི་ཚིག་འདི་སྐྱོར་བཞིན་གླེང༌། ཡང་ཁག་ཅིག་གིས་ནི། བྱེད་པ་པོ་དང་བྱེད་མཁན་འདྲ།། གང་ཟག་ཡིན་གྱི་བེམ་སོགས་མིན།།…

དེ་ལས་མང་བ་། “༼པ༽དང་༼བ༽གླེང་བ།” »

སྣ་ཚོགས།

རྒྱལ་ལོ་དོན་གྲུབ་ཀྱིས་གསུང་འབྱོན་པ།

Posted on 2008-11-20 By དགེ་རབ་ 4 Comments on རྒྱལ་ལོ་དོན་གྲུབ་ཀྱིས་གསུང་འབྱོན་པ།

གོང་གསལ་འདི་ནི་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས་ད་ལྟའི་བོད་རྒྱ་ཞི་མོལ་གྱི་ལོ་རྒྱུས་ཐད་གསུང་བཤད་གནང་བ་དྲ་གྲོགས་ཤིག་གིས་མཆན་གྱི་ཁྲོད་བཀོད་འདུག་པ་བསྐྱར་བཤུས་ཀྱིས་འདིར་བཞག་པ་ཡིན།

གསར་འགྱུར།

ད་ལོ་ནི་གླུ་ལེན་པའི་དུས་ཚོད་རེད་དམ། ༼གླུ་བ་ནམ་མཁའི་སྡུག་བསྔལ་དང་རྡུང་ལེན་སྤྲོ་ཚོགས་ཆེན་མོ་གླེང་བ།༽

Posted on 2008-11-202008-11-20 By དབང་ཕྱུག་ 6 Comments on ད་ལོ་ནི་གླུ་ལེན་པའི་དུས་ཚོད་རེད་དམ། ༼གླུ་བ་ནམ་མཁའི་སྡུག་བསྔལ་དང་རྡུང་ལེན་སྤྲོ་ཚོགས་ཆེན་མོ་གླེང་བ།༽

བོང་སྟག་རི་ལུ། ༢༠༠༨ ལོ་ནི་བོད་མི་རིགས་ལ་མཚོན་ན། ཁྱོད་ཤི་ང་གསོན་དང༌། ཤི་འཐམ་རོ་འཐམ་གྱི་ལས་འགུལ་ཆེན་པོ་ཞིག་ལངས་པའི་ལོ་ཡིན་ལ། ལྷ་སའི་པོ་ཏ་ལའི་བར་སྐོར་གཙོ་བྱས་ཏེ་མདོ་དབུས་ཁམས་གསུམ་གྱི་བོད་མི་གནས་སྡོད་བྱེད་སའི་ས་ཆ་གང་རུང་ནས་ཚེ་སྲོག་གི་མཆོད་པ་མ་ཕུལ་ས་ཞིག་གཏན་ནས་མེད་པ་འདྲ། དེས་ན། ༢༠༠༨ ལོར་མི་རིགས་ཀྱི་བྱ་གཞག་རླབས་ཆེའི་དོན་དུ་ཚེ་སྲོག་གི་མཆོད་པ་ཕུལ་ཅིང༌། ངུ་འབོད་ཀྱི་སྐད་སྒྲ་མ་འཇགས་པའི་ཡར་སྔོན་ལ། ཨ་མདོའི་ཟི་ལིང་གྲོང་ཁྱེར་ནས་བོད་མི་རིགས་ལ་ཤ་ཞེན་རུས་ཞེན་ཆེ་ཟེར་བའི་བོད་ཀྱི་རྡུང་ལེན་པ་སྐོར་ཞིག་གིས་གླུ་སྐད་གཅིག་ལས་གཅིག་ལྷག་གིས་སྤྲོ་ཚོགས་རབ་དང་རིམ་པ་སྤེལ་བ་ནི་ཁོ་བོ་ཧ་ཅང་ཡིད་སྐྱོ་བའི་གནས་སོ།། ད་ལོའི་ཟླ་ ༡༡ པའི་ནང་ཁོ་བོ་གཞུང་དོན་ཙག་ཙིག་ཞིག་གི་ཆེད་དུ་གནའ་མཁར་ཟི་ལིང་དུ་སོང་བ་ཡིན་ལ། སྐབས་དེར།…

དེ་ལས་མང་བ་། “ད་ལོ་ནི་གླུ་ལེན་པའི་དུས་ཚོད་རེད་དམ། ༼གླུ་བ་ནམ་མཁའི་སྡུག་བསྔལ་དང་རྡུང་ལེན་སྤྲོ་ཚོགས་ཆེན་མོ་གླེང་བ།༽” »

གསར་འགྱུར།

རྒྱ་རི་རིན་པོ་ཆེ་ཚོགས་ཆེན་སྐབས་བལ་ཡུལ་ན་ཡོད་དམ།

Posted on 2008-11-192008-11-22 By དགེ་རབ་ 100 Comments on རྒྱ་རི་རིན་པོ་ཆེ་ཚོགས་ཆེན་སྐབས་བལ་ཡུལ་ན་ཡོད་དམ།

འདིར་གནས་ཚུལ་ཞིག་འབྱོར་བ་ལྟར་ན། དེ་རིང་ཚེས་ ༡༩ ཉིན་རྒྱ་རི་རིན་པོ་ཆེ་བལ་ཡུལ་དུ་རང་གི་སྲས་མོའི་སྲས་དེ་སྤྲུལ་སྐུ་ངོས་འཛིན་གྱི་མཛད་སྒོ་ལ་ཕེབས་འདུག་ཟེར། འདི་ངོ་མ་ཡིན་སྲིད། ཚོགས་ཆེན་བཞག་ནས་མཛད་སྒོར་ཕེབས་པ་དེ་གནས་ཚུལ་མི་བཟང་བ་ཞིག་ཏུ་མི་མཐོང་མོད། ང་ཚོས་ཤེས་དགོས་རྒྱུ་ཞིག་རེད་བསམས་སོང་། གཤམ་གསལ་པར་འདི་ནི་གནས་ཚུལ་གཏོང་མཁན་གྱིས་འདིར་བསྐུར་བ་རེད། དགེ་འདུན་རབ་གསལ་གྱིས།

གསར་འགྱུར།

༄༅།།གཉིས་ཕན་དང་གཉིས་ཕམ་ལས་འཕྲོས་པའི་གཏམ་རྒྱལ་ཁའི་སྒྲ་དབྱངས།

Posted on 2008-11-19 By དགེ་རབ་ 8 Comments on ༄༅།།གཉིས་ཕན་དང་གཉིས་ཕམ་ལས་འཕྲོས་པའི་གཏམ་རྒྱལ་ཁའི་སྒྲ་དབྱངས།

དེང་སང་རྒྱ་གར་དྷརྨ་སཱ་ལར་བོད་དོན་དམིགས་བསལ་ཚོགས་ཆེན་ཚོགས་བཞིན་ཡོད། ཚོགས་ཆེན་འདི་༸གོང་ས་ཆེན་པོའི་བཀའ་འབྲེལ་བཞིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་བའི་ཆ་རྐྱེན་འོག་བསྡུ་སྐོང་གནང་བ་ཞིག་རེད། འདི་ལྟར་ཛ་དྲག་ངང་དམིགས་བསལ་ཚོགས་ཆེན་འདི་བསྐོངས་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ༸གོང་ས་ཆེན་པོས་ད་ཕན་མི་ལོ་སུམ་ཅུ་ཙམ་རིང་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་གྱི་བཞེད་དགོངས་རྩལ་དུ་བཏོན་གནང་སྟེ། བོད་རྒྱ་གཉིས་ཁ་འབྲལ་མི་དགོས་པར་དུས་ནམ་ཡང་འཆམ་མཐུན་མཉམ་གནས་ཡོང་ཐབས་ཀྱི་འབད་བརྩོན་ལྷད་མེད་ཅིག་གནང་བ་འདི་ལ། རྒྱ་དམར་གྱིས་སྣང་ཆུང་ཁྱད་གསོད་ཀྱིས། འགན་ཁུར་ཡ་ལན་ཚུལ་བཞིན་མ་ཞུས་པའི་དབང་གིས་ཡིན་པ་ཧ་ཅང་གསལ་བོ་ཡིན། ཞི་བདེའི་བུ་ཆུང་མ་བལྟམས་གོང་ཨ་མའི་མངལ་དུ་བསད་པའི་ལག་དམར་གཏེ་བོ་ནི་རྒྱ་དམར་དབང་འཛིན་པ་ཁོ་རང་ཚོ་ཡིན་པ་འཛམ་གླིང་གི་གཟུར་གནས་སྐྱེ་བོ་ཀུན་གྱིས་མཁྱེན་བཞིན་ཡོད།

དེ་ལས་མང་བ་། “༄༅།།གཉིས་ཕན་དང་གཉིས་ཕམ་ལས་འཕྲོས་པའི་གཏམ་རྒྱལ་ཁའི་སྒྲ་དབྱངས།” »

རྩོམ་རིག

ཚོགས་ཆེན་དང་ཚོགས་ཆུང་།

Posted on 2008-11-19 By དགེ་རབ་ 40 Comments on ཚོགས་ཆེན་དང་ཚོགས་ཆུང་།

ཚོགས་ཆེན་དང་ཚོགས་ཆུང་གི་སྐད་ཆ་ཅང་གོ་སོང་ངམ། དུས་བབ་དང་ཕ་ཡུལ་སོགས་ན་ཟུར་ཙམ་ཉུང་ཙམ་རེ་འདུག འོན་ཀྱང་ཚོགས་ཆེན་གྱི་རྣམ་པ་དེ་མཐོང་ཐུབ་མ་སོང་། ཕ་ཡུལ་ཐོག་ན་གློག་བརྙན་ཞིག་འདུག དེའི་ཐོག་དབུ་འབྱེད་མཛད་སྒོ་དེ་འདུག དཀོན་མཆོག་གསུམ། འདི་ནམ་རྒྱུན་གྱི་ཚོགས་འདུ་དེ་ཚོ་དང་འདྲ་སེ་བ་ཞིག་མི་འདུག་ན། འདི་ན་ཛ་དྲག་པོ་ཡིན་པ་དང་ འགྱུར་བ་ཞིག་ཡོང་རྒྱུའི་རྣམ་པ་ཞིག་འདུག་ན་དཀོན་མཆོག་གསུམ། ཁྱེད་ཚོས་ཅང་གོའམ། སྐད་ཆ་བཤད་མཁན་གྲགས་ཅན་ཚོས་ཅི་ཞིག་བཤད་གི་འདུག མ་འདྲ་བ་ག་རེ་བཤད་གི་འདུག རྒྱ་རི་དགོངས་པ་ཞུ་དགོས་ཟེར་གི་འདུག་གམ། གངས་ཅན་སྐྱིད་གཤོངས་སུ་ལྷན་ཁང་གསར་པ་ཞིག་འཛུགས་དགོས་ཟེར་གི་འདུག་གམ། ཅང་གོ་སོང་ངམ།

རྩོམ་རིག

དམིགས་བསལ་ཚོགས་ཆེན་དང་ཚོགས་མིའི་འགན་འཁྲི།

Posted on 2008-11-19 By དབང་ཕྱུག་ No Comments on དམིགས་བསལ་ཚོགས་ཆེན་དང་ཚོགས་མིའི་འགན་འཁྲི།

འབྲོང་དར་རྒྱས། ད་ལན་དམིགས་བསལ་ཚོགས་ཆེན་འདིས་བོད་པ་རང་གི་སྤྱི་ཚོགས་ཆུང་ཆུང་འདི་ཁོ་ན་མ་ཡིན་པར་རྒྱལ་སྤྱིའི་སྒང་ནས་འདི་ལ་དོ་སྣང་ཤུགས་ཆེན་བྱེད་ཀྱི་ཡོད། རྒྱ་གར་གཞུང་ནས་བོད་པ་སྐྱབས་བཅོལ་བ་ཚོར་ཆེད་དམིགས་སྒྲིག་པའི་རྡ་སའི་རི་ངོགས་འདིར་ཁ་སང་དེ་རིང་ཆབ་སྲིད་ཉམས་ཞིབ་པ་དང་བོད་གནས་ཉམས་ཞིབ་པ། ད་དུང་སྦི་སྦི་སི་གསར་ཁང་སོགས་གསར་འགོད་པ་ཚོ་འཚང་ཁ་ཤིག་ཤིག་གིས་བོད་གནས་སྒྲིག་ཅི་ཐུབ་དང་འཛམ་གླིང་སྒང་སྒྲོག་ཅི་ཐུབ་བྱེད་ཀྱི་ཡོད། རྒྱ་ནག་གཞུང་ནས་ཀྱང་འདི་ལ་མིག་གབ་སྲིབ་ཅེར་གྱིས་བལྟ་ཞིང་ཕག་ཉན་བྱེད་ཀྱིན་ཡོད་པའི་སྒང་རེད། ད་དུང་བོད་པ་ཁ་ཤས་ཚོགས་ཆེན་འདི་ལས་རེ་བ་གསར་བ་ཞིག་རྙེད་པར་ཡིད་ཆེས་བྱེད་ཀྱི་ཡོད། ཁ་ཤས་ཀྱིས་ཚོགས་ཆེན་ལ་སེམས་ཁྲལ་དང་ཤུགས་རིང་འདོན་གྱིནཡོད། འདི་དག་ནི་བོད་གནས་ལ་ཅུང་བསམ་བློ་གཏོང་མཁན་ཚོ་ཡིན་ལ་ཁ་ཤས་ནས་དེ་ཚོར་བ་དང་བསམ་ཚུལ་ཅི་ཡང་མེད་མཁན་གྱི་རིགས་ཤིན་ཏུ་མང༌། ངས་རྡ་སའི་རི་ངོགས་ཀྱི་ཚོགས་ཆེན་འདི་ལ་རི་འདབས་ནས་ལྟ་བཞིན་ཡོད་ལ་སེམས་ཁྲལ་དང་དོགས་པ། ཡིད་ཆེས་དང་རེ་སྒུག་སོགས་ཅིག་ཅར་གྱིས་བརྡོལ་ཡོང་བ་ཞིག་རེད། རྩ་བའི་ཆ་ནས་ད་ལན་གྱི་ཚོགས་ཆེན་བསྡུ་བསྐོང་གི་དམིགས་འབེན་དེ་གཞི་རིམ་མང་ཚོགས་དཀྱུས་མའི་བསམ་འདུན་དག་བཅོས་སླད་བསྒྱུར་བཀོད་མེད་པར་ཚོགས་སྟེགས་སུ་སླེབས་ཐུབ་པ་བྱ་རྒྱུ་ཡིན་ལ། བསམ་ཚུལ་དེའི་འབྱུང་གཞི་ནི་ད་ལོའི་བོད་ནང་གི་ཛ་དྲག་བྱུང་རྐྱེན་དང་བོད་ལ་འཛིན་པའི་རྒྱལ་སྤྱིའི་གནས་བབ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སོགས་གཞི་བཏིང་བའི་ཐོག་ནས། བོད་གཞིས་བྱེས་གཉིས་དང༌། གཞུང་མང་གཉིས་སོགས་བོད་ཀྱི་རྩ་དོན་ཐོག་ལ་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་དང་འཆར་གཞི་ཇི་ལྟར་འདིང་དགོས་མིན་དེ་ཡིན།…

དེ་ལས་མང་བ་། “དམིགས་བསལ་ཚོགས་ཆེན་དང་ཚོགས་མིའི་འགན་འཁྲི།” »

གསར་འགྱུར།

ས་མཐའ་ནས་ཕ་ཡུལ་དྲན་པ།

Posted on 2008-11-182008-11-18 By ཡེ་ཤེས་ 3 Comments on ས་མཐའ་ནས་ཕ་ཡུལ་དྲན་པ།

ཀླུ་སྨྱོན། ཕ་ཡུལ་ཡ། ཕ་ཡུལ། ད་དུང་སྨུག་ཞགས་ཀྱིས་དཀྲིས་པའི་ཕ་ཡུལ། ད་དུང་མུན་ནག་གིས་བཏུམས་པའི་ཕ་ཡུལ། འབྲོང་ངར་མ་རྫ་ནས་ཕབས་པའི་ཕ་ཡུལ། རྐྱང་རྒོད་པོར་ཁ་ལོ་བཏུལ་བའི་ཕ་ཡུལ། འདི་ལྟར་གཞན་དབང་གིས་འཚོ་བའི་ཕ་ཡུལ། དེ་ལྟར་བཙན་དབང་གིས་མནར་བའི་ཕ་ཡུལ། ཕ་ཡུལ་ཡ། ཕ་ཡུལ། མུ་མེད་བྱང་ཐང་གིས་ཁེངས་པའི་ཕ་ཡུལ། མཐའ་མེད་རྒྱ་མཚོ་དང་རིང་བའི་ཕ་ཡུལ། འགྱུར་མེད་གངས་རི་ཡིས་བསྐོར་བའི་ཕ་ཡུལ། ཡལ་མེད་ལོ་རྒྱུས་ཀྱིས་གཏམས་པའི་ཕ་ཡུལ།…

དེ་ལས་མང་བ་། “ས་མཐའ་ནས་ཕ་ཡུལ་དྲན་པ།” »

སྙན་ངག

དཔའ་རྟུལ་ཚོ།

Posted on 2008-11-18 By དགེ་རབ་ 5 Comments on དཔའ་རྟུལ་ཚོ།

ཚེ་རིང་གི་བུ། རྒྱུ་མཚན་དེའི་དབང་གིས། དཔལ་རྟུལ་ཚོའི་གཟི་བརྗེད་སྔར་བཞིན་འབར་ལ། རྣོ་དབལ་གྱི་འདོད་བློ། རྒྱུན་ཐག་ཆད་པ་བཞིན་ཤི་སོང༌། དཔའ་རྒོད་ཚོའི་ལོ་རྒྱུས། རྒོད་པོ་ཁྲི་ཕྲག་གི་ཕུགས་བསམ་བཞིན། ས་ཆེན་གྱི་བར་སྣང་དུ། འགྱིང་སྟབས་ཀྱིས་འཕུར། དཔའ་རྟུལ་ཚོ་གཤེགས་རྗེས། རྒྱལ་སྲས་ཀྱི་གནམ་འོག རྨེག་མེད་ཁྲོད། མྱ་ངན་ཁྲོད་བན་བུན་གྱིས་འཚོ། སྐུ་དྲག་ཁ་ཤས་དབེན་སྟོང་གིས་ཕེབས། ད་དུང༌།…

དེ་ལས་མང་བ་། “དཔའ་རྟུལ་ཚོ།” »

སྙན་ངག

བོད་ལ་ཤ་ཞེན་ཡོད་ན། བོད་སྐད་གཙང་མ་བསྐྱོན་རོགས།

Posted on 2008-11-182008-11-18 By namkha No Comments on བོད་ལ་ཤ་ཞེན་ཡོད་ན། བོད་སྐད་གཙང་མ་བསྐྱོན་རོགས།

ཨ་རིག་དམ་ཆོས་བསམ་འཕེལ་གྱིས།
ངོ་སྤྲོད། སྤྱིར་སྐད་ཡིག་ཅེས་པ་ནི་མི་རིགས་གི་བླ་སྲོག་ཡིན་ལ། མི་རིགས་དེའི་རིག་གཞུང་དང་གོམས་གཤིས། ཆོས་དང་ཆབ་སྲིད་སོགས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འཛིན་སྐྱོང་གི་ལག་ཆ་གཙོ་བོ་ཡང་ཡིན། དེས་ན་ད་ལྟའི་བོད་གངས་ཅན་གྱི་ཛ་དྲག་གི་གནས་སྟངས་དང་ཆག་འཇིག་གི་རླུང་འཚུབ་འོག་ང་ཚོས་འཇོན་ཐང་དང་ནུས་པ་གང་ཡོད་ཀྱིས་རིག་པ་བསྒྲིམས་ཏེ་བོད་མི་རིགས་འདིའི་ལས་དོན་ཆེད་མི་རེ་རེའི་ངོས་ནས་གཞི་རྒྱ་ཆེ་ཆུང་ལ་མ་བལྟོས་པར་ལས་འགུལ་གང་ཐུབ་སྤེལ་རྒྱུ་ནི་ང་ཚོའི་མི་རབས་འདིའི་ཕྲག་པར་བབས་པའི་ལས་འགན་ཞིག་ཡིན་པ་སྨོས་ཅི་དགོས།
དམིགས་ཡུལ། རྒྱ་དམར་བཙན་རྒྱལ་རིང་ལུགས་ཀྱིས་དམིགས་ཡུལ་ལྡན་པའི་སྒོ་ནས་ཐབས་བརྒྱ་ཇུས་སྟོང་གིས་བོད་ཀྱི་སྐད་ཡིག་རྩ་མེད་དུ་བཏང་དང་གཏོང་བཞིན་པ་དང་བསྟུན། གོ་ལ་ཟླུམ་པོ་འདིའི་ཡུལ་ཕྱོགས་གང་སར་གནས་པའི་བཙན་བྱོལ་བོད་མི་དག་ལ་ཡང་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་སའི་ཁོར་ཡུག་ཆུང་བ་བཅས་ཀྱིས་བོད་མི་རིགས་ཀྱི་སྐད་ཡིག་འདི་བཙོན་པ་ལྟ་བུ་ཆགས་ཡོད། འོན་ཀྱང༌། ང་ཚོས་སྡུག་སྐད་ཤོར་བ་དང་འཁང་ར་བྱས་པ་ཙམ་མ་ཡིན་པར་བོད་པ་རང་ཉིད་ཀྱིས་ངོས་ནས་མ་བསྐུལ་དང་བླང་ཐོག་སེམས་ཐག་གཙང་བཅད་དང་ལྷག་བསམ་རྣམ་དག་གིས་རང་གིས་རང་ལ་དམ་བཅའ་བཞག་སྟེ་ཡུལ་གྲུ་གང་དུ་སླེབས་ཀྱང་བོད་ཀྱི་སྤྱི་ཚོགས་ཁྲོད་བོད་སྐད་གཙང་མ་བཤད་སའི་ཁོར་ཡུག་གསར་པ་ཞིག་བསྐྲུན་ཐབས་ལ་འབད་བརྩོན་བྱེད་རྒྱུ་དེ་དམིགས་ཡུལ་གཙོ་བོ་ཡིན།
ལས་འགུལ། ༡༽རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་མི་རིགས་ལ་བཅིངས་བའི་བརྩེ་སེམས་དང་ཤ་ཞེན། སེམས་ཤུགས་སོགས་ཀྱིས་བོད་ཀྱི་རྩ་དོན་ཆེད་དམིགས་ཏེ་བོད་རིགས་གྲོགས་པོ་དང༌། ནང་མི། བོད་མི་སུ་འདྲ་ཞིག་དང་འཕྲད་སྐབས་རང་ངོས་ནས་བོད་སྐད་གཙང་མ་ཞིག་བཤད་རྒྱུ།

དེ་ལས་མང་བ་། “བོད་ལ་ཤ་ཞེན་ཡོད་ན། བོད་སྐད་གཙང་མ་བསྐྱོན་རོགས།” »

གསར་འགྱུར།

གཞི་ལུས་བོད་མིའི་འབོད་སྒྲ།-དམིགས་བསལ་ཚོགས་ཆེན་ལ་ཕུལ་བ།

Posted on 2008-11-182008-11-18 By དགེ་རབ་ No Comments on གཞི་ལུས་བོད་མིའི་འབོད་སྒྲ།-དམིགས་བསལ་ཚོགས་ཆེན་ལ་ཕུལ་བ།

ཞི་བདེའི་ཕོ་ཉ་ནས།

ཉེ་ལམ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་གསུང་ཕེབས་པ་ལྟར་ད་ལྟ་འཛམ་གླིང་གི་བོད་མི་ཡོངས་ནས་འབྱུང་འགྱུར་བོད་ཀྱི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐག་གཅོད་བྱ་ཕྱིར་ཚ་ཚ་འུར་འུར་སྒོས་དམིགས་བསལ་ཚོགས་ཆེན་ཚོགས་པར་གྲ་སྒྲིག་བྱེད་བཞིན་པའི་སྐབས་འདིར།
ད་ལྟ་འཛམ་གླིང་གི་བོད་རིགས་འདུས་སྡོད་བྱེད་ས་གང་དང་ཀུན་ཏུ་ཚ་ཚ་འུར་འུར་སྒོས་རང་རང་གི་བསམ་ཚུལ་སྣ་ཚོགས་འདོན་བཞིན་པའི་སྐབས་འདིར།
འདིར་གཞིས་སྡོད་བོད་རིགས་མི་མང་གི་གུང་ཁྲན་ཏང་གི་གདུག་རྩུབ་ཆེན་པོའི་དྲག་གནོན་འོག་ན་རང་ཉིད་ཀྱི་བསམ་ཚུལ་ཕྱིར་འདོན་རྒྱུའི་གོ་སྐབས་ཕར་ཞོག རྒྱུན་ལྡན་གྱི་འཚོ་བ་ལ་ཡང་དཀའ་ངལ་རབས་དང་རིམ་པ་ཞིག་འཕྲད་བཞིན་ཡོད་པས་མངོན་གསལ་དོད་པོའི་སྒོ་ནས་བཀའ་གསུང་དེ་བསྒྲུབས་ཐུབ་ཐབས་བྲལ་མོད། ཡིན་ན་ཡང༌། འདིར་བོད་མི་གང་མང་ཞིག་ནས་དེ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། དེ་ལ་འཇིགས་སྔངས་དང་སེམས་ཁྲལ་ཡང་ཆེན་པོ་བྱེད་བཞིན་འདུག འཇིགས་སྔངས་དང་སེམས་ཁྲལ་བྱེད་དོན་ནི། གཙོ་བོ་ཉེ་ཆར་ྋགོང་ས་མཆོག་སྐུ་བསྙུང་བཞེས་པའི་སྐབས་དེ་ག་རང་ལ་ཚོགས་ཆེན་འདི་འདྲ་ཞིག་སྐོང་དགོས་པར་བཀའ་ཕེབས་པ་དེ་ལ་མི་མང་གིས་སེམས་ཁྲལ་བྱེད་གཞིར་གྱུར་བ་དང༌། གཞན་ཞིག་ནི་ད་ལྟ་མི་མང་གང་མང་ཞིག་ནས་རང་བཙན་དང་འཐབ་འཁྲུག་གི་ལམ་ལ་དུང་པ་བྱེད་མཁན་ཡང་མང་པོ་ཡོད་པས། ྋགོང་ས་མཆོག་གིས་སྐུ་ཚེ་ཧྲིལ་བོར་དཀའ་ལས་བརྒྱབ་སྟེ་བསྐྲུན་པའི་ཞི་བདེ་གཉིས་མོལ་གྱི་རྨང་གཞི་བརྟན་པོ་དེ་གཏོར་མི་ཡོང་ངམ་སྙམ་པ་དེ་རེད།
དེས་སྟབས་ཀྱིས་འདིར་ང་ཚོས་བོད་ནང་ཁུལ་གྱི་ཐོབ་ཐང་མི་འདྲ་བའི་མི་གང་མང་ཞིག་ལ་བགྲོ་གླེང་དང་བསམ་ཚུལ་རྒྱུས་ལོན་ཟབ་མོ་བྱས་པ་ལྟར་ན་སྡོམ་ཚིག་གསུམ་ལ་འདུས་ཡོང་གི་འདུག

དེ་ལས་མང་བ་། “གཞི་ལུས་བོད་མིའི་འབོད་སྒྲ།-དམིགས་བསལ་ཚོགས་ཆེན་ལ་ཕུལ་བ།” »

རྩོམ་རིག

མི་རབས་གསུམ་པ་གླེང་དུ་ཤོག

Posted on 2008-11-18 By དགེ་རབ་ 201 Comments on མི་རབས་གསུམ་པ་གླེང་དུ་ཤོག

ཨ་རིག་དགེ་མཐོང་།
ངས་ཟིན་བྲིས་ཐན་ཐུན་རེ་འབྲི་བསམ་མོད། རྒྱུགས་སྤྲོད་ལ་བྲེལ་པའི་དབང་གིས་ཚོར་འདུ་དེ་ཡང་མོག་མོག་ཏུ་གྱུར། དུས་ཚོད་ཀྱི་མ་འདང་བ་འམ་འཐུས་ཤོར་ཐེབས་པ་གང་ཡིན་མ་ངེས་ཀྱང་འབྲི་མ་ཐུབ། རྒྱུ་རྐྱེན་དེས་དྲ་གྲོགས་འབིག་སོགས་དུས་བབ་ཟིན་བྲིས་ཀྱི་དགུན་ས་ནས་ཁ་བརྡའི་དབྱར་ས་ལ་སོང་ཚར་འདུག མ་ཟད་ཁྱིམ་མཚེའི་བུ་མོ་བྱེའུ་མཚོ་ཡང་ཤི་བ་དང་སྤུས་ལོག་མིན་ཆ་མ་འཚལ་བ་ཞིག་ཏུ་གྱུར་ཏེ། ཤུལ་དུ་མིག་ཆུ་ཞིག་དང་མཆོད་རྐོང་ཞིག་ལས་བཞག་མི་འདུག ངས་དུས་བབ་ཚགས་ཤོག་བཀླགས་ཚར་དུས་རང་ཉིད་ཁེར་རྐྱང་ཡིན་པ་ཚོར་བྱུང༌། དེ་ཚོར་བསམ་གཞིག་རེ་གཏོང་བཞིན་དུས་བབ་དྲ་ཚིགས་ཀྱི་སྒོ་ཕྱེས་ཏེ། མགོ་ནས་བལྟ་སྐབས་ཨ་ཁུ་རྡོ་རྗེ་དབང་ཕྱུག་ད་དུང་ཁ་རོག་གེར་བཞུགས་འདུག་ལ། ཟིན་བྲིས་རྣམས་རེ་རེ་བཞིན་བཀླགས་ནས་མཇུག་ལ་སླེབས་དུས། གཡག་སྡོམ་ཁེར་ཉལ་དུ་ལག་སྟོང་ངང་བསྡད་ཡོད་པ་ཚོར་སོང༌། ད་དུང་རྩོམ་སྒྲིག་པ་ཞི་ལིའི་སྐྱེས་སྐར་ནས་ཐོན་མེད་པ་འདྲ།

དེ་ལས་མང་བ་། “མི་རབས་གསུམ་པ་གླེང་དུ་ཤོག” »

རྩོམ་རིག

བཀའ་ཤག་གིས་བཀླག་དགོས་བའི་དཔེ་དེབ་ཅིག

Posted on 2008-11-18 By དབང་ཕྱུག་ 12 Comments on བཀའ་ཤག་གིས་བཀླག་དགོས་བའི་དཔེ་དེབ་ཅིག

ཐེ་བོ་ཤེས་རབ་རྒྱ་མཚོ། དེང་རིང་གི་འུ་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་དཔེ་དེབ་གསར་པ་གང་ཞིག་ཐོན་ཡོད་ནའང༌། དཔེ་དེབ་དེ་ཚོ་ཇ་འཐུང་ཞོར་ཉལ་སའི་ནང་ནས་བྲིས་བ་མིན་ན། ཁ་ཁུ་སིམ་པའི་དཔེ་མཛོད་ཁང་དུ་སོང་ནས་བྲིས་བ་ཡིན་ལ། དེ་ལྟར་མིན་ན་དཔེ་དེབ་ལ་བལྟས་ནས་བྲིས་བ་ཤ་སྟག་ཡིན། དེར་བརྟེན་དཔེ་དེབ་དེ་དག་ཀྱང་ཆ་སྒམ་ནང་ཐལ་རྡུལ་མཐུག་པོ་ཞིག་གྱོན་ནས་ཁ་ཁུ་སིམ་མེར་གཏན་དུ་གཟིམ་ནས་བསྡད་ཡོད། དཔེ་དེབ་དེ་དག་ཐལ་རྡུལ་ཁྲོད་དེ་ལྟར་ཁ་ཁུ་སིམ་མེར་གཏན་དུ་གཟིམ་པའི་རྒྱུ་མཚན་ཧ་ཅང་རྟོགས་སླ་སྟེ། གོང་དུ་བཤད་པ་ལྟར་འབྲི་མཁན་ཚོས་ཉལ་སའི་ནང་དང༌། དཔེ་མཛོད་ཁང༌། དཔེ་དེབ་ལ་བལྟས་ནས་ལས་སླ་བོའི་ངང་བྲིས་བས་ཡིན། འཛམ་གླིང་ཞི་བདེ་ཡི་མིག་ཏུ་གྱུར་བའི་རྒྱ་བོད་ཀྱི་ལོ་པཎ་ཚོས་གཞུང་རྩོམ་སྐབས་དབུ་ལ་རྩོམ་པར་དམ་བཅའ་འཇོག་དགོས་བའི་རྒྱུ་མཚན་ཡང༌། དེ་ལྟའི་རིན་ཐང་ཅན་གྱི་དཔེ་དེབ་ཡག་པོ་ཞིག་འབྲི་རྒྱུ་ནི་བདེ་མོ་སྐྱིད་པོ་བྱས་བསྡད་ནས་འབྲི་ཐུབ་པ་ཞིག་མ་ཡིན་པས་རེད། གལ་སྲིད་ཁྱེད་ཀྱིས་དཀའ་ལས་ཅི་ཡང་མི་རྒྱག་པར་བདེ་མོ་སྐྱིད་པོ་བྱས་ནས་དཔེ་དེབ་ཅིག་བྲིས་ཚེ། དེ་ནི་སྔོན་ཆད་རང་རེའི་མཁས་པ་ཁ་ཤོམ་ཅན་ཚོས་སྣག་ཤོག་གྲོན་པའི་རྒྱུ་ཞེས་བཤད་པའི་ར་བ་ལས་འདའ་མི་སྲིད་ལ། གལ་སྲིད་ཁྱེད་ཀྱིས་སྣག་ཤོག་གྲོན་པ་ཙམ་ལས་མེད་པའི་དཔེ་དེབ་ཅིག་བྲིས་ཚེ།…

དེ་ལས་མང་བ་། “བཀའ་ཤག་གིས་བཀླག་དགོས་བའི་དཔེ་དེབ་ཅིག” »

གསར་འགྱུར།

Posts pagination

Previous 1 … 885 886 887 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ཇ་ཁང་ནང་གི་བཀའ་ཤག (51)
  • ཕྱག་ན་པདྨོ། (18)
  •        ཚན་རིག་གི་ཤེས་བྱ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme