Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གདོན་འཕྲུལ་གྱིས་བསླུས་པ་ལྟ་བུའི་ལོ་རྒྱུས།

Posted on 2009-04-07 By དགེ་རབ་ 86 Comments on གདོན་འཕྲུལ་གྱིས་བསླུས་པ་ལྟ་བུའི་ལོ་རྒྱུས།

བསྟན་པ་དར་རྒྱས་ཀྱིས་བྲིས། རྒྱ་གར་དུ་འབྱོར་ནས་ཟླ་ཁ་གང་ཙམ་ལས་མིན་པའི་གསར་འབྱོར་ནང་གི་གསར་འབྱོར་ཁོ་བོ་ལ་མཚོན་ན་བོད་ཀྱི་དོལ་ཤུལ་རྒྱ་མཚོ་ཟེར་བའི་རྩོམ་པ་པོ་ཞིག་གི་མཚན་སྙན་ཐེངས་མང་པོར་གོ་རུང་།  ཁོའི་མིང་གྲགས་ཅན་གྱི་དེབ་དེ་ད་དུང་མཇལ་རྒྱུའི་སྐལ་བ་མ་བྱུང་།   འོན་ཀྱང་དེ་རིང་ནོར་གླིང་དཔེ་མཛོད་ཁང་ནས་རང་གི་མིག་གཉིས་ལ་ཡང་ཡིད་མི་ཆེས་པའི་དེབ་རྒན་གཉིས་མཐོང་བ་ནི།  འགུ་ལོག་དམ་ཆོས་དཔལ་བཟང་ཟེར་བས་བྲིས་པའི་མགུ་ལོག་གི་ལོ་རྒྱུས་གཉན་པོ་གཡུ་རྩེའི་བསང་དུད་ཟེར་བ་དེ་རེད། དེ་ཡང་ཚོགས་མ་བསགས་པའི་ལས་ངན་ངས་དེབ་དེ་བམ་ཀློག་ཅིག་བྱས་མ་ཐག་ཐོག་མའི་རྒྱལ་པོ་གཉའ་ཁྲི་བཙན་པོ་དང་།  ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ།   བཙན་པོ་ཁྲི་རལ་བ་ཅན་གསུམ་ལ་མེས་དབོན་རྣམ་གསུམ་ཞེས་སོ་ཟེར་བ་དེ་མཐོང་བས་ཡ་མཚན་པ་ལ་ཚོད་མེད་པ་ཅིག་བྱུང་།   མགོ་ནས་མར་གཅིག་བལྟས་པས་ལོ་རྒྱུས་དེའི་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་ནི་ཨ་མཆོག་སྤྲུལ་སྐུ་ཟེར་བ་ཞིག་གིས་ཨ་རི་ནས་བྲིས་འདུག  གཞུང་རང་གིས་བྲིས་ནས་རྩོམ་པར་དམ་བཅའ་བ་གཞན་གྱིས་འབྲི་ཟེར་བ་འདི་དཔེ་མི་སྲིད་པ་ཞིག་ཡིན་པར་མ་ཟད།   ཧ་ལམ་རྩོམ་པར་དམ་བཅའ་བ་དེ་ལོ་རྒྱུས་རྫོབ་ཐོ་དེ་འབྲི་ཚར་བའི་རྗེས་སུ་བྲིས་པ་འདྲ་ཞིག་འདུག་པས།  ལོ་རྒྱུས་རྩོམ་པ་པོས་ཚིགས་བཅད་འབྲི་ཤེས་ཀྱི་མེད་པའི་རྟགས་མཚན་གསལ་བོར་མངོན་འདུག   དེ་ནས་མར་ཅུང་བཀླགས་པས་གདོད་མིའི་བོད་མི་བྱུང་ཚུལ་ཟེར་བ་དེར་སྔོན་བསྐལ་བ་དང་པོ་རི་རབ་ཀྱི་སྟེང་དུ་མིའི་འགྲོ་བ་བྱུང་ཞེས་ཟེར།  སྐབས་དེར་ཉིན་གུང་ལ་ཐོན་གྲབ་འདུག་པས་དེབ་དེ་གཡར་རོགས་ཞུས་ཀྱང་གཡར་མ་སོང་། ཡང་བསྐྱར་སྐར་མ་བཅུ་ཙམ་ལ་བམ་ཀློག་བྱས་པས་ལོ་རྒྱུས་འདིའི་ཐོག་མཐའ་བར་གསུམ་ཀུན་ཏུ་སེམས་ཐོག་ན་མེད་པའི་སྨྱོན་པའམ་ར་བཟི་ཞིག་གིས་སྐད་ཆ་ཐད་ཀར་ཡིག་ཐོག་ཏུ་བཀོད་བཞག་པ་དེ་འདྲ་ཤིན་ཏུ་མང་བར་མ་ཟད།  བརྗོད་བྱེད་ཀྱི་ཚིག་ཀྱང་ཚིག་སྦྱོར་ཧ་ཅང་རྩོག་པས་སྐྱུག་པ་མཐོང་བ་ལྟར་ཞེ་མེར་གཏིང་ནས་ལངས་དགོས་པ་ཞིག་འདུག  དེས་ན་དེབ་འདི་ལ་གླེང་རིན་དང་དགག་རིན་ཅི་ཡང་མི་འདུག་ཀྱང་ངའི་བློ་ཡུལ་དུ་མ་ཤོང་བ་གཙོ་བོ་དེ།   སྐུ་སྒེར་ཡིག་ཚང་གིས་དེབ་འདི་ལ་འགྲོ་གྲོན་བཏང་བ་དང་།  བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་པ།  ད་དུང་བཙན་བྱོལ་བའི་ཁྲོད་ན་མཁས་དབང་ཆེན་པོ་དང་མི་ཚད་ལྡན་དུ་གྲགས་པའི་ཟམ་གདོང་རིན་པོ་ཆེས།   ལོ་རྒྱུས་འབྲི་མཁན་འདི་ལ་ཕྱི་ནང་གི་རིག་གནས་ལ་གཞན་དྲིང་མི་འཇོག་པ་ཞེས་དང་།   ལོ་རྒྱུས་རིག་པའི་གནད་གསང་ལ་མཁྱེན་པ་ཡངས་པ་ཞེས་ཆེ་བསྟོད་ཚད་མེད་བྱས་འདུག་པ་དེ་རེད།  ཟམ་གདོང་རིན་པོ་ཆེས་ཅིའི་ཕྱིར་བསམ་བློ་མ་བཏང་བ་དང་འགན་མི་ཁུར་བའི་ཧམ་བཤད་འདི་འདྲ་ཞིག་ཡིག་ཐོག་ཏུ་བྲིས་སམ།   སྐུ་སྒེར་ཡིག་ཚང་དང་དཔེ་མཛོད་ཁང་གིས་སྤུས་ཀ་ཡོད་མེད་ཙམ་ཡང་མ་བལྟས་པར་ཅིའི་ཕྱིར་རྒྱན་བཙུག་པ་ལྟར་མིག་བཙུམ་ནས་པར་སྐྲུན་བྱས་པ་ཡིན་ནམ།   འདི་དག་ལས་གསལ་བོར་མཐོང་ཐུབ་པ་ཞིག་ནི།   བཙན་བྱོལ་ཁྲོད་ཀྱི་ཆེ་ཆེ་གཉན་ཐམས་ཅད་ཀྱིས་ཉི་མ་གང་འཁྱོལ་བྱེད་བཞིན་པ་དང་།  ལས་ཀའི་ཐོག་ལེ་ལོ་དང་ཕྱི་བཤོལ་མ་གཏོགས་འགན་ཅི་ཡང་ལེན་གྱི་མེད་པ།  ༧གོང་ས་ཆེན་པོའི་ཕྱག་དངུལ་དང་ཐུགས་རེ་རྣམས་ཆུད་ཟོས་སུ་གཏོང་རྒྱུ་ལ་མངར་ཇ་ཕོར་བ་གང་འཐུང་འཕྲོར་བསྐྱུར་རྒྱུའི་ཕངས་སེམས་ཙམ་ཡང་བྱེད་ཀྱི་མེད་པ་ཆེས་གསལ་བོ་ཆགས་འདུག  བོད་ནང་དུ་ཡོད་པའི་བོད་པ་རྒྱ་མིའི་རྒྱུགས་ཁྱི་ཚོས་རྒྱ་ནག་གི་གཞུང་དོན་སྒྲུབ་དུས་ཞིབ་ཚགས་པོ་ཅི་ཙམ་བྱེད་ཀྱི་ཡོད་མེད་ཀུན་གྱིས་ཤེས་གསལ་རེད།   ལོ་མང་པོར་བསྒྲུབས་པའི་དེབ་རྒན་འདི་འདྲ་ཞིག་མ་དགོས་དུས་དེབ་ཅིག་གི་སྟེང་དུ་འགོད་རྒྱུའི་སྒྲུང་རྩོམ་ཐབས་ཆག་ཅིག་ཡིན་རུང་སྤུས་ཚད་མ་ལོངས་ན་འགོད་ཀྱི་མ་རེད།   ཆེས་ཐབས་སྡུག་ས་ནས་བཤད་རུང་མ་མཐའ་ཡང་ཞུ་དག་ཅིག་བྱས་ཡོད་ན་ཅི་མ་རུང་།  ཞབས་འདྲེན་རེད།   ངོ་མ་ཞབས་འདྲེན་རེད།

དཔྱད་རྩོམ།

དགེ་ལྡན་པའི་སྤྲུལ་སྐུ་གླེང་བ།

Posted on 2009-04-07 By tenzin 6 Comments on དགེ་ལྡན་པའི་སྤྲུལ་སྐུ་གླེང་བ།

དགེ་ལྡན་པའི་སྤྲུལ་སྐུ་གླེང་བ།   འོད་དཀར་དྲ་ཚིགས་ནས་དྲངས།  དཔྱད་བརྗོད་འདི་དགེ་ལྡན་པའི་སྤྲུལ་སྐུ་ཕྱོགས་ཀྱི་ལྟ་ཚུལ་ཁོ་ན་ཡིན།   ཉེ་བའི་ཆར་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་འདི་བཙན་བྱོལ་ནང་མཐོ་ས་ནས་ྋགོང་ས་མཆོག་གི་ཡང་སྲིད་དང༌།     དེ་བཞིན་ཆབ་སྲིད་ཀྱི་གནད་འགག་བཀའ་ཁྲིའི་གནས་སྟངས་ཕྱོགས་གང་ནས་བསམ་ཡང་ང་ཚོས་རང་འགར་འཇོག་མི་ནུས་པ་ཞིག་ཡིན་པ་གསལ་བོ་ཡིན།    བསམ་མེད་ཀྱི་བྱིས་པ་ཆུང་ཆུང་ཞིག་རྨི་ལམ་ལྟ་བུའི་འཇིག་རྟེན་གྱི་ཚོར་སྣང་ལས་ཡོད་ཚད་གསར་བའམ་ཤོར་ཟིན་གྱི་སྣང་བ་ཞིག་གིས་མི་ཚེ་རྫོགས་དགོས་པ་འདི་ནམ་ཡང་འཇིག་རྟེན་གྱི་མི་སྣ་གང་མང་ཞིག་གིས་མི་ཚོར་བའི་སྤྲུལ་སྐུ་དག་གི་སེམས་ཀྱི་དྲི་བ་ཞིག་ཡིན།  འདི་ལྟར་འཇིག་རྟེན་འདི་ནས་རང་དབང་གི་འཚོལ་བསྙེགས་བྱེད་འདོད་པ་ནི་འགྲོ་བ་སེམས་ཅན་ཡོངས་ཀྱི་འདོད་པ་ཡིན་ན་སྤྲུལ་སྐུ་ཞེས་པའི་གང་ཟག་འདི་དག་ཡང་འདི་དག་གི་ཁོངས་སུ་ཡོད་པ་གསལ་བོར་མངོན།   ང་ཚོས་སྤྲུལ་སྐུ་ཞེས་སྤྱི་མིང་ཞིག་ལ་སྡིག་དམོད་བྱེད་སྐབས་སྣང་ངོར་ཚོར་སྣང་གང་ཡང་མེད་པར་གང་བྱུང་བརྗོད་ཐུབ་པའི་དུས་རབས་འདིར་ང་ཡང་དེ་ལྟར་སྤྲུལ་སྐུ་ལ་སྡུག་དམོད་བྱེད་མཁན་ཞིག་ཡིན།   དེ་རིང་ངས་འདིར་ཟློག་ཕྱོགས་ཀྱིས་སྤྲུལ་སྐུ་དག་གི་སེམས་ཀྱི་ཚོར་སྣང་དང་སེམས་ཀྱི་མྱོང་ཚོར་འགའ་བརྗོད་འདོད་བྱུང༌།       ༡   སྤྲུལ་སྐུ་ནི་མི་ཞིག་གིས་བཟོས་པ་ལས་རང་སྐྱེས་ཀྱི་ང་སྤྲུལ་སྐུ་ཡིན་ཞེས་བཏོན་པ་ཧ་ཅང་གི་དཀོན་པོ་ཡིན།  དེས་ན་བྱིས་པ་དེའི་མི་ཚེ་ལ་བསམ་བློ་མ་བཏང་པར་རང་ཉིད་ཀྱི་དགོས་དབང་ངམ་ཡང་ན་དགོན་སྡེ་ཞིག་གིས་ཆེད།   རང་འགའ་བའི་བྱིས་པ་གཅིག་གི་རང་དབང་འདི་ལྟར་ལྡོག་རོལ་ལ་བཏང་བ་ནི་ཅི་འདྲའི་སྣང་ཆུང་ཞིག་རེད།      ༢  ང་ཚོས་སྤྲུལ་སྐུ་དག་ལ་སྐྱོན་བརྗོད་བྱེད་ལ་ནོར་འཁྲུལ་བརྗོད་བཞིན་ཡོད་མོད་ཁྱེད་ཅག་གི་སེམས་སུ་སྤྲུལ་སྐུ་ཞེས་པ་འདི་ཡང་གང་ཟག་རང་འགའ་བ་ཞིག་ཡིན་པའི་ཚོར་སྣང་ཡོད་དམ།  དུས་ད་ལྟའི་བར་སྤྲུལ་སྐུ་རྣམས་གང་ཟག་ཁྱད་པར་བ་ཞིག་དུ་བརྩི་བ་ནི་སྤྱི་ཚོགས་ཀྱིས་ཁོ་ཚོ་ལ་སྤྲད་པ་ལས་རང་ཉིད་ཀྱི་འདི་ལྟར་བརྗོད་བཞིན་མེད་པ་གསལ་བོ་ཡིན་པ་འདི་དག་ལ་བསམ་གཞིག་བྱེད་མི་ཐུབ་པ་ཇི།    ༣  དེང་སྐབས་གདན་ས་གསུམ་ན་སྤྲུལ་སྐུ་ལ་ཐོབ་ཐང་གང་ཡང་མེད་ལ་དམིགས་བསལ་གང་ཡང་མེད་ཅེས་བརྗོད་ན་སྐྱོན་ཆེར་མེད་སྙམ།   སྐབས་རེར་བཤད་སོལ་ཞིག་ལ  “སྤྲུལ་སྐུ་དག་ལ་དམིགས་བསལ་ཞིག་ཡོད་པ་ནི་རང་ཉིད་ཀྱི་ཆོས་ཞུགས་དང་དགེ་བཤེས་གཏོང་སྒོའི་སྐབས་སྐུ་འགྱེད་ཚོད་འཛིན་མེད་པར་བརྒྱབ་ཆོག་པ་དེ་ཡིན་” ཞེས་བཤད་ཀྱི་ཡོད།    གཞན་གྲལ་འགོར་བསྡོད་པ་ལས་ཕྱི་གླིང་བའི་གྲྭ་རྒྱུན་ཞིག་དང་ཁྱད་པར་ཆེན་པོ་མེད།       འདིར་གནས་ཀྱི་སྤྲུལ་སྐུ་དག་གི་མི་ཚེ་འཚོ་གནས་ཀྱང་རང་འགའ་བ་ཞིག་ཡིན།   དཔལ་འབྱོར་མེད་ལ་དབང་ཤུགས་མེད་པའི་སྤྲུལ་སྐུ་མང་པོ་ཞིག་གིས་མི་ཚེ་གཞན་གྱི་སྡིག་དམོད་དང་ནང་གི་གནོན་ཤུགས།  དགོན་པའི་ལས་སྣེ་གང་ཞིག་ཡིན་ཡང་སྤྲུལ་སྐུ་དག་ལ་དམིགས་བསལ་གྱི་ལྟ་ཕྱོགས་ངན་པ་ཞིག་འཛིན་བཞིན་པའི་དུས་འདིར་སུ་ཞིག་གིས་རང་དབང་མེད་པའི་རྐུབ་བཀྱགས་སྟོང་པ་འདི་མུ་འཐུད་ནས་རྒྱུན་སྐྱོང་བྱེད་འདོད་ཡོད།    ༤  གཞུང་དང་སྐུ་སྒེར་ཕྱོགས་ནས་ཀྱང་གདན་ས་གསུམ་གྱི་ནང་ཐོན་པའི་སྤྲུལ་སྐུ་རྣམ་དཔྱོད་ཅན་ལ་བདག་སྐྱོང་མི་བྱེད་པར་རྒྱབ་ལྗོངས་ཀྱི་ངོ་སོ་འོག་སྤྲུལ་སྐུ་ཁ་ཤས་ཡར་འཐེན་བཞིན་ཡོད།  ད་དུང་དགོད་བྲོ་བ་ཞིག་ལ་སྤྲུལ་སྐུ་ཁ་ཤས་གདན་ས་ནས་ཁུངས་མ་འཁྱོལ་བར་ངྷ་རམ་ས་ལར་སོང་རྗེས་རྟོག་ལྡན་པ་ཆགས་པའི་གནས་ཚུལ་འདིའི་དབང་གིས་སྤྲུལ་སྐུ་གང་མང་ཞིག་ཧང་སངས་བཞིན་ཡོད།  འདི་ལྟར་སྤྲུལ་སྐུ་དག་ཕྱི་ནང་གི་གནོན་ཤུགས་འོག་དགོན་སྡེ་ཁག་ནས་ཕྱིར་ཐོན་ནས་རང་འགའ་བའི་འཚོ་གནས་ལ་འགྲོ་བཞིན་ཡོད་པ་འདི་དེང་སྐབས་ཤེས་དགོས་པའི་བོད་ཀྱི་སྤྱི་ཚོགས་ཀྱི་མི་མངོན་པའི་ འཇིག་རྟེན་གྱི་གྲུབ་ཆ་ཞིག་རེད།   འདི་ནི་ཁོ་ཚོས་འདོད་པའི་ལམ་ཁ་མིན་ཡང་སྤྱི་ཚོགས་ཀྱིས་དེད་པའི་ལམ་ཁ་ཞིག་རེད་ཅེས་བརྗོད་ཆོག  ཉེ་ཆར་འདི་ལྟར་གདན་ས་ཁག་ནས་སྤྲུལ་སྐུ་ཤེས་ཡོན་པ་བསམ་བློ་བ་མི་ཉུང་བ་ཞིག་དགོན་སྡེ་དག་དང་ཁ་བྲལ་བ་ནི་དངོས་གནས་སྐྱོ་སེམས་ཀྱི་མུན་ནག་ཅིག་ལས་མ་མཆིས།   

གསར་འགྱུར།, དཔྱད་རྩོམ།

དམ་པ་བློ་བཟང་རྒྱ་མཚོ་མཆོག་གི་ཡང་སྲིད་ཁྲི་འདོན།

Posted on 2009-04-072009-04-07 By tenzin 21 Comments on དམ་པ་བློ་བཟང་རྒྱ་མཚོ་མཆོག་གི་ཡང་སྲིད་ཁྲི་འདོན།

བོད་ཀྱི་དུས་བབ་དྲ་རྒྱ་ནས་བླངས། ༼འདོན་སྤེལ། ༢༠༠༩/༠༤/༠༦༽

སྐྱེས་བུ་དམ་པ་རྣམས་ནི་འཁྲུངས་པ་བསྟན་འགྲོའི་དོན་དང་འཚོ་བའང་བསྟན་འགྲོའི་དོན། གཤེགས་པའང་བསྟན་འགྲོའི་དོན་ཡིན་པ་ལྟར། ༧གོང་ས་མཆོག་གིས་དམ་པ་གང་གི་ཡང་སྲིད་ཐད། དམིགས་བསལ་དགོངས་བཞེས་ཀྱིས་བཀའ་སློབ་ལམ་སྟོན་བསྩལ་དོན་བཞིན། དམ་པ་གང་གི་ཡང་སྲིད་འཁྲུལ་བྲལ་རྙེད་དེ།བོད་གངས་ཅན་བསྟན་འགྲོ་རིག་གཞུང་དང་བཅས་པའི་དོན་བྱ་བར་སྐུ་གོང་མ་བཞིན། འགྲན་ཟླ་མེད་པའི་སྐྱེས་བུ་དམ་པ་ཞིག་ཡོང་བའི་སྨོན་ལམ་ཡོད་ཟེར།

ཕྱི་ཚེས་ ༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༡ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ངྷ་ས་རིག་ལམ་སློབ་གཉེར་ཁང་གི་དགེ་དམ་པ་བློ་བཟང་རྒྱ་མཚོ་མཆོག་གི་ཡང་སྲིད་བསྟན་འཛིན་ཚེ་བརྟན་རིན་པོ་ཆེ་མཆོག་ཁྲི་འདོན་རྟེན་འབྲེལ་གྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང༌། ཁྲི་འདོན་མཛད་སྒོ་དེར་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུས་གཞུང་ཞབས་ལས་བྱེད་ཆེ་ཕྲ་དང༌། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ། རིག་ལམ་སློབ་གཉེར་ཁང་དང་ས་རཱ་མཐོ་སློབ་ཀྱི་དགེ་སློབ་ཡོངས། དེ་བཞིན་ངྷ་ས་ས་གནས་མི་མང་བཅས་འདུ་འཛོམས་བྱུང་ཡོད།ཆུང་སྲིད་དེ་ཉིད་ ༢༠༠༦ ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སུ་གནས་བཞུགས་ཡབ་ཚེ་རིང་རྒྱལ་མཚན་དང༌། ཡུམ་སྐལ་བཟང་དབྱངས་སྐྱིད་རྣམ་གཉིས་ཀྱི་རིགས་སྲས་བསྟན་འཛིན་ཚེ་བརྟན་ཁོང༌། དགེ་དམ་པ་བློ་བཟང་རྒྱ་མཚོ་མཆོག་གི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གྱི་བཀའ་ཡིག་བསྩལ་ཡོད་པ་ཞིག་ཡིན་འདུག

དེ་ལས་མང་བ་། “དམ་པ་བློ་བཟང་རྒྱ་མཚོ་མཆོག་གི་ཡང་སྲིད་ཁྲི་འདོན།” »

གསར་འགྱུར།

ཁེར་རྐྱང་གི་གོམ་བགྲོད་རིང་མོ།

Posted on 2009-04-05 By དགེ་རབ་ 3 Comments on ཁེར་རྐྱང་གི་གོམ་བགྲོད་རིང་མོ།

ལྟག་མཚེར་རིན་པོ་ཆེའི་སྲས་ཐ་ཆུང་འཇིགས་མེད་ནོར་བུ་ལགས་ ད་ལོའི་སུམ་བཅུའི་དུས་དྲན་ནས་མགོ་བརྩམས་ཏེ། ཨ་རིའི་ཨིན་ཌི་ཡ་ནཱ་ནས་ནིའུ་ཡོག་བར་དུ་བོད་རང་བཙན་ཆེད་གོམ་བགྲོད་བྱེད་བཞིན་པ་དེ་ཨིན་ཌི་ཡ་ན་ནས་ཨོ་ཧ་ཡོ་དང་། དེ་ནས་ཝིར་ཇི་ནི་ཡཱ་བརྒྱུད་ད་ཆར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཕེབས་གྲུབ་ཡོད་པ་དང་།  མེལ་ལེ་ ༦༠༠ ཙམ་ལ་ཕེབས་གྲུབ་ཡོད་པ་རེད། ཁ་སང་དེ་རིང་ཁོང་དང་ཁོང་གི་ཕེབས་རོགས་སྤྱི་ཟུར་དབང་ཕྱུག་རྡོ་རྗེ་ལྷན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཊོན་དུ་ཕེབས་བཞིན་ཡོད་པ་དང་། ཝ་ཤིན་ཊོན་དུ་སྲིད་འཛིན་གྱི་ཁང་པ་དཀར་པོའི་མདུན་བརྒྱུད་ནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་གོམ་བགྲོད་བྱེད་འཆར་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་འགའ་ལའང་མཇལ་འཕྲད་བྱེད་འཆར་ཡོད་པ་རེད། དེ་ནས་པེན་སི་ཝི་ནི་ཡཱ་བརྒྱུད་ནིའུ་ཇཱར་སི་དང་ནིའུ་ཡོག་ལ་ཕེབས་རྒྱུ་ཡིན་པ་དང་། ལམ་ཐག་མེལ་ལེ་ཉིས་བརྒྱ་ལྷག་ཙམ་ཡོད་པ་དེ་ཉིན་བཅུ་ཙམ་ཞིག་འགོར་རྒྱུ་ཡིན་པ་རེད། འཇིགས་མེད་ནོར་བུ་གོམ་བགྲོད་བྱས་པའི་ཉིན་ཁ་ཤས་ཀྱི་ནང་ཚུན་རྐང་པར་ཆུ་ལྒང་ཐོན་ནས་ན་ཚ་བྱུང་བ་མ་ཟད། སྐྲངས་པ། སྦྲིད་པ་སོགས་གཟུགས་པོའི་ན་ཟུག་ཆེ་ཙམ་བྱུང་ན་ཡང་།…

དེ་ལས་མང་བ་། “ཁེར་རྐྱང་གི་གོམ་བགྲོད་རིང་མོ།” »

གསར་འགྱུར།

བོད་ཀྱི་སྤྲུལ་སྐུའི་སྐོར་ལ་བསམ་འཆར་ཡོད་ན་འདིར་ཤོད།

Posted on 2009-04-03 By tenzin 71 Comments on བོད་ཀྱི་སྤྲུལ་སྐུའི་སྐོར་ལ་བསམ་འཆར་ཡོད་ན་འདིར་ཤོད།

བོད་ཀྱི་སྤྲུལ་སྐུའི་སྐོར་ལ་བསམ་འཆར་མང་པོ་འདུག དྲ་དཔོན་གྱིས་དཔལ་ནོར་སྤྲུལ་སྐུའི་སྐོར་ལ་མཆན་བཀག་རྗེས། ད་དུང་མཆན་འགོད་མཁན་འདུག བྱས་ཚང་འདི་ལ་སྤྲུལ་སྐུ་སྤྱིའི་སྐོར་ལ་བསམ་འཆར་འདོན་བྱེད་ཀྱི་གླེང་གཞི་ཞིག་བཟོས་ཡོད།  གུས་པའི་རེ་བར་ཚང་མས་སྤྲུལ་སྐུའི་ལམ་ལུགས་དང་དངོས་ཡོད་གནས་སྟངས་ཐོག་བསམ་འཆར་འདོན་པ་ལས། མི་སྒེར་གཙོ་བོར་འཛིན་ནས་སྨོད་པ་དང་སྡིགས་པ་སོགས་མ་གནང་རོགས།   ཚངས་དབྱངས།

གསར་འགྱུར།

གདོང་དམར་གྱི་བུའི་འདྲི་བ།

Posted on 2009-04-032009-04-03 By tenzin 6 Comments on གདོང་དམར་གྱི་བུའི་འདྲི་བ།

ངས་རྙིང་མའི་ཆོས་ཚིག་གཅིག་ཉམས་ལེན་བྱེད་དགོས་བསམ་གྱང་རྩ་ཚིག་དེ་ཆ་ཚང་མི་དྲན་པས་ཤེས་མཁན་ཞིག་གིས་ཁ་བསྐོང་གནང་རོགས། གྲོང་དང་དགོན་པ་རི་ཁྲོད་ལ་སོགས་པ།། གང་དུ་སོང་ཡང་་་་་་་་་་་་་་་་་་་་་་་་་་་་་་་་ སུ་དང་འགྲོགས་ཀྱང་མི་མཛའ་མི་འཁོན་པ།། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཉམས་ལེན་ཡིན།། ཟེར་བའི་ཆོས་ཚིག་དེ་རྡོ་རྗེ་གདན་གྱི་སྨོན་ལམ་ཆེན་མོའི་སྐབས་ཀྱི་དུས་དེབ་ཅིག་ཏུ་མཐོང་མྱོང་། ཚིག་འདི་ནི་བྲེལ་ཟིང་དང་འཚང་ཁ་ཆེ་བའི་ད་ལྟའི་སྐབས་སུ་ལན་རེ་ཁྲོ་ཆགས་ཀྱི་རྟ་ཁ་འཐེན་བྱེད་ལ་ཕན་ས་འདུག་པས་ཤེས་མཁན་ཞིག་གིས་ཁ་བསྐོང་ནས་གནང་རོགས།  

གསར་འགྱུར།

བསམ་བློ་ཞིག་གཏོང་དང་།

Posted on 2009-04-032009-04-03 By tenzin 29 Comments on བསམ་བློ་ཞིག་གཏོང་དང་།

བོད་ཀྱི་རིག་གཞུང་གལ་ཆེ་བ་རེད། ངེད་ཚོའི་ཕྲུ་གུའི་མདུན་ལམ་གལ་ཆེ་བ་རེད།    ཨ་རིའི་ནང་འཚར་ལོངས་བྱུང་བའི་བུ་མོ་བསྟན་འཛིན་དབྱངས་སྐྱིད་ཀྱི་འདྲི་བ།   ཕྲུ་གུ་དབྱིན་ཇིའི་སློབ་གྲྭར་གཏོང་ཐུབ་ན། ལས་ཀའི་གོ་སྐབས་མང་བ་འདུག དེ་ཕྱི་རྒྱལ་གྱི་གནས་སྟངས་རེད། ཕྲུ་གུ་ལ་རྒྱ་ཡིག་གི་སྐད་ལམ་ནས་སློབ་གྲྭར་གཏོང་ཐུབ་ན། བོད་དང་རྒྱ་ནག་ནང་ལ་ལས་ཀའི་གོ་སྐབས་མང་བ་འདུག དེ་བོད་ཡུལ་གྱི་གནས་སྟངས་རེད། ད་ཅིའི་ཕྱིར་བོད་ཡིག་སློབ་བམ། ད་བར་བོད་ཡིག་ཡག་པོ་ཡོད་མཁན་གྱི་བོད་པ་འཇོན་པོ་ཞིག་དང་མིག་དཔེ་བལྟ་ཡུལ་ཞིག་མིན་འདུག རྒྱ་གར་ནང་ལ་བོད་མི་སྐད་གྲགས་ཡོད་པ་མང་པོ་ཞིག་ནི་དབྱིན་ཇིའི་སློབ་གྲྭ་ལ་ཕྱིན་པ་རེད། དཔེར་ན།…

དེ་ལས་མང་བ་། “བསམ་བློ་ཞིག་གཏོང་དང་།” »

གསར་འགྱུར།

བོད་ཀྱི་སྐད་ཡིག་གི་ཟིན་བྲིས་ཁ་ཕྱེ་ཐུབ་ཀྱི་མིན་འདུག

Posted on 2009-04-03 By tenzin 3 Comments on བོད་ཀྱི་སྐད་ཡིག་གི་ཟིན་བྲིས་ཁ་ཕྱེ་ཐུབ་ཀྱི་མིན་འདུག

བོད་ཀྱི་སྐད་ཡིག་གི་ཟིན་བྲིས་གསར་པ་དང་རྙིང་པ་གཉིས་ཀ་ཁ་ཕྱེ་ཐུབ་ཀྱི་མིན་འདུག ཡང་ཨ་མ་གཅིག་གི་བུ་མོས་དེ་ལ་ཕུར་གཉེ་བྱེད་ཀྱི་ཡོད་ཚོད།

གསར་འགྱུར།

མཚོ་སྔོན་ཞིང་ཆེན་ཆེས་མཐོའི་མི་དམངས་ཁྲིམས་ཁང་མདུན་ངོ་རྒོལ།

Posted on 2009-04-022009-04-03 By གཡང་འབུམ་རྒྱལ་ 8 Comments on མཚོ་སྔོན་ཞིང་ཆེན་ཆེས་མཐོའི་མི་དམངས་ཁྲིམས་ཁང་མདུན་ངོ་རྒོལ།

ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེ་ ༢ ཉིན་སྔ་དྲོའི་ཆུ་ཚོད་བརྒྱད་ཐོག་དགེ་འདུན་པ་ཁག་ཅིག་གིས་ཁྲིམས་སར་དྲང་བདེན་ཡོང་བར་ངོ་རྒོལ་བྱེད་བཞིན་པ། ཞིབ་ཕྲ་ http://woeser.middle-way.net/2009/04/blog-post_03.html དྲ་རྒྱར་གཟིགས་རོགས།

གསར་འགྱུར།, དཔྱད་རྩོམ།

སྐྱོ་གླུ།

Posted on 2009-04-02 By དབང་ཕྱུག་ No Comments on སྐྱོ་གླུ།

འབྲོག་རུ་ཆོས་གྲགས། རྒྱ་ནག་གནམ་ལྕགས་ཐོག་རེད།། བོད་ཡུལ་ཛ་དྲག་ནང་རེད།། ཚེ་སྲོག་མེ་མདའི་འོག་རེད།། དགོན་སྡེ་དམག་སྒར་གྲོང་རེད།། སྨྲ་བརྗོད་རང་དབང་མེད་པས།། མི་རྣམས་ལྐུགས་པར་གྱུར་སོང༌།། ལྐུགས་པའི་སྙིང་གི་ན་ཟུག། རང་ལུས་མེ་རུ་སྦར་སོང༌།། བོད་འབངས་སྡུག་གི་ནང་རེད།། བོད་ཡུལ་དུ་ཁྲོད་གནས་རེད།། གཞིས་བྱེས་གཉིས་ཀྱི་བརྩེ་དུངས།། དཀར་པོ་དུང་ལས་ལྷག་རེད།།

སྙན་ངག

ཁོང་ནི་སངས་རྒྱས་ཆོས་ལུགས་ཀྱི་སྲོལ་འབྱེད་མཁན་མ་རེད།

Posted on 2009-03-31 By དགེ་རབ་ 6 Comments on ཁོང་ནི་སངས་རྒྱས་ཆོས་ལུགས་ཀྱི་སྲོལ་འབྱེད་མཁན་མ་རེད།

ཨའོ་ཞའོ། མང་རའི་གངས་ཐིགས་ཀྱིས་བསྒྱུར། ང་སྟོན་པ་ཤཱཀྱ་ཐུབ་པ་ལ་དགའ་བོ་ཡོད། ཅི་ཕྱིར་ཞེ་ན། ང་ལ་མཚོན་ན་ཁོང་གིས་མེད་དུ་མི་རུང་བའི་ཆོས་ལུགས་ཀྱི་སྲོག་ཤིང་མཚོན་གྱི་འདུག ཁོང་ནི་སངས་རྒྱས་ཆོས་ལུགས་ཀྱི་སྲོལ་འབྱེད་མཁན་མ་རེད། སངས་རྒྱས་ཆོས་ལུགས་ནི་ཞར་བྱུང་ཐོན་རྫས་ཤིག་རེད། ཁོང་ནི་འཛམ་གླིང་ནང་ཡོངས་སུ་ཐ་དད་པའི་ཆོས་ལུགས་ཤིག་གི་སྲོལ་བཏོད་མཁན་ཏེ་ཆོས་ཀྱི་ལུགས་མེད་པའི་ཆོས་ལུགས་ཀྱི་སྲོལ་བཏོད་པ་པོ་རེད། ཁོང་གིས་ཆོས་སེམས་ Religiousnessདཔྱད་པ་བཏང་ནས་གཏན་ལ་ཕབ་འདུག་པ་ལས་ཆོས་ལུགས་ལ་དཔྱད་པ་བཏང་མི་འདུག་གོ བསྒྱུར་མཁན་གྱི་ཕྲན་དཔྱད། འདི་ནི་བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ངོས་འཛིན་གསར་བ་ཞིག་རེད་བསམ་ཏེ་མཁྱེན་ཡངས་དྲ་◌ྭགྲོགས་དག་ལ་ལེགས་སྐྱེས་སུ་ཕུལ་བ་ཡིན། ྐློག་པ་པོ་དག་གི་དོ་སྣང་ཡོང་ཆེད་དུ་གསུངས་ཚིག་ཅིག་ཁ་བྱང་དུ་བཞག་པ་ཡིན། འདི་ལས་མང་པ་མཁྱེན་འདོད་ཡོད་ན་སྐྱེས་ཆེན་དམ་པ་ཨའོ་ཞའོ་ཡི་དཔེ་དེབ་༵ཕ་ལམ་མདོྐ་ཡི་སྔོན་གླེང་ལ་གཟིགས་པར་འཚལ།་

འགྱུར་རྩོམ།

ལོ་ངོ་སུམ་ཅུའི་ཡར་སྔོན་ལྟ་མྱོང་བའི་གློག་བརྙན་གཉིས་དང་དེའི་རྒྱབ་ལྗོངས་ཀྱི་བསམ་གཞིག

Posted on 2009-03-302009-03-30 By ཡེ་ཤེས་ No Comments on ལོ་ངོ་སུམ་ཅུའི་ཡར་སྔོན་ལྟ་མྱོང་བའི་གློག་བརྙན་གཉིས་དང་དེའི་རྒྱབ་ལྗོངས་ཀྱི་བསམ་གཞིག

ཞིང་བྲན། http://www.tibetabc.cn/u/kuantaijia20/archives/2009/200938235223.htm རྟ་རྐུན། http://www.tibetabc.cn/u/kuantaijia20/archives/2009/200937767.html#61762 སྔོན་མར་ཞི་བདེ་ཉི་མ་དང་ཕག་མོ་དོན་གྲུབ་སོགས་ཀྱིས་གློག་བརྙན་འདི་གཉིས་ཡང་སྐྱར་སྤྱི་ཚོགས་སྟེང་སྟོན་དགོས་པའི་རེ་འདུན་བཏོན་པར་རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་ལ་གནོད་པར་འདུག་ཟེར་ནས་ངོས་ལེན་མ་བྱས་པ་རེད་ཟེར། ཡིན་ན་ཡང་ད་ལྟ་རྒྱ་གཞུང་གིས་གློག་བརྙན་འདི་གཉིས་རྩ་ཆེར་བརྩིས་ཏེ་གང་སར་སྟོན་བཞིན་འདུག་ཟེར།

གསར་འགྱུར།

བོད་རིགས་ཏང་ཡོན་ཞིག་གིས་སྤྲིངས་པ།

Posted on 2009-03-272009-03-30 By tenzin 10 Comments on བོད་རིགས་ཏང་ཡོན་ཞིག་གིས་སྤྲིངས་པ།

བོད་རིགས་ཏང་ཡོན་ཞིག་གིས་སྤྲིངས་པ།

(བོད་ཀྱི་སྐད་ཡིག་དྲ་རྒྱ་ནས་དྲངས་ )
http://www.tibettl.com/blog/u/Tenzin/archives/2009/5867.html#7835
གུས་ཞིང་བརྩེ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཧུ་ཅིང་ཐའོ་ཡི་དྲུང་དུ།

གུས་པ་ནི་ལོ་མང་ཏང་དང་མི་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་བོད་མི་ཏང་ཡོན་བསམ་པ་རྣམ་དག་ཞིག་ཡིན། གུས་པས་འདས་པའི་ལོ་ངོ་༤༠རིང་ལྷག་བསམ་རྣམ་དག་གིས་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་དང་། ཏང་གི་ལམ་སྟོན་ལ་མཐའ་གཅིག་ཏུ་བརྩི་བཀུར་གྱིས་མེས་རྒྱལ་གྱི་ནུབ་ཕྱོགས་ལ་གནས་པའི་བོད་ཀྱི་ས་ཁུལ་ཁག་ལ་སློབ་གསོ་དང་། དྲིལ་བསྒྲགས་ཀྱི་བྱ་བ་མི་ཉུང་བ་བསྒྲུབས་ཡོད་ཅིང་། ལོ་བཅུའི་གོང་ལ་རྒྱལ་ཁབ་ཀྱིས་དམིགས་བསལ་གཟིགས་སྐྱོང་གིས། ཀྲུང་དབྱང་ཏང་གི་སློབ་གྲྭར་བོད་རིགས་ལས་བྱེད་གསོ་སྐྱོང་འཛིན་གྲྭའི་ནང་ལོ་གཉིས་ཙམ་གྱི་སློབ་གསོ་གནང་བྱུང་། དེའི་རྗེས་ལ་གཞིས་རྩེ་ས་ཁུལ་གྱི་མི་དམངས་སྲིད་གཞུང་གི་བྱ་བ་སྒྲུབ་བཞིན་ཡོད།

དེ་ལས་མང་བ་། “བོད་རིགས་ཏང་ཡོན་ཞིག་གིས་སྤྲིངས་པ།” »

གསར་འགྱུར།, དཔྱད་རྩོམ།

བཟང་སྤྱོད།

Posted on 2009-03-27 By དགེ་རབ་ 9 Comments on བཟང་སྤྱོད།

སྒྱུར་མཁན། ཟླ་བ་གཞོན་ནུ།
རང་བཞིན་དུལ་བའི་རིགས་ཅན་དང་།།
རྟག་པར་རྒན་བཀུར་བྱེད་པ་ཡི།།
ཚེ་དང་ཡོན་ཏན་གྲགས་པ་སྟོབས་།།
བཞི་བོ་རྣམས་ནི་འཕེལ་བར་འགྱུར།།

ཕྲུ་གུ་སྐྱེས་བའི་གནས་སྐབས་སུ།།
ཕ་མས་མྱངས་པའི་སྡུག་དེའི་དྲིན།།
ལོ་བརྒྱའི་སྲི་ཞུ་བསྒྲུབ་པས་ཀྱང་།།
འཇལ་བར་ནུས་པ་མ་ཡིན་ནོ།།

དེ་ལས་མང་བ་། “བཟང་སྤྱོད།” »

འགྱུར་རྩོམ།, སྙན་ངག

དོན་དམ་སྐྲག་དགོས་ས་དེ་རང་མི་རེད།

Posted on 2009-03-262009-03-30 By tenzin 1 Comment on དོན་དམ་སྐྲག་དགོས་ས་དེ་རང་མི་རེད།

དོན་དམ་སྐྲག་དགོས་ས་དེ་རང་མི་རེད།

སྒྲེན་པོས།

ཉི་མ་འདི་ཚོར་གློག་ཀླད་དྲ་ངོས་སུ་འཚང་ཐེངས་རེ་རེར།  ཟིན་ཐོ་ཞིག་སྤེལ་འདོད་ཀྱི་འདུན་པ་མཚོ་བཞིན་རྒྱས་ནའང་། ཟིན་ཐོ་གང་ཞིག་སྤེལ་དགོས་མིན་ཡང་མི་ཤེས་པའི་ཚོད་དུ་གདའ། དེ་ལ་ཡང་རྒྱུ་མཚན་ཁྱོན་ནས་མེད་པ་ཞིག་ག་ལ་ཡིན།

གཅིག  གངས་ཉིའི་དོན་དག

གྲོགས་གངས་ཉི་ལགས་འཛིན་བཟུང་ཐེབས་པའི་དོན་རྐྱེན་དེས། ང་ཚོ་ལ་རང་དབང་གི་ཁོར་ཡུག་ལག་མཐིལ་ཙམ་ཞིག་ལས་ལྷག་མེད་པའི།  ཆེས་ཉམ་ཆུང་གི་འཕག་འཚག་བྱ་སའི་སྨྲ་བརྗོད་ཀྱི་བསྟི་གནས་འདི་ཡང་བཙན་གྱིས་ ཁྱུར་མིད་བྱ་འདོད་ཀྱི་བརྡ་རྟགས་རྒྱབ་ཟིན་པས།  ང་རང་ངོས་ནས་བློ་ཕམ་ཆེན་པོ་སྐྱེས་བཞིན་ཡོད། སྤྱིར་ན་བོད་མི་ཞིག་འཛིན་བཟུང་ཐེབས་སོང་ན་དེ་ནི་སྤྱི་ཕྱོགས་ནས་བཤད་ན་དེ་ འདྲའི་ཕངས་སེམས་དང་དང་དོད་བྱ་རིན་ཆེན་པོ་མེད་སྣང་སྐྱེས་ནའང་། དོན་དག་འདིའི་ཕུགས་ནས་ང་ཚོར་འཇིགས་སྐྲག་རིགས་ཤིག་གི་ངོ་གདོང་གང་གསའ་དང་ གསེང་ནས་སྟོན་གྱིན་པ་མ་ཡིན་ནམ།  སྨྲ་ལྕེ་འབྲེག་འདང་ཡོད་པའི་འཇིགས་སྐྲག་རིགས་ཤིག་གི་ངོ་གདོང་དེ།  མང་གཙོ་དང་རང་དབང་གི་འབོད་སྐད་གཉོམ་པོ་དྲག་པོའི་དཔུང་གིས་བཀག་སྡོམ་བྱ་བཞིན་ ཡོད་པའི་འཇིགས་སྐྲག་རིགས་ཤིག  གནད་འགག་འདི་འདྲ་སླེབས་པ་ན་ང་ལ་དངོས་གནས་ཟིན་ཐོ་སྤེལ་འདོད་ཀྱི་བློ་མེད་གི  འཇིགས་སྐྲག་རིགས་འདི་ནི་ང་ཚོ་བོད་མི་ཁོ་ནས་མ་ཡིན་པར། འགྲོ་བ་མིའི་རིགས་ཀྱི་འཇིགས་སྐྲག་རིགས་ཤིག་ག་ལ་མིན། ང་ཚོས་ནམ་ནམ་ཞར་ཞར་ལ་རང་ངོ་རང་གི་ལག་པས་བཀབ་ནས་རང་ངོ་མི་མཐོང་ཁུལ་བྱས་ནས་ འདུག་དགོས་སམ། དོན་དམ་ང་ཚོས་ག་རེ་བྱས་ན་དགའ་ཨང་།

དེ་ལས་མང་བ་། “དོན་དམ་སྐྲག་དགོས་ས་དེ་རང་མི་རེད།” »

གསར་འགྱུར།, དཔྱད་རྩོམ།, དེབ་ཐེར།

དམར་གསོད་བྱས་པའི་དགེ་རྒན་ལ་མྱ་ངན་ཞུ།

Posted on 2009-03-262009-03-26 By དགེ་རབ་ No Comments on དམར་གསོད་བྱས་པའི་དགེ་རྒན་ལ་མྱ་ངན་ཞུ།

སྤྱི་ ལོ་ཉིས་སྟོང་དགུ་ལོའི་ཟླ་གསུམ་པའི་ཚེས་༢༡ཉིན་གྱི་གཟའ་སྤེན་པའི་སྔ་དྲོ་དུས་ ཚོད་༡༡དང་སྐར་མ་༤༠ཡས་མས་སུ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ཁོང་ནད་ཚན་ཁང་གི་ཀྲུའུ་རིན་སྨན་པ།ཆེད་མཁས་པ། སྨན་པ་པད་མ་ཚེ་བརྟན་ཁོང་རང་སྟབས་མ་ལེགས་པར་གཤེད་མའི་ལག་ཏུ་ཤོར་ནས་གཞུང་ལས་ ཁང་དུ་རང་སྲོག་ཤོར་བ་རེད། ཁོ་རང་ནི་དེ་སྔར་བདག་དང་བདག་འདྲ་བའི་གསོ་རིག་གི་ལས་གཉེར་བའི་སློབ་མ་མང་པོ་ ཞིག་གི་དགེ་རྒན་དང་།ལོ་ངོ་ཉི་ཤུ་ལྷག་གི་རིང་ནད་པ་མང་ཚོགས་ལ་ནད་བཅོས་ཞབས་ཞུ་ བསྒྲུབས་པའི་སྨན་པ་བཟང་པོ། ད་དུང་བུ་ཕྲུག་ཞིག་གི་ཕ་ལོ་དང་། ཆུང་མའི་སེམས་ཀྱི་གཏད་སོ། ཕ་མའི་གཅེས་ཕྲུག་ཞིག་གི་འགན་འཁུར་མངའ་བའི་ཚེ་སྲོག་གི་རྒྱུན་ཐག་བསྲིངས་མི་ ཞིག་རེད། ཡིན་ཡང་གློ་བུར་ཞིང་སྐྱི་གཡའ་བའི་དོན་རྐྱེན་འདིས་མི་མང་པོ་ཞིག་ལ་སེམས་ཀྱི་ རྨ་ཁ་བཟོས་ཡོད་པ་དང་བདག་སེམས་ཀྱང་འཁྱག་སིབ་སིབ་ཏུ་སྣང་བས་དགེ་རྒན་ཁོང་རང་ལ་ མྱ་ངན་ཞུ་བ་ལགས། ཆབས་ཅིག་ཚེ་སྲོག་ལ་རྡོག་བརྫིས་གཏོང་མཁན་གྱི་གཤེད་མ། མ་རུང་སྡུག་རྩུབ་ཅན་གྱི་ལག་དམར་ཁོ་དང་ཁོ་རང་ཚོ་འདྲ་བ་རྣམས་ལ་ངོ་རྒོལ་མཐའ་ གཅིག་ཏུ་བགྱིས་པ་ཡིན། དོན་རྐྱེན་འདིའི་བྱུང་རྐྱེན་དང་གོ་རིམ།མཇུག་འབྲས་ལ་ལས་ཁུངས་དང་སྤྱི་བདེ་མི་ སྣས་དབྱེ་ཞིབ་བགྱི་བཞིན་པས་སྒང་ཡིན་ལ་ཚོད་དཔག་སོགས་ཀྱིས་དོན་ལ་ཕན་ཐོགས་མི་ ཡོང་བའི་ཁར་ཐག་ཞོར་འབྲེང་འདྲུལ་མི་ཡོང་བའི་ངེས་པའང་མེད་པའི་རེ་ཞིག་བཏང་ སྙོམས་སུ་བསྐྱུར་བ་དང་། རང་ཉིད་འབངས་མི་དཀྱུས་མ་ཞིག་གི་ཚུལ་དུ་ཆེས་མཐོ་མི་དམངས་སྲིད་གཞུང་ལ་སྐད་ཆ་ འགའ་ཞུ་འདོད་པ་ཡིན།

དེ་ལས་མང་བ་། “དམར་གསོད་བྱས་པའི་དགེ་རྒན་ལ་མྱ་ངན་ཞུ།” »

གསར་འགྱུར།

གྲོགས་གངས་ཉི་ལ།

Posted on 2009-03-252009-03-25 By tenzin 9 Comments on གྲོགས་གངས་ཉི་ལ།

ན་གཞོན་དཔུང་སྡེའི་འོད་དཀར་ནས། ཟླ་གཉིས་ཙམ་གྱི་སྔོན ཁྱེད་ཀྱི་ཧི་གཟུགས་ནས་ངས་ཡོད་ཚད་རེ་གཞག་དང་དུང་ཞེན་ཞིག་གིས་ཁུར དུས་དེར་ཁྱེད་ཀྱི་ང་མི་ཤེས་ལ་ངས་ཁྱེད་ཀྱང་མི་ཤེས ཟླ་གཅིག་ཙམ་གྱི་སྔོན ངས་ཁྱེད་ལ་དུང་ཞེན་ཀྱི་ཡི་གེ་སྤྲིངས ངས་ཁྱེད་ལ་སེམས་གཏིང་ནས་སྐད་ཆ་བཤད་འདོད་བྱུང དུས་དེར་ཁྱེད་ཀྱི་མི་རིགས་ལ་བཅངས་བའི་ཤ་ཞེན་གྱིས་ངའི་སེམས་པ་མེ་རུ་འབར་བཅུག་སོང དུས་དེར་ཁྱེད་ཀྱི་ང་སུ་ཡིན་གྱི་སྐད་ཆ་འདྲི་བཞིན་ཁྱེད་ཀྱི་སེམས་པ་སྤྲོ་སེམས་ཀྱིས་ཁེངས་སོང ངའི་སེམས་ཀྱི་རང་གཤིས་ལྷད་མེད་ཀྱི་གྲོགས་མཆོག ཉིན་དེ་ནས་བཟུང་ཁྱེད་ཀྱི་མི་རིགས་འདིར་བཅངས་བའི་བརྩེ་སེམས་རེ་རེ་གསུངས་བྱུང་ལ རྒྱབ་བརྟེན་རི་འདྲ་བོ་ཞིག་གི་ཚད་ལ་ཁྱེད་ཀྱི་ཡིད་ཆེས་བྱས ཉིན་འདི་གའི་རིང་ངའི་སེམས་ཀྱི་རྨ་ཁ་ཁྲག་ཡིན་ལ ཁྲག་ཐིགས་གི་འཕར་རྩ་རེ་ན་དངོས་གཏན་མེད་པའི་བཟོད་བྲལ་གྱི་སྡུག་བསྔལ་ཞིག ངས་མཐོང་བཞིན་པའི་དྲང་བདེན་གྱི་འཕྲང་ལམ་འདི་ནས…

དེ་ལས་མང་བ་། “གྲོགས་གངས་ཉི་ལ།” »

གསར་འགྱུར།, དཔྱད་རྩོམ།

གྲོགས་གངས་ཉི་ལས་འཕྲོས་པའི་གཏམ།

Posted on 2009-03-252009-03-25 By tenzin 1 Comment on གྲོགས་གངས་ཉི་ལས་འཕྲོས་པའི་གཏམ།

གྲོགས་གངས་ཉི་ལས་འཕྲོས་པའི་གཏམ།

ཞོགས་ལྗང་།

དང་བོ། གངས་ཉི་དང་བདག་གི་གསང་བ།

ཉེ་བའི་ལོ་འགའི་སྔོན་ལ་ང་རང་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་ཆེན་སློབ་མ་ཞིག་གི་མིང་བྱང་འཁུར་མཁན་ཞིག་ཏུ་གྱུར་ལ།  བོད་ཡིག་ཟིན་བྲིས་ཀྱང་དེ་དང་མཉམ་དུ་བདག་གི་མི་ཚེ་ལ་ལམ་འཇུག་བྱེད་མཁན་ཐོག་མའི་གྲས་མ་རེད་ཅེས་སུས་ཀྱང་ཁ་ཚོན་གཅོད་ག་ལ་ཐུབ། དུས་དེ་ནས་བཟུང་ངས་དྲ་ཐོག་གི་གྲོགས་པོ་མང་བོ་ཞིག་ངོ་ཤེས་ཤིང་འདྲིས་པར་གྱུར། ཐ་ན་ངའི་གྲོགས་པོ་ཐེའུ་རང་དང་ངེད་གཉིས་ཀྱང་འཛིན་གྲྭ་གཅིག་གི་སློབ་གྲོགས་སུ་གྱུར་བ་ནས་སྙིང་གཏམ་གླེང་བ་མ་ཡིན་པར། དྲ་བ་གཅིག་གི་དྲ་གྲོགས་སུ་གྱུར་བ་ནས་ངེད་གཉིས་ལ་འབྲེལ་འདྲིས་བྱུང་བ་ཡིན། དྲ་ཐོག་གི་གྲོགས་པོ་འདི་དག་ལས་གྲོགས་གངས་ཉི་ལགས་ནི་ང་ལ་བག་ཆགས་ཆེས་ཟབ་ཅིང་།  བློ་སེམས་ཆེས་ཉེ་བའི་གྲོགས་པོ་ཞིག་ཡིན་ལ། ང་དང་འདྲ་བའི་དྲ་གྲོགས་ཁྱོད་ཚོ་ཡང་ཁོ་ལ་བར་ཐག་ཤིན་ཏུ་ཉེ་བར་ངེས། ནམ་རྒྱུན་དྲ་བ་བརྒྱུད་ནས་ངས་ཁོང་གི་བསམ་བློ་དང་སྙིང་སྟོབས་ཀློག་གིན་ཡོད་ལ། ཁོས་ཀྱང་ངའི་བརྩམས་ཆོས་འགའ་རེ་ཀློག་གིན་ཡོད་ཅེས་ང་ལ་ཡང་དང་བསྐྱར་དུ་བཤད་མྱོང་ཞིང་།  སྙིང་སྟོབས་དང་སྒུལ་ཤུགས་མང་དུ་བྱིན་མྱོང་བ་ཁྱོད་ཚོས་ག་ལ་ཤེས། 

དེ་ལས་མང་བ་། “གྲོགས་གངས་ཉི་ལས་འཕྲོས་པའི་གཏམ།” »

གསར་འགྱུར།, དེབ་ཐེར།

༄༅།།བརྗེད་མི་སྲིད་པའི་གངས་ཉི། ངོ་མི་ཤེས་པའི་གངས་ཉི།

Posted on 2009-03-252009-03-25 By tenzin No Comments on ༄༅།།བརྗེད་མི་སྲིད་པའི་གངས་ཉི། ངོ་མི་ཤེས་པའི་གངས་ཉི།

བོད་ ཀྱི་རྩོམ་པ་པོ་གངས་ཉི་འཛིན་བཟུང་བྱས་འདུག བོད་ནང་གི་རྩོམ་པ་པོ་མང་པོས་ཁོང་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག གཤམ་གྱི་རྩོམ་དེ་འབའ་མཁྱེན་པས་བྲིས་འདུག ༄༅།།བརྗེད་མི་སྲིད་པའི་གངས་ཉི། ངོ་མི་ཤེས་པའི་གངས་ཉི།

༄༅།།བརྗེད་མི་སྲིད་པའི་གངས་ཉི། ངོ་མི་ཤེས་པའི་གངས་ཉི།

༈ དེང་སྐབས་ང་ཚོའི་དྲྭ་ངོས་ན་གླེང་ཕྱོགས་ཁྱད་པར་བ་ཞིག་ཡོད་པ་དེ་ནི་དྲྭ་རྩོམ་ རེ་ཀློག་ན་ཡང་ངོ་ཤེས་མིན་དང་གྲོགས་པོ་ཡིན་མིན་གྱི་དབང་གིས་དེའི་རྩོམ་ཡིག་ལ་ དེ་ལུགས་ཀྱིས་གདེང་འཇོག་བྱེད་ཀྱིན་མཆིས་པའི་༼མང་ཕྱོགས་ཀྱི་དབང་དུ་བྱས་ནས་ ལབ་པ།༽འགྲོ་ལུགས་འདིའི་དབང་དུ་བཏང་ན་ང་རང་གངས་ཉི་ཟེར་བ་དེར་གསལ་ཆ་ཅི་ཡང་ མེད་པར་མ་ཟད། ངོ་ཙམ་ཡང་མི་ཤེས་པས་གླེང་དོན་གཏན་ནས་མེད་པ་ལྟར་སྣང་ཡང༌། ནམ་རྒྱུན་ཁོའི་འགན་འཁྲིའི་འདུ་ཤེས་ཀྱིས་ཕྱུག་པའི་དྲྭ་རྩོམ་རེ་རེས་བདག་གི་ སེམས་སུ་བག་ཆགས་བསུབས་མེད་ཅིག་བཞག་པས་ངས་ཁོ་རང་བརྗེད་ག་ལ་སྲིད་ཅིང༌། བོད་མི་སྤུན་གྲོགས་གཞན་དག་ལའང་དེ་འདྲ་བའི་བག་ཆགས་བཞག་ཡོད་སྲིད་པས་དེ་ཚོས་ ཀྱང་བརྗེད་མི་སྲིད། ཡིན་ནའང༌། ཁོས་བཙོན་ར་ལས་མྱོང་གིན་པའི་དཀའ་སྡུག་དེ་སུས་ཀྱང་ཚོད་དཔག་བྱེད་དཀའ་བའི་གནས་ ཤིག་ཏུ་ལགས་ངེས་པས་ད་ལྟ་ངས་ཅི་ཞིག་གླེང་དགོས་པའང་ཡེ་ནས་ཤེས་ཀྱིན་མེད། གྲོགས་པོ་དག ཁྱོད་ཚོའི་དགོངས་འཆར་ལྟར་ན།

༈ དངོས་གནས་ལོ་འདི་དག་གི་རིང་ལ་བྱུང་བའི་སེམས་པ་འཐག་པའི་བརྒྱུད་རིམ་རེ་རེའམ། ཡང་ན་ད་དུང་དེས་ཀྱང་མི་ཚད་པའི་བགྲང་བྱ་གང་མང་གི་རིང་ནས་ང་ཚོ་གོད་ཆག་སྐྱུར་ པོའི་བཞུར་རྒྱུན་ལས་ཐར་དཀའ་སྟེ། ཤི་མདའ་ཁོག་ཏུ་བཅུག། རྨ་ཁ་ཚིལ་གྱིས་གསིར་ནས།། ཁ་བགད་རུང་ཁོག་ན་སྡུག་ཅིག། མིག་ཁྲ་རུང་མཐའ་རུ་ཆུ་ཞིག་འཁྱིལ་ནས་ཨུ་ཚུགས་ཀྱིས་བཟོད་བསྲན་ཅི་ལྟར་བསྒོམས་ ཀྱང༌། གློ་བུར་གློ་བུར་དུ་ལུག་ཁྱུར་སླེབས་པའི་སྤྱང་ཚོགས་ལྟར་ང་ཚོའི་ཤེས་ལྡན་པ་རེ་ རེའམ། དཔའ་བོ་དཔའ་མོ་ཚོ་གར་མེད་གང་མེད་ཀྱིས་བརླགས་འགྲོ་བར་བསམས་ན། འཆམ་མཐུན་ཞེས་པའི་ཐ་སྙད་སྐམ་པོ་དེའི་ཅི་ཕྱིར་ཡོད།

དེ་ལས་མང་བ་། “༄༅།།བརྗེད་མི་སྲིད་པའི་གངས་ཉི། ངོ་མི་ཤེས་པའི་གངས་ཉི།” »

གསར་འགྱུར།, རྩོམ་རིག

རྒྱ་དཔོན་འུ་ཐུག་པས་པྞ་ཆེན་རྫུན་མར་སྡིག་མོ་བྱེད།།

Posted on 2009-03-24 By དགེ་རབ་ 6 Comments on རྒྱ་དཔོན་འུ་ཐུག་པས་པྞ་ཆེན་རྫུན་མར་སྡིག་མོ་བྱེད།།

ཉི་མ་རྒྱལ་པོ་ཤར་པ། ཝ་ྞ་མཐོ་སློབ།
རྒྱ་གར་གྱི་ཉིན་རེའི་གསར་ཤོག་ཞིག་གྱི་ནང་དུ་རྒྱ་དཔོན་ལ་རྒྱབ་སྐྱོར་བྱོས། པྞ་ཆེན་བླ་མས་གསུངས། ཞེས་འགོ་བརྗོད་དུ་བཀོད་པའི་གནས་ཚུལ་སྤེལ་བའི་ནང་དོན་དུ་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པྞ་ཆེན་རིན་པོ་ཆེས་རྒྱ་གཞུང་གི་མགྲིན་ཚབ་བྱས་ནས་ཧི་མཱ་ལ་ཡའི་ས་ཁུལ་གྱི་མི་རིགས་ལ་དམར་ཤོག་གི་དཔོན་རིགས་ལ་རྒྱབ་སྐྱོར་བྱོས་ཞེས་གསུངས་འདུག་ཅེས། ས་གནས་གསར་དགོད་པས་བརྗོད་ཡོད།
རྒྱལ་རབས་ལོ་རྒྱས་ཀྱི་ཐོག་ནས་བལྟས་ན་ཧི་མཱ་ལ་ཡའི་མི་རིགས་ཀྱི་ཆོས་དང་རིག་གཞུང་ཡུལ་གོམས་ལུགས་སྲོལ་ཐམས་ཅད་བོད་མི་དང་གཅིག་མཚུངས་ཡིན་པས་ངེད་ཅག་ནི་བོད་མི་དང་ནམ་ཡང་ཁ་འབྲལ་ཐབས་མེད་ལ། རྒྱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་བསྟན་སྲིད་ལ་གནོད་ཚབས་ཤིན་ཏུ་ཆེན་པོ་བཏང་དང་གཏོང་བཞིན་པའི་གནས་རྟངས་དེར་གཞིགས་ན་ངེད་ཅག་ཧི་མཱ་མ་ལ་ཡའི་མི་རིགས་ལྟ་ཅི་སྨོས། འཛམ་གླིང་ནང་ཞི་བདེ་དང་བདེན་པར་གཙིགས་ཆེར་བྱེད་པའི་སྐྱེ་བོའམ་མི་རིགས་ཀུན་གྱིས་བཟོད་བསྲན་ག་ལ་བྱེད་ཐུབ། རྒྱ་དཔོན་ཚོས་དཀར་ནག་གོ་ལྡོག་པའི་ཆེད་དུ་པྞ་ཆེན་མ་ཡིན་པར་པྞ་ཆེན་རིན་པོ་ཆེའི་མཚན་བཏགས་ནས་བཙན་དབང་གིས་ངང་མི་མི་དམངས་ལ་སླུ་ཁྲིད་བྱེད་འཇུག་གི་ཡོད་པ་ནི་ཕྱི་གསལ་ནང་གསལ་དུ་གྱུར་ཡོད་པས། གོང་དུ་པྞ་ཆེན་རྫུན་མས་གསུངས་པ་དེའང་རྒྱ་དཔོན་གྱིས་ཁོང་ལ་སྡིག་དམོད་བྱས་ནས་དེ་ལྟར་གསུངས་བཅུག་པ་ཐག་གིས་ཆོད། འདི་ནི་རྒྱ་དཔོན་གྱི་རྫུན་གཏམ་ལ་ཡིད་ཆེས་བྱེད་མཁན་མེད་རྐྱེན་རྒྱ་དཔོན་ནམ་རྒྱ་གཞུང་ཐབས་ཟད་ཅིང་འུ་ཐུག་པའི་གནས་སྟངས་སུ་སླེབས་པའི་རྟགས་མཚན་ཉག་གཅིག་ལོས་ཀྱང་ཡིན་ཞེས་ཚིགས་གཅད་ཀྱི་ཕྲེང་མཛེས་ཤིག་བོད་མིའི་སྤྱན་ལམ་དུ་ཕུལ་འདོད་བྱུང་།

དེ་ལས་མང་བ་། “རྒྱ་དཔོན་འུ་ཐུག་པས་པྞ་ཆེན་རྫུན་མར་སྡིག་མོ་བྱེད།།” »

རྩོམ་རིག

Posts pagination

Previous 1 … 868 869 870 … 908 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (85)
  • ཨེ་ལི་སི། (52)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (27)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (20)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (10)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme