ཨཱཙཱརྱ་ཨག་ལོད་ཀྱིས།
༄༅། །མཚན་གྱི་རྒྱལ་མོའི་ལུས་ཟུངས་རྒུད་ཅིང་སྐར་མའི་གྲང་འདར་དགུང་ནས་རྒྱག །
ཟླ་བ་ཁེར་འགྲོ་ནུབ་ཁར་ཆས་ཤིང་མཚམས་སྤྲིན་ཁ་བཏགས་སྐེ་ལ་གཡོགས། །
གྲང་རླུང་ངར་མས་ཕེབས་སྐྱེལ་ཡིན་ཟེར་སྙིང་ཆུང་ལུ་གུ་འཁྱག་གིས་བསྡམས། །
གཡུ་ལོ་མེ་ཏོག་སད་ཀྱིས་བཅོམ་པས་གདུངས་བའི་ལོ་འདབ་ས་ལ་ཉིལ། །
ལྔ་བཅུ་ང་དགུའི་ལོ་ནག་དེ་ལ་མི་རིགས་འདི་ཡི་ལས་དབང་ཤོར། །
སྟོང་ལོ་བཅུ་དགུའི་ལོ་སྨད་འདི་ལ་ཅིཏའི་ཁ་ཕྱོགས་རྨང་ནས་ཤོར། །
རྫ་ཚེ་རིང་བཀྲ་ཤིས།
སྤྱི་ལོ་༢༠༡༩ཟླ་༩ཚེས་༧ ཉིན། ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་སྙན་གྲགས་ཅན་གྱི་ཡཱན་ཧྲན་མགྲོན་ཁང་ཆེན་མོའི་ཚོགས་ཁང་དུ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གསོལ་འདེབས་ཞུས་དོན་ལྟར། ཞིབ་འཇུག་ཚོགས་པ་དང་ཐའེ་ཝན་མགར་ཆེན་ཆོས་ཚོགས་ཟུང་འབྲེལ་ཐོག་༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེས་
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༤ ཉིན་བོད་ནས་གནས་ཚུལ་འབྱོར་བར། ཕྱི་ཟླ་ ༩ ཚེས་ ༣ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྡོ་རྗེ། རང་ལོ་༣༦ ཙམ་ཡིན་པ་ཁོང་ལ་རྔ་པ་ནས་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་ནི་ལོ་སྔོན་མའི་ཕྱི་ཟླ་ ༧ པའི་ཟླ་དཀྱིལ་ཞིག་གི་མཚན་མོ་རང་ཤག་ནས་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་ཅིང་། དེ་ནས་བཟུང་ད་བར་ཐག་གཅོད་གང་ཡང་མ་བྱས་པར་བཀག་ཉར་བྱས་ཡོད་འདུག