Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྲུལ་སྐུས་ནང་པ་དོར།

Posted on 2009-06-072009-06-15 By དགེ་རབ་ 78 Comments on སྤྲུལ་སྐུས་ནང་པ་དོར།

༢༠༠༩ ཕྱི་ཟླ་ ༦ ཚེས་ ༡༥ འཁོད་ཊ་ཡེམ་དུས་དེབ་སྟེང་གི་ “གསུང་ཇི་བཞིན་ -Verbatim”ཞེས་པའི་ལེ་ཚན་དུ། ༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་བྱིས་པ་ འོད་གསལ་ ཧེ་ཊ་ ཊོ་རེ་སི་(Osel Hita Torres) ཡིས་…

དེ་ལས་མང་བ་། “སྤྲུལ་སྐུས་ནང་པ་དོར།” »

གསར་འགྱུར།

གཟའ་ལྷག་པའི་སྙན་ངག

Posted on 2009-06-06 By དགེ་རབ་ 1 Comment on གཟའ་ལྷག་པའི་སྙན་ངག

ཨ་མེ་ཆ།
———
གཟའ་ལྷག་པ།

ཉི་ཟླ་ནམ་མཁར་འཁྲུངས་པའི་གཟའ་སྐར།

འོད་ཟེར་ཕྱོགས་བཞིར་འཕྲོ་བའི་ཉི་མ།

ཁྱེད་ཀྱི་བྱམས་བརྩེའི་བདུད་རྩི་ཟེགས་མས་ངའི་ལུས་ངག་ཡིད་གསུམ་ལ་བརྐྱང་སྐུམ་སྦྱིན།

གཟའ་ལྷག་པ། ངའི་སྙན་ངག་གི་འདབ་མ་ལྷུག་པར་གྲོལ་བའི་མ་ནི་ཡིག་དྲུག

དེ་ལས་མང་བ་། “གཟའ་ལྷག་པའི་སྙན་ངག” »

སྙན་ངག

ངའི་བཞུད་ལམ་དུ།

Posted on 2009-06-06 By དགེ་རབ་ 3 Comments on ངའི་བཞུད་ལམ་དུ།

ངའི་བཞུད་ལམ་དུ།

______ལྗོངས་བརྒྱུད་པའི་ཟིན་བྲིས།

གཅན བཟོད་རྒྱམ།

ཀ

གེ་སར་རྟ་ལྕགས་བཞུས་པའི་ཤུལ་ལམ་ནས། །

བོད་པ་རྒྱལ་ཐེངས་རེ་ལ་ཕམ་ཐེངས་རེ། །

ཨ་ཅེ་འབྲུག་མོའི་བཀའ་མཆིད་མ་རྩིས་ན། །

དེང་དུས་བོད་མོན་འདྲེས་ནས་ཐང་མར་བརྡལ། །

དེ་ལས་མང་བ་། “ངའི་བཞུད་ལམ་དུ།” »

སྙན་ངག

ཉིས་སྟོང་བདུན་ལོའི་རྡ་ལམ་ས་ལའི་བརྗེད་ཐོ་ཞིག

Posted on 2009-06-05 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 6 Comments on ཉིས་སྟོང་བདུན་ལོའི་རྡ་ལམ་ས་ལའི་བརྗེད་ཐོ་ཞིག

སྐར་ཆེན།

སྤྱི་ཟླ་དྲུག་པའི་ཚེས་ཉེར་གཉིས་དང་ཉེར་གསུམ་གཉིས་ལ་ལས་ཁུངས་གུང་གསེང་ཡིན་པས་ང་ལ་ཡང་ལས་ཀ་དམིགས་བསལ་མེད། འོན་ཀྱང་། ང་ལ་ངལ་གསོ་རྒྱུའི་ཆུ་ཚོད་མེད། རྒྱུ་མཚན། ངའི་གྲོགས་པོས་སྔོན་ཚུན་ནས་ཉིན་མ་འདི་གཉིས་ཀ་ཁོང་གི་ལས་དོན་གྱི་ཆེད་དུ་གཏོང་དགོས་བའི་ངག་བཅོལ་བྱས་སོང་། གྲོགས་པོའི་གདོང་གི་ཆེད་དུ་ངས་ཀྱང་དེ་ལྟར་མ་བྱས་ཐབས་མེད་ཆགས་སོང་། ངའི་གྲོགས་པོ་སློབ་ཕྲུག་ཡིན་ལ་ང་ཡང་སློབ་ཕྲུག་ཡིན། ངེད་གཉིས་ལ་མཚོན་ན་། ཉིན་འདི་གཉིས་ཀྱི་རིང་མེག་ལོར་གྱི་སྲང་ལམ་གཡས་གཡོན་ན་དམིགས་བསལ་གྱི་སྡོད་ས་ཞིག་མེད་ལ་ཤ་ཁྲག་གི་འབྲེལ་བ་ཟབ་པའི་གཉེན་ཉེ་སོགས་ཀྱང་མེད། དེ་ནི་གཞན་ཞིག་ལ་མ་བརྟེན་རང་བརྟེན་རེད། ངེད་གཉིས་ཀྱིས་གྲོགས་པོ་ཁོང་གི་ངོ་ཤེས་ཤིག་ལ་གནས་ཚང་གཡར་དགོས་བྱུང་། ངེད་གཉིས་ཀྱི་ལས་ཀར་མཚོན་ན་ས་ཆ་ཁུ་སིམ་པོ་དང་ལྷིང་འཇགས་པོ་ཞིག་དགོས་ཀྱི་ཡོད་མོད། སོ་སོར་སྡོད་ས་མེད་པའི་གནས་སྟངས་ཤིག་གི་འོག་ལ་གནས་ཁང་དེ་འདྲ་ཞིག་རེག་རྒྱུ་ནི་ཧ་ཅང་ཁག་པོ་རེད། གང་ལྟར། གྲོགས་པོའི་རྗེས་ལ་ངས་ཀྱང་མགོ་སྒུར་ནས་ཕྱིན་པ་ཡིན། ངེད་གཉིས་ཀ་གནས་ཚང་ཞིག་རེག་སོང་།

དེ་ལས་མང་བ་། “ཉིས་སྟོང་བདུན་ལོའི་རྡ་ལམ་ས་ལའི་བརྗེད་ཐོ་ཞིག” »

སྣ་ཚོགས།

བོད་ཡིག་དྲ་ཚིགས་ནང་བཀོད་མི་འདུག

Posted on 2009-06-052009-06-05 By namkha 6 Comments on བོད་ཡིག་དྲ་ཚིགས་ནང་བཀོད་མི་འདུག

བྱ་རྒོད་རྒྱལ་པོ། མ་མཐར་མཛད་སྒོའི་གསར་འགྱུར་བཀོད་སྐབས་ཉིན་རེ་རྩེད་མོའི་རེའུ་མིག་ཞིག་ཀྱང་ངེས་པར་དུ་བཀོད་དགོས་པ་རེད། དེ་ཚོ་ང་ཚོས་མ་བཀོད་ན་སུས་བཀོད་ཀྱི་རེད། དེ་ལྟར་གནས་ཚུལ་བཀོད་ཕྱོགས་སོགས་ཀྱིས་ཐད་བསམ་བློ་གཏོང་སྐབས། གསར་འབྱོར་དང་གཞིས་ཆགས་ཀྱི་བར་སྟོང་མངོན་ཡོང་གི་འདུག ངས་དྲང་པོར་བཤད་ན། ང་ཚོ་བཙན་བྱོལ་བའི་སྤྱི་ཚོགས་འདི་ནང་བོད་ཡིག་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་མང་ཆེ་བ་ནང་ལས་ཀ་བྱེད་མཁན་རྣམས་ཕལ་ཆེར་གསར་འབྱོར་བ་ཡིན་དུས། བསམ་བློ་ཡག་པོ་གཏོང་དགོས་འདུག གང་ལགས་ཤེ་ན། ང་ཚོ་བོད་མི་ཚང་མ་རྡོག་རྩ་ཆིག་བསྒྲིལ་དགོས་པ་དང་མཐུན་པོ་དགོས་པ། ཕན་ཚུན་རོགས་རམ་བྱས་དགོས་ལབ་ཀྱི་ཡོད་ཀྱང་། ད་བར་དུས་དེབ་དང་ཚགས་པར་མང་ཆེ་བའི་ནང་མི་སྣ་ཞིག་ལ་བཅར་དྲི་བྱས་ན་མི་སྣ་དེ་གསར་འབྱོར་བ་ཞིག་ཡིན་ངེས་ཤིང་། ཕལ་ཆེར་དེའི་ནང་ནས་ཨ་མདོ་བ་ཞིག་ཡིན་ངེས་རེད་ཤག གནས་ཚུལ་ཞིག་བཀོད་ན་རྡ་རམ་ས་ལ་ལ་གསར་འབྱོར་བ་ཞིག་ལ་༌༌༌༌།…

དེ་ལས་མང་བ་། “བོད་ཡིག་དྲ་ཚིགས་ནང་བཀོད་མི་འདུག” »

གསར་འགྱུར།, སྣ་ཚོགས།

མཛངས་མའི་འགྲན་བསྡུར་ལ་ཞུགས་པའི་རྒྱུ་མཚན་ཕལ་སྐད་དུ་བཤད་པ།

Posted on 2009-06-032009-06-03 By དགེ་རབ་ 33 Comments on མཛངས་མའི་འགྲན་བསྡུར་ལ་ཞུགས་པའི་རྒྱུ་མཚན་ཕལ་སྐད་དུ་བཤད་པ།

མེ་སྒྱོགས་རྒྱ་མཚོ་ནས།
————-
ང་ ཚོ་བོད་ཀྱི་སྐད་ཡིག་རིག་པ་བའམ་སུམ་རྟགས་དག་གསུམ་གྱི་མཁན་པོ་ཚོས་ཡིག་རྙོག་ བསྔོགས་ཏེ་འཛད་རྒྱུ་མེད་པའི་རྩོད་གཞིའི་ཆེད་དུ་རྔུབ་ནག་ཚུབ་ཚུབ་རྒྱུག་ནས་ མིག་མདུན་དུ་འཕག་འཚག་རྒྱག་བཞིན་པའི་དཀའ་གནད་རྣམས་མི་མཐོང་བ་ལྟ་བུ་འདུག དེ་རིང་ངས་ཕ་ཡུལ་དྲ་རྒྱའི་བརྙན་འཕྲིན་༼ http://media.phayul.com/༽དུ་ཡོད་པའི་ “བོུ་བཞི་ཡིས་བོད་ཀྱི་མཛངས་མའི་དབུ་རྒྱན་ལ་དམིགས་པ་”ཞེས་ པ་དེ་ཡིག་ཐོག་ཏུ་ཐད་ཀར་བཤུས་ཡོད་། འདི་བཀླགས་ནས་བཙན་བྱོལ་བོད་མིའི་གཞོན་སྐྱེས་མང་ཆེ་བའི་ཕལ་སྐད་ཀྱི་གནས་སྟངས་ གང་ཞིག་ཏུ་སླེབས་ཡོད་པའི་སྤུས་ཚད་རགས་ཙམ་ཞིག་ཤེས་ཐུབ་སྙམ། འགན་ཡོད་མཁྱེན་ལྡན་རྣམ་པའི་ཕལ་སྐད་ཀྱི་གནས་སྟངས་འདི་ལ་གཟིགས་ནས་ཇི་དགེའི་ དགོངས་ཚུལ་ལྷུག་པོ་ཡོང་བ་ཞུ། དེ་དང་ཆབས་ཅིག་ཏུ་འགྲན་བསྡུར་བའི་བོུ་བཞི་པོ་ལ་བོད་སྐད་ཀྱི་བརྒྱ་ཆ་མཐོ་ཤོས་ དེ་སུ་ལ་ཐོབ་པ་ངོས་བཟུང་རོགས།

སྒྲོལ་དཀར་གྱིས།
སྤྱིར་བཏང་Miss Tibet དེ་ བློ་བཟང་ལགས་ཀྱིས་དེ་དེ་བྱས་པ་རེད་པཱ མགོ་བཙུགས་གནང་བ་རེད་པཱ ཨ་ནེས་ཨ་ནེས་དེ་ངས་བསམ་ཚུལ་ལ་ཁོང་གིས་མགོ་བཙུགས་པ་དེ་དངོས་གནས་ཁོ་རང་ཡག་པོ་ དཔེ་རེད་བསམ་གྱི་འདུག དམིགས་བསལ་གྱིས་བོད་པ་བུ་མོ་ལ། ལབ་ན། གང་ཡིན་ཟེར་ན་ང་ཚོ་ཕྱི་ཡི་རྒྱལ་ཁབ་ལ་ཆ་བཞག་བ་བཞག་ན་ཡིན་ན་ཁོང་རང་ཚོ་ལ་ཆ་ བཞག་ན་ང་ཚོ་དཔེ་མི་སྲིད་པའི་རྗེས་ལུས་ཐེབས་ཡོད་རེད་རེད་པ། ང་རང་ཚོ་འདི་རྒྱ་གར་ལུང་པ་ལ་exile བཙན་བྱོལ་བྱས་ནས་ཡོང་བ་རེད། ཨ་ནེ་དེས་བློ་བཟང་ལགས་འིས་ངས་བསམ་ཚུལ་བློ་བཟང་ལགས་འིས་མགོ་དེ་མགོ་establish བྱེད་པ་དེས་ངས་དཔེ་ཡག་པོ་རེད་བསམ་གྱིན་འདུག དམིགས་བསལ་གྱིས་བོད་པའི་བུ་མོ་དེ་ཚོ་ལ། ད་Miss Tibet ལབ་ ན་ད་ད་ད་ད་འདི་སུ་ལས་འགན་དེ་ཚོ་ད་དཔེ་ཆ་བཞག་ན་སོ་སོ་ད་ག་རེ་བསམས་པ་ད་དེ་ གཅིག་ཡོད་རེད་བ་ད་ད་བོད་དོན་སྐོར་གཅིག་བྱེད་དགོས་བམས་པ་ཞིག་ཡོད་རེད་བ། འདི་སུ་སེམས་ནང་བསམ་གྱི་འདུག་རེད་པ། ད་ཕྱིས་སུ་་དེ་སླེབས་པའི་གཞུག་གུ་ལ་ད་དངོས་གནས་ཁོ་རང་media དང་དེ་འདྲ་མང་པོའི་དཀྱིལ་དུ་སླེབས་དུས། ད་དེ་ཚོ་ཚང་མ་དངོས་གནས་ཁོ་རང་སོ་སོ་ག་རེ་ཨའའ་ ད་དངོས་གནས་ཁོ་རང་དངོས་སུ་ཁོ་རང་ལག་ལེན་བསྟར་ཡ་གྱི་གོ་སྐབས་དེ་རག་ཆོག་འ་ བསམ་གྱིན་འདུག

དེ་ལས་མང་བ་། “མཛངས་མའི་འགྲན་བསྡུར་ལ་ཞུགས་པའི་རྒྱུ་མཚན་ཕལ་སྐད་དུ་བཤད་པ།” »

རྩོམ་རིག

འཁུར་སོང་བ་དེ་ཕྱིར་ཡོང་མེད།

Posted on 2009-06-032009-06-03 By དགེ་རབ་ 3 Comments on འཁུར་སོང་བ་དེ་ཕྱིར་ཡོང་མེད།

བོད། ལྷ་ཀླུ་གཉན་གསུམ།
————–
འཁུར་ན་མི་ཡང་རྡོ་ལས་ལྕི་བའི་སེམས།།
ཤོར་ན་མི་སྐྱིད་འདམ་ལས་སྙི་བའི་སེམས།།
སྟོན་ན་འདོད་པའི་བུ་མོ་གཟུགས་མཛེས་མ།།
ཁྱེད་ལ་གཏད་ཉིན་བརྗེད་དུ་མ་འཇུག་རོགས།།

འགྲོགས་ཡུན་ཐུང་བའི་དུས་ཚིགས་དེ་ཡི་རིང་།།
ཕན་ཚུན་གཅིག་ལ་གཅིག་འཁྱུད་ལུས་པོ་གཉིས།།
ཚ་དྲོད་མེ་བཞིན་འབར་བའི་མཚན་མོ་དེར།།
སྐྱིད་པའི་སྣང་བ་ནམ་མཁའི་སྐར་ལས་མཐོ།།

དེ་ལས་མང་བ་། “འཁུར་སོང་བ་དེ་ཕྱིར་ཡོང་མེད།” »

སྙན་ངག

དྲུག་གཅིག་བྱིས་པའི་དུས་ཆེན།

Posted on 2009-06-01 By རབ་འབྱོར་ 4 Comments on དྲུག་གཅིག་བྱིས་པའི་དུས་ཆེན།

དྲུག་གཅིག་བྱིས་པའི་དུས་ཆེན་ནི་བོད་རང་གི་སྲོལ་རྒྱུན་ལ་འབྲེལ་བ་ཅི་ཡང་མེད་ཅིང་། རྒྱ་ནག་གུང་ཁྲན་རང་གིས་གཏན་འབེབས་བྱས་པའི་བྱིས་པའི་དུས་ཆེན་ཞིག་ཡིན། ཡིན་ན་ཡང་བོད་འདི་རྒྱ་འོག་ལ་ཤོར་ནས་བཟུང་། བྱིས་པའི་དུས་ཆེན་འདི་བཏང་བཏང་ནས་བོད་ཕྲུག་རྣམས་ལ་་དུས་ཆེན་འདི་ནི་རང་གི་མ་ཡིན་པའི་ཚོར་སྣང་ཅི་ཡང་མེད། རྒྱ་ཕྲུག་རྣམས་དང་འདྲ་བར་བོད་ཕྲུག་རྣམས་ཀྱང་དུས་ཆེན་འདི་ལ་དགའ་འུར་ཆེན་པོ་ལངས། འདས་པའི་དུས་རབས་ཕྱེད་ཙམ་གྱི་རིང་ལ་རྒྱ་མི་གུང་ཁྲན་གཞུང་གིས་བོད་ལ་རྩུབ་སྤྱོད་ཇི་འདྲ་སྤེལ་ན་ཡང་། བོད་ཕྲུག་རྣམས་ཀྱིས་དུས་ཆེན་འདི་ལ་དགའ་སྣང་བྱེད་པ་ལ་ཅི་ཡང་གནོད་ཐུབ་མེད། ན་ནིང་དང་དོ་ཙིག་ནི་རྒྱ་ནག་དམར་གཞུང་གིས་བོད་ཕྲུག་རྣམས་ཀྱི་སེམས་ལ་ཡང་ཕོག་ཧ་ཅང་ཆེན་པོ་བཏང་བའི་དུས་སྐབས་ཤིག་ཡིན། ད་ལོ་བླ་བྲང་ལ་སློབ་ཆུང་གི་སློབ་མས་རྒྱ་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་པ་ནི་དེའི་མངོན་རྟགས་གསལ་པོ་ཞིག་ཡིན། ཡིན་ན་ཡང་འདིས་ཀྱང་བོད་ཕྲུག་རྣམས་རྒྱ་ནག་དམར་གཞུང་གིས་གཏན་འབེབས་བྱས་པའི་དུས་ཆེན་འདིའི་དགའ་སྣང་འཇོམས་ཐུབ་མེད་པ་འདྲ། ཡིན་ན་ཡང་རྒྱ་ནག་གཞུང་ན་ནིང་དོ་ཙིག་བོད་པ་མི་རྒན་རྣམས་ཀྱི་འདུ་འཛོམས་ལ་གཏན་ནས་མི་དགའ་བ་ལྟར། བོད་ཕྲུག་རྣམས་ཀྱི་འདུ་འཛོམས་ལ་ཡང་ཞེད་དེ་ད་ལོ་བོད་ཕྲུག་རྣམས་ཀྱིས་དུས་ཆེན་འདི་བཏང་མི་ཆོག་པའི་བཀའ་ཁྱབ་ཅིག་བཏང་འདུག་ཚུལ་གྱི་ཁྲོམ་གཏམ་ཞིག་ངས་ཉིན་བཅུ་ཙམ་གྱི་སྔོན་ལ་གོ་སོང་། དེ་རིང་དྲུག་གཅིག་བྱིས་པའི་དུས་ཆེན་རེད། དྲ་གྲོགས་རྣམས་ཀྱིས་བོད་ཕྲུག་རྣམས་དེ་རིང་འདུ་འཛོམས་བྱེད་ཐུབ་ཀྱི་ཡོད་མེད་སྐོར་ལ་ཅང་གོའམ།

གསར་འགྱུར།

སྒོར་མོ་སྒོར་མོ་

Posted on 2009-06-01 By དགེ་རབ་ 2 Comments on སྒོར་མོ་སྒོར་མོ་

འཇུ་སྐལ་བཟང་།
————
ཀ་བ་བུམ་པ་ཟེར་བའི་གྲྭ་བ་ཚོས་རིགས་ལམ་མི་རྩོད་སྒོར་མོ་རྩོད། །
ཁ་ཏོན་དགེ་སྦྱོར་བྱེད་པའི་ཨ་མཆོད་དག་དགེ་བ་མི་གསོག་སྒོར་མོ་གསོག །
ག་ལེར་ཉི་མ་སྐྱེལ་བའི་སྒོམ་ཆེན་རྣམས་སེམས་ངོ་མི་འཚོལ་སྒོར་མོ་འཚོལ། །
ང་ཁྱོད་ཕྱོགས་རིས་སྤངས་པའི་བྱ་བྲལ་ཡང་དབེན་གནས་མི་སྙོག་སྒོར་མོ་སྙོག །
ཀ་ཁ་ག་ང་སློབ་པའི་བྱིས་པ་ཚོས་དབྱངས་གསལ་མི་ཀློག་སྒོར་མོ་ཀློག །
ཁ་རོག་མ་ཎི་འདོན་རན་རྒས་འཁོགས་དག་ཕྲེང་བ་མི་བགྲང་སྒོར་མོ་བགྲང༌།
ག་བྱེད་འདི་བྱེད་མེད་པའི་ལས་བྱེད་རྣམས་བྱ་བ་མི་གཉེར་སྒོར་མོ་གཉེར། །
ང་ཅག་མི་རབས་གསར་བའི་ན་གཞོན་ཡང་མདུན་ལམ་མི་སེམས་སྒོར་མོ་སེམས། །

དེ་ལས་མང་བ་། “སྒོར་མོ་སྒོར་མོ་” »

སྙན་ངག

གླུ་གཞས་ཤིག

Posted on 2009-05-312009-06-04 By དགེ་རབ་ 3 Comments on གླུ་གཞས་ཤིག

གླུ་གཞས།

མགྱོགས་བྲིས་ཁག་གསུམ།

Posted on 2009-05-30 By དགེ་རབ་ No Comments on མགྱོགས་བྲིས་ཁག་གསུམ།

གཅན་བཟོད་རྒྱམ། ———- ཞོགས་པ། རི་བོས་སྤྲིན་པ་གྱོན་ནས་གཉིད་དུ་ཡིར།། སེང་གེ་ཁ་འབབ་སྒྲ་མེད་ལྷོད་ཀྱིས་བཞུར།། ཞོགས་རླུང་བསིལ་བོའི་རེག་བྱ་འཇམ་པོ་ཡིས།། འཇིག་རྟེན་འདི་ལ་དགའ་བའི་བདེ་བ་སྦྱིན།། ཉིན་གུང༌། ཉི་འོད་གཟོས་ནས་ས་འདིར་འཕྲོས་སམ་ཅི།། རི་ཚོགས་དྲོད་འབར་རླུང་དང་སྤྲིན་ཡང་བྲལ།། སླ་ང་འདྲ་བའི་ཡུལ་འདིའི་སྐྱེ་འགྲོ་ཀུན།། རྔུལ་ནག་འཛགས་བཞིན་ད་དུང་ལས་ལ་བྲེལ།། དགུང་མོ། སེང་གེ་གཙང་པོས་ཉི་མའི་བཞུད་ལམ་བསྙེགས།། ནུབ་རླུང་ལྡོམ་པོས་ས་རྡུལ་དགུང་དུ་དཀྲིགས།།…

དེ་ལས་མང་བ་། “མགྱོགས་བྲིས་ཁག་གསུམ།” »

སྙན་ངག

ཁང་ཆུང་དེར།

Posted on 2009-05-30 By དགེ་རབ་ 7 Comments on ཁང་ཆུང་དེར།

ཁང་ཆུང་དེར།

—ཟླ་བདུན་པའི་ཚེས་ཉེར་དྲུག

O.D.(1)ལ་ཕུལ།         གཅན་ བཟོད་རྒྱམ།

དེ་ནས་བཟུང ནམ་རྒྱུན
ཉོབ་སྣང་གི་གོམ་པ་རེ་རེས
ཆང་ཁང་ཆུང་ཆུང་དེ་སྙེག་འགྲོ

དོ་དགོང་ཡང་ངའི་ཁ་གཏད་དུ
ཤེལ་དམ་སྨུག་པོ་དེ་ལས་སུ་ཡང་མེད
ཆང་ཕོར་གྱིས་བྱམས་བརྩེའི་མཆུ་སྒྲོས་ཡང་ཡང་སྦྱོར
ཁང་ཆུང་དེར་ཆགས་སྲེད་རོལ་དབྱངས་སྔར་བཞིན་འཁྱིལ

དེ་ལས་མང་བ་། “ཁང་ཆུང་དེར།” »

སྙན་ངག

འཛམ་གླིང་དཔལ་འབྱོར་བཞུ་བྲིད་དང་ནོར་སྲིད་ཀྱི་གནས་བབ།

Posted on 2009-05-292009-05-29 By དགེ་རབ་ 9 Comments on འཛམ་གླིང་དཔལ་འབྱོར་བཞུ་བྲིད་དང་ནོར་སྲིད་ཀྱི་གནས་བབ།

པདྨ་ཚེ་དབང་ཤཱསྟྲི།
————
monkey-plate-gallery-083007དེ་ཡང་གནའ་སྔ་མོ་ཞིག་ན་རྒྱ་གར་གྱི་གྲོང་གསེབ་ཅིག་ཏུ་ཚོང་དཔོན་ཨཱནནྡ་མཱལིཀ་ཟེར་བ་ཞིག་གིས་གྲོང་གསེབ་དེའི་མང་ཚོགས་ལ་‘‘ཁྱེད་ཚོའི་གྲོང་གསེབ་ཆགས་ཡུལ་འདིར་སྤྲེའུ་ཧ་ཅང་གི་མང་པོ་འདུག་པས་ཁྱེད་ཚོས་སྤྲེའུ་བཟུང་ཐུབ་ན་ངས་སྤྲེའུ་རེར་ཧིན་སྒོར་བཅུ་རེ་སྤྲད་དེ་ཉོ་གི་ཡིན།,, ཞེས་བརྗོད།
གྲོང་གསེབ་པ་རྣམས་ཀྱིས་ཀྱང་ཤིང་ནགས་སུ་ཕྱིན་ཏེ་དེར་སྤྲེའུ་ཧ་ཅང་མང་པོ་ཡོད་པ་མཐོང་སྟེ་རྙི་བཙུགས་ནས་སྤྲེའུ་བཟུང་རྒྱུ་འགོ་བརྩམས། ཚོང་པ་དེས་སྤྲེའུ་རེར་སྒོར་བཅུ་རེ་སྤྲད་དེ་སྤྲེའུ་སྟོང་ཕྲག་མང་པོ་ཉོས་པར་བརྟེན་ག་ལེར་ཤིང་ནགས་སུ་སྤྲེའུ་དཀོན་དུ་ཕྱིན་པས་གྲོང་གསེབ་པ་རྣམས་ཀྱིས་སྤྲེའུ་བཟུང་རྒྱུ་མཚམས་བཞག ཚོང་པ་དེས་ད་ཆ་སྤྲེའུ་རེར་སྒོར་ཉི་ཤུ་རེ་སྤྲོད་རྒྱུའི་གསལ་བསྒྲགས་བྱས་པས་གྲོང་གསེབ་པ་རྣམས་སེམས་ཤུགས་འཕར་ཏེ་སླར་ཡང་སྤྲེའུ་བཟུང་རྒྱུ་འགོ་བཙུགས། རིང་པོར་མ་ཐོག་པར་ཤིང་ནགས་སུ་སྤྲེའུ་ཆེས་ཉུང་དུ་ཕྱིན་པས་གྲོང་གསེབ་པ་རྣམས་ཀྱིས་སྤྲེའུ་བཟུང་རྒྱུའི་ཚབ་ཏུ་རང་རང་གི་ཞིང་ཁ་རྨོ་འདེབས་ཀྱི་ལས་ལ་ཞུགས། ཚོང་པ་དེས་སླར་ཡང་སྤྲེའུ་རིན་གོང་སྒོར་སུམ་ཅུར་སྤར་བས་ད་ཆ་ཤིང་ནགས་སུ་སྤྲེའུ་བཟུང་རྒྱུ་ཕར་བཞག་སྤྲེའུ་གཅིག་ཀྱང་མིག་གིས་མཐོང་དཀོན་པར་གྱུར།

དེ་ལས་མང་བ་། “འཛམ་གླིང་དཔལ་འབྱོར་བཞུ་བྲིད་དང་ནོར་སྲིད་ཀྱི་གནས་བབ།” »

བརྩམས་སྒྲུང་།

སུད་སིའི་བོད་རིགས་ཚོགས་པ་ཞིག་གི་ཡི་གེ་གཉིས།

Posted on 2009-05-282009-05-28 By དགེ་རབ་ 39 Comments on སུད་སིའི་བོད་རིགས་ཚོགས་པ་ཞིག་གི་ཡི་གེ་གཉིས།

༄༅ སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་འཐུས་མིའི་དམིགས་བསལ་ཚོགས་འདུ་གཉིས་པའི་ནངདགུ་བཅུ་གསུམ་གྱི་ཚོགས་མི་དྲུག་པོ་ཐད་མང་མོས་གྲོས་ཐག་ཆོད་པའི་གནད་དོན་ཁག་ནི
༡ དེ་སྔ་དགུ་བཅུ་གསུམ་གྱི་ཚོགས་མི་དྲུག་པོ་དག་ལ་བདུན་ཕྲག་གཅིག་རིང་བསམ་ཤེས་ཐོངས་བའི་དུས་ཚོད་ཕུལ་བབཞིན་ཚོགས་མི་གཅིག་སྟེ་བློ་བཟང་མཁས་གྲུབ་ལགས་ནས་དགོངས་པ་བཞེས་ཏེ་ཕྱིར་རྒྱ་གར་དུ་ལོག་གཏན་འཁེལ་བར་བརྟེནབསྔགས་བརྗོད་ཀྱིས་ཁོང་ཉིད་དུས་ཡུན་རིང་པོ་མ་ཐོགས་པར་ཕྱིར་རང་གནས་སུ་འབྱོར་ཐབས་བྱ་རྒྱུ་སྤྱི་མོས་ཐག་ཆོད་གནང་
༢ འཐུས་མིའི་ཁྱབ་བརྡ་དང་པོའི་དུས་ཡུན་ནང་ཚོགས་མི་གཞན་དག་ལྔ་པོ་ནས་བཟང་ཕྱོགས་ཀྱི་ཡ་ལན་རྩ་ནས་མ་བྱུང་ཡང་ འཐུས་མི་མང་ནས་ཚོགས་མི་ལྔ་པོ་དག་ལ་བསྐྱར་དུ་ཐུགས་བསམ་ནན་པོ་བཞེས་རྒྱུའི་དུས་ཡུན་ཕྱི་ཚེས་ ༡༩ བར་དུ་འབུལ་རྒྱུ་བྱས དུས་བཀག་དེའི་མཚམས་ནས་ཐོག་མའི་ཐག་ཆོད་ཟིན་པ་བཞིན་འཕྲལ་དུ་རྩིས་སྤྲོད་བྱ་རྒྱུ་མ་ཟད དུས་ཡུན་དེའི་རིང་རྩིས་སྤྲོས་བྱེད་ཕྱོགས་སྐོར་ལའང་འབྲེལ་ཡོད་ལས་བྱེད་མཉམ་དུ་སློབ་སྟོན་ཕུལ་ཕྱིན་ཞུ་རྒྱུ་བྱས
༣ འཐུས་མིའི་ཁྱབ་བརྡ་དང་པོའི་དོན་ཚན་བཞི་པ་སྟེ་ ༼ མི་ཚང་དང་གྲོགས་པོ་སོགས་སུས་སྐུལ་སློང་ངམ་རོགས་སྐྱོར་བྱསསྟེ་ཉར་སྡོད་བྱས་པའི་གནས་ཚུལ་སོགས་ཉེན་རྟོགས་པས་ར་སྤྲོད་བྱུང་ན་ཁྲིམས་ཐོག་ནས་ལོ་གཅིག་རིང་བཙོན་བཅུག་དང་དཔལ་འབྱོར་གྱི་ཉེས་ཆས་ལྗིད་པོ་ཕོགས་རྒྱུར་བརྟེན ང་ཚོ་བོད་རིགས་མི་མང་ནས་འགན་ལེན་གང་ཡང་མེད ༽ ཅེས་པའི་ནང་ཉས་ཆས་བཙོན་བཅུག་ལོ་གཅིག་རིང་འཁོད་ཡོད་ཀྱང་ ད་ཆ་ཤེས་རྟོགས་བྱུང་བར་གཞིགས་ན་ལོ་ཚད་གཅིག་མ་ཡིན་པར་ལོ་འཁོར་ལྔའི་བར་དུ་བཙོན་བཅུག་གི་ཉས་ཆས་ཕོགས་རྒྱུ་ཡིན་པར་ཐུགས་འཇགས་ཡོང་བ་ཞུ
ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༡༢ ལ

དེ་ལས་མང་བ་། “སུད་སིའི་བོད་རིགས་ཚོགས་པ་ཞིག་གི་ཡི་གེ་གཉིས།” »

གསར་འགྱུར།

གནམ་སྔོན་པོའི་འོག་གི་སྨྲེ་ངག

Posted on 2009-05-282009-05-28 By དགེ་རབ་ 13 Comments on གནམ་སྔོན་པོའི་འོག་གི་སྨྲེ་ངག

གནམ་སྔོན་པོའི་འོག་གི་སྨྲེ་ངག
______རྒྱ་དམར་པོའི་འོག་ན་བདེ་སྐྱིད་ཞིག་ཡོད་དམ།
གཅན . བཟོད་རྒྱམ།

clip_image001མིའི་ བདེ་སྐྱིད་ནི་རང་གི་གང་འདོད་པ་དེ་བྱེད་ཆོག་པའམ་བཤད་ཆོག་པ་དེ་རེད། འདོར་ན་རང་དབང་ཟེར་བའང་དེ་རེད། སྐད་ཆ་ཞིག་བཤད་པ་ཙམ་གྱིས་སྲོག་ཁྲིམས་གཅོད་པ་དང་ཚེ་བཙོན་བྱེད་པ། འཛིན་བཟུང་བཙོན་འཇུག་བྱེད་པའམ་ཉེས་རྡུང་ཚད་མེད་བཏང་རྗེས། ཁ་རྗེ་དབང་ཐང་རྩ་མེད་བཟོ་བ། དངུལ་དངོས་ཀྱི་ཆད་པ་ གཅོད་པ། དེ་ནས་ད་དུང་བཙོན་ཁང་ལས་ཕྱིར་ཐོན་རྗེས་ཁོ་ཚོས་ཅི་བྱས་རྣམས་གསང་བ་བྱེད་དགོས་ པ་ལས། གང་བྱུང་མི་ལ་བཤད་ན་ཁྲིམས་འགལ་རེད། ཁོ་ཚོའི་བསམ་ཚུལ་དང་མ་མཐུན་པས་ཁྲིམས་འགལ་རེད། ཁོ་ཚོའི་གསང་བའམ་ཅི་བྱས་ཕྱི་ལ་བཤད་ན་ཁྲིམས་འགལ་རེད། བུ་དང་བུ་མོ་ཁྱད་མེད་དུ་ཁ་དང་གཤང་ལམ་སོགས་ལ་བཙན་གཡེམ་སྟེ་འཁྲིག་སྤྱོད་བྱེད་ ཀྱི་རེད། དུས་གཅིག་ལ་ཁོ་ཚོ་མི་བཞི་ལྔ་རེས་བྱེད་ཀྱི་རེད། ཁོ་ཚོའི་འདོད་པ་བཞིན་ཁ་ནས་འཁྲིག་གཏམ་མ་བཤད་ཚེ་ཉེས་རྡུང་གཏོང་གི་རེད།

དེ་ལས་མང་བ་། “གནམ་སྔོན་པོའི་འོག་གི་སྨྲེ་ངག” »

རྩོམ་རིག

ཝེ་ཁེ་རིག་མཛོད་ཆེན་མོ།

Posted on 2009-05-262009-05-26 By namkha 5 Comments on ཝེ་ཁེ་རིག་མཛོད་ཆེན་མོ།

 ལྕགས་རྒྱ་འགྲམ་ནག གནས་སྐབས་རིང་སྒྱིད་ལུག་གི་དབང་དུ་ཤོར་ནས། དྲ་ཐོག་ཏུ་ཡོང་ཐུབ་མ་སོང་། དེ་རིང་དྲ་གྲོགས་མང་དག་ཅིག་གི་རྩོམ་ཡིག་བཀླགས་ཏེ་སྣང་བ་སྐྱིད་པོ་བྱུང་། ཁ་སྔོན་བོད་ནང་གི་དྲ་རྒྱ་ཁག་ཅིག་ཀློག་སྐབས་བཙན་བྱོལ་གྱི་ཟིན་བྲིས་པ་འགའ་རེས་ཀྱང་དེ་རུ་ཟིན་བྲིས་ཐོ་འགོད་བྱས་ཡོད་པ་མཐོང་ནས་ཧ་ཅང་དགའ་སོང་། ཡིན་ནའང་དེ་རིང་རྡོ་འབུམ་དཔེ་འཕྲིན་གྱི་ཝེ་ཁེ་རིག་མཛོད་ཆེན་མོའི་དྲ་རྒྱ་རུ་འཛུལ་སྐབས། དེའི་ཐོག་ཏུ་གནས་ཚུལ་སྤེལ་གྲངས་ཧ་ཅང་ཉུང་བ་མཐོང་ནས། དེ་རིང་དྲ་ཐོག་ཏུ་ཡོང་སྟེ་དྲ་གྲོགས་ཚོ་དང་མཉམ་དུ་དེའི་སྐོར་ལ་ཁ་བརྡ་ཤིག་བྱས་ན་བསམ་བྱུང་། དུས་ཚོད་དང་འདོད་མོས་ཡོད་མཁན་ཚོས་ཝེ་ཁེ་རིག་མཛོད་ཆེན་མོ་ལ་ http://bo.wikipedia.orgམིག་བཤེར་ཤིག་བྱོས་དང་། ང་ཚོར་དེའི་ཐོག་ན་སྟོང་ཆ་མང་པོ་ཞིག་ཁ་སྐོང་བྱེད་རྒྱུ་འདུག ས་ཆའི་ཁོངས་ནས་གཅན་ཚའི་གནས་ཚུལ་ཅུང་ཙམ་ཞིབ་ཕྲ་འདུག དེ་མ་གཏོགས་ཕལ་ཆེར་ས་བཅད་མ་སྟོང་ཙམ་རེད། ཕན་ཚུན་སྡིགས་རེས་བྱས་ཏེ་དུས་ཚོད་སྐྱེལ་བ་ལས་ང་ཚོས་ལས་གཞི་འདིའི་ཐོག་ཏུ་མཉམ་རུབ་བྱས་ན་མི་རབས་ཚ་རྒྱུད་ལ་ཕན་པའི་ལས་གཞི་ཞིག་ཏུ་འགྱུར་རྒྱུ་རེད་ཨང་སྙམ།

གློག་ཀླད་ཤེས་བྱ།

རང་སྐྱོན་རྟོག་པའི་སྙིང་སྟོབས་ནི།་ ཡར་རྒྱས་ཀུན་གྱི་གཞི་ཡིན།

Posted on 2009-05-252009-05-26 By tenzin 5 Comments on རང་སྐྱོན་རྟོག་པའི་སྙིང་སྟོབས་ནི།་ ཡར་རྒྱས་ཀུན་གྱི་གཞི་ཡིན།

རང་སྐྱོན་རྟོག་པ་ནི།་ ཡར་རྒྱས་ཀུན་གྱི་གཞི་ཡིན།

ཆོས་དང་འཇིག་རྟེན་གང་ཡིན་རུང་། བྱ་བ་ལེགས་པོ་ཞིག་སྒྲུབ་དགོས་ན། དང་པོ་མཐུན་རྐྱེན་དང་འགོག་རྐྱེན་གཉིས་བཙལ་ནས། མཐུན་རྐྱེན་འཛོམས་པར་བྱེད། འགོག་རྐྱེན་ཟད་པར་བྱེད་དགོས། ཆོས་ལུགས་གཞན་དང་མི་འདྲ་བར་ནང་ཆོས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཅིག་ཡོད་པ་ནི། རང་གི་བསམ་བློ་དང་། ཤེས་པ། རྣམ་རྟོག་སོགས་ལ་དག་བཤེར་བྱས་ནས། མཐའ་ན། སྟོན་པའི་ཆོས་ལ་ཡང་། བརྟག་དཔྱད་བྱས་ནས་མཇུག་སྡོམ་རྒྱག་པ་ལས། དད་པ་དང་ཡིད་ཆེས་གཅིག་པུར་བརྟེན་གྱི་མེད། དེ་དག་ལག་ལེན་བྱེད་པའི་སྲོལ་གནད་འགག་ཅན་འགའ་ཤས་ཡོད་པ་ལས། གཅིག་ནི། ཚད་མ་རིགས་པ་བཀོལ་སྤྱོད་གཏོང་བ། གཉིས་ནི། བདེན་པ་བདེན་མིན་རྩད་གཅོད་གཏོང་གི་ཡོད། དེའི་འབྲས་བུར། ནང་ཆོས་འདི་ཆོས་ལུགས་གཞན་གང་འདྲ་ཞིག་གི་འོག་ལ་རིགས་པ་དང་ལྟ་བ་ལ་ཕམ་ཁ་འཁུར་མྱོང་མེད་ལ། ད་ཆ་ཚན་རིག་པ་ཚོས། ནང་ཆོས་ལ་མཐོང་ཆུང་བྱེད་ཐུབ་ཀྱི་མེད། རྒྱུ་མཚན་གཙོ་བོ་ཞིག་ནི། ནང་ཆོས་ཀྱི་གཞུང་ལུགས་ལས། ཕྱིའི་སྐྱོན་འཛུགས་དང་། དགག་བྱ་དེ་དག་ལ་བརྡར་བཤེར་ལོ་མང་བྱས་ནས། རང་གི་ལྟ་བ་དང་རིགས་པ་དེ་སྲ་བརྟན་དུ་བཏང་ཐུབ་ཡོད།

དེ་ལས་མང་བ་། “རང་སྐྱོན་རྟོག་པའི་སྙིང་སྟོབས་ནི།་ ཡར་རྒྱས་ཀུན་གྱི་གཞི་ཡིན།” »

དཔྱད་རྩོམ།

རླུང་ལན་དང་གསལ་བཤད།

Posted on 2009-05-252009-05-26 By ཁ་བརྡ་ 22 Comments on རླུང་ལན་དང་གསལ་བཤད།

ཡར་སྔོན་ཁ་བརྡའི་ཁ་བརྡ་སྤེལ་བའི་རྗེས་སུ་རླུང་སྐོར་ནག་པོ་དང་བཅས་པའི་དྲ་གྲོགས་སྐོར་ཞིག་གིས་གང་ཟག་སྒེར་ལ་རྒོལ་མི་རྒོལ་གྱི་ས་མཚམས་ཅི་ཡིན་ལ་ཁ་བརྡ་ཚང་ནས་ལན་ཁ་གསལ་ཞིག་རྒྱག་དགོས་པའི་རེ་སྐུལ་བྱས་འདུག  ཡིན་ན་ཡང་ཕངས་པ་ཞིག་ལ་ཁ་བརྡ་ཚང་གིས་དྲི་བ་འདི་ལ་བསམ་ཚུལ་རེ་འདོན་རྒྱུ་མ་གཏོགས་ཁྱེད་ཚོའི་འདོད་པ་ཁེངས་པའི་ལན་ཞིག་རྒྱག་ཐུབ་རྒྱུ་མ་རེད་སྙམ། རྒྱུ་མཚན་ནི་ང་ཚོ་ཚང་མ་གཅིག་པ་རེད།   དྲི་བ་འདི་དག་འདོན་མཁན་རྣམས་ཀྱི་ནང་ན་སྨྲ་བརྗོད་རང་དབང་གི་ཁྲིམས་ལུགས་ལ་ཆེད་མཁས་མེད་ལས་ཆེ་བ་ལྟར་ཁ་བརྡ་ཚང་ལ་ཡང་མེད།  ཁྱེད་ཚོ་ལ་དྲི་བ་ཡིན་པ་ཞིག་ཁ་བརྡ་ཚང་ལ་ལན་ཡིན་དགོས་པའི་ངེས་པ་ཡོད་པ་མ་རེད།  ཁྱེད་ཚོས་མི་ཤེས་པ་དེ་ཁ་བརྡ་ཚང་གིས་ཀྱང་མ་ཤེས་པར་བསྡད་ཡོད་པ་རེད།  

དེའི་ཁར་ཁ་བརྡ་ཚང་ལ་དྲི་བ་འདི་ལ་ལན་ངེས་པར་དུ་རྒྱག་དགོས་པའི་འགན་ཁུར་ཡང་ཡོད་པ་མ་རེད།   དངོས་གནས་བཤད་ན།  དྲ་བ་འདིའི་ནང་ཞུགས་མཁན་ཚང་མ་དྲི་བ་འདོན་མཁན་དང་ལན་འཚོལ་མཁན་གཉིས་ཀ་ཡིན་འོས་ཆེ། བོད་ཕྱི་ལོགས་ན་ང་ཚོ་བོད་ཡིག་གི་ཐོག་ནས་སྨྲ་བརྗོད་བྱེད་སའི་དྲ་དེབ་ཉུང་ཉུང་རེད།  ཁ་བརྡ་ནི་ཉུང་ཉུང་དེའི་ནང་གི་གཅིག་རེད།  ང་ཚོས་དྲ་དེབ་འདི་ང་ཚོ་ཕན་ཚུན་ལ་ཚིག་མཚོན་འདེབས་ས་དང་།  ཁྱད་གསོད་བྱེད་ས།  སྒེར་སྐྱོན་འཕྱར་ས་ཞིག་ཏུ་མ་གྱུར་ན་བསམས་ནས་ཡང་དང་ཡང་དུ་གང་ཟག་སྒེར་ལ་མི་རྒོལ་བའི་རེ་བ་བཏོན་ཡོད།  ང་ཚོའི་བསམ་པར།  གང་ཟག་སྒེར་ཟེར་དུས་མི་གང་ཞིག་གི་སྤྱི་དོན་དང་རིག་གཞུང་།  ལྟ་བ་སོགས་ལ་འབྲེལ་བ་མ་ཆགས་པའི་ཆ་དེ་ལ་ཟེར་གྱི་ཡོད།   དཔེར་ན་བོད་གཞུང་གི་བཀའ་བློན་ནམ་དྲུང་ཆེ་ཞིག་གིས་སྤྱི་དོན་འཐུས་ཤོར་སུ་བཏང་བ་དང་།  དྲང་སྙོམས་མ་བྱས་པའི་སྐབས་ལ་ང་ཚོས་སྐྱོན་བརྗོད་བྱས་པ་ཡིན་ན་འདི་ལ་གང་ཟག་སྒེར་ལ་རྒོལ་བར་ཆ་འཇོག་བྱེད་འོས་མི་ཆེ། དེ་བཞིན་ཞིབ་འཇུག་པ་ཞིག་གིས་ཕྱོགས་རེས་པའམ་རྒྱུ་མཚན་ལྟར་སྣང་བ་ལྟ་བུ་ལ་གཞི་བཅོལ་ནས་ལྟ་བ་ཁས་ལེན་མི་ཐུབ་པ་རེ་བཏོན་པ་ལ་སྐྱོན་འཛུགས་བྱེད་པ་ཡང་གང་ཟག་སྒེར་པ་ལ་རྒོལ་བར་ཆ་འཇོག་བྱེད་མི་འོས་སྙམ། ཡིན་ན་ཡང་བཀའ་བློན་དྲུང་ཆེ་ཡིས་སྤྱི་དོན་འཐུས་ཤོར་དུ་བཏང་བ་ལ་སྐྱོན་བརྗོད་བྱེད་སྐབས་དེ་ལས་བརྒལ་ནས་དེའི་བུ་དང་བུ་མོས་སྦག་ལ་འཁྲབ་ཀྱི་ཡོད་པ་ལྟ་བུ་དང་།  ཞིབ་འཇུག་པ་དེའི་ལྟ་བ་ལ་སྐྱོན་བརྗོད་བྱེད་སྐབས་མཁས་པ་དེ་ལ་ཆུང་མ་ཟུར་བསྟེན་ཡོད་པ་ལྟ་བུ་བརྗོད་ན་འདི་ནི་གང་ཟག་སྒེར་ལ་རྒོལ་བ་ལ་ཆ་འཇོག་བྱེད་འོས་སྙམ།

དེ་ལས་མང་བ་། “རླུང་ལན་དང་གསལ་བཤད།” »

རྩོམ་རིག

ཕྱི་རྒྱལ་དུ་ཡོད་པའི་སློབ་གྲྭ་བ་ཚོ།

Posted on 2009-05-252009-05-26 By དབང་ཕྱུག་ 7 Comments on ཕྱི་རྒྱལ་དུ་ཡོད་པའི་སློབ་གྲྭ་བ་ཚོ།

རྒྱལ་ནང་དུ་ཡོད་པའི་ཀྲུངགོའི་སྤྱི་དམངས་ཞིག་གིས།
ནགས་ཤོད་ཡེ་ཤེས་བསྟན་འཛིན་གྱིས་བསྒྱུར།

རྒྱ་ཆེ་བའི་ཕྱིར་སྐྱོད་རྒྱལ་གཅེས་ཀྱི་སྤུན་ཟླའི་སློབ་གྲོགས་ཚོ། ཁམས་བཟང༌། ང་ནི་རྒྱལ་ནང་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཞིག་ཡིན། མ་གཞི་ཁྱོདཚོའི་ལུས་པོ་ཕྱི་རྒྱལ་དུ་ཡོད་མོད། དུས་དང་རྣམ་པ་ཀུན་ཏུ་མེས་རྒྱལ་སེམས་ལ་བཅངས་ཤིང་དོ་ཁུར་བགྱི་བཞིན་ཡོད་པ་ངས་ཤེས་ཀྱི་ཡོད། ཨོ་རྩེད་ཀྱི་དཔལ་འབར་བརྒྱུད་སྤྲོད་ཕྱི་རྒྱལ་ནས་མཇུག་བསྒྲིལ་ལ་ཉེ་བའི་གོ་རིམ་ཁྲོད་དུ་ཁྱོད་ཚོས་དེར་ཁྲོམ་སྐོར་སོགས་ཀྱི་རྣམ་པའི་ཐོག་ནས་མེས་རྒྱལ་ལ་རྒྱབ་སྐྱོར་མཚོན་པ་བྱས་ཡོད།

ངས་ཁྱོད་ཚོར་ཡི་རངས་བྱེད་ཀྱིན་ཡོད། ཅི་ཞིག་གི་ཕྱིར་དུ་ཞེ་ན། ནུབ་སྡོད་པ་ཚོས་ཀྲུང་གོར་སྐྱོན་བརྗོད་བྱེད་པའི་སྐབས་སུ་ཁྱོད་ཚོ་མདུན་དུ་བཅར་ཏེ་ཀྲུང་གོར་རྒྱབ་སྐྱོར་དང་མཚང་འབྱིན་བྱེད་མཁན་ཚོར་ངོ་རྒོལ་བྱ་ཕོད་ཀྱི་ཡོད། ཡིན་ནའང་ནུབ་ཕྱོགས་པ་ཚོའི་སྐྱོན་བརྗོད་དེས་ཀྱང་ཀྲུང་གོའི་ཡར་རྒྱས་ལ་སྐུལ་འདེད་བྱེད་པའི་ཆ་རྐྱེན་ཞིག་ཏུ་སོང་བ་བསམས་མྱོང་ངམ། གལ་ཏེ། ནུབ་ཕྱོགས་པ་ཚོའི་སྐྱོན་བརྗོད་མེད་ཚེ་ཀྲུང་གོ་ད་དུང་ཡང་མི་ལོ་སུམ་ཅུའི་ཡར་སྔོན་གྱི་གནས་སྟངས་དེར་རང་སོར་ལུས་ཡོད།

ང་ཁྱོད་ཚོར་སྨོན་པ་འཆོར་གྱིན་ཡོད། གང་ལགས་ཤེ་ན། ཁྱོད་ཚོ་ཉེན་རྟོག་པའི་སྲུང་སྐྱོབ་འོག་ནས་སོ་སོས་འཛིན་པའི་ལྟ་ཚུལ་ཚད་མར་སོང་མིན་ལ་ལྟོས་པ་མེད་པར་ཡོངས་བསྒྲགས་ངང་སྦྱར་ཡིག་དང་དར་ཆ་བསྒྲེངས་ནས་ཁྱོད་ཚོའི་ཆབ་སྲིད་ཀྱི་ལྟ་ཚུལ་གསལ་སྟོན་བྱེད་ཀྱི་ཡོད། ཡིན་ནའང༌། ང་ཚུད་པའི་ཀྲུང་གོའི་ས་ཁོངས་ན་ཡོད་པའི་མི་འདི་ཚོ། གལ་ཏེ་ཁྱོད་ཚོ་ལྟར་དུ་སྦྱར་ཡིག་དང་དར་ཆ་བསྒྲེངས་ནས་གཞུང་ལམ་དུ་སོང་ཚེ་ཉེན་རྟོག་པའི་ལྟ་སྐྱོང་མེད་པ་ལྟ་ཅི། ད་དུང་བཙོན་འཇུག་གི་ཉེས་དམིགས་ལས་ཐར་དཀའ་བའི་ཚོད་རེད། ཐ་ན། ངས་དྲྭ་ལམ་ནས་རྩོམ་ཡིག་འདི་འདྲ་ཞིག་འདོན་སྤེལ་བྱས་མོད། ཡིན་ནའང༌། རང་སོ་སོའི་བདེ་འཇགས་ཀྱི་ཆེད་དུ་སེམས་ངལ་བྱ་དགོས་ཀྱི་ཡོད།

དེ་ལས་མང་བ་། “ཕྱི་རྒྱལ་དུ་ཡོད་པའི་སློབ་གྲྭ་བ་ཚོ།” »

འགྱུར་རྩོམ།

སོག་པོ་རྒྱ་ནག་མ་རེད། བོད་རྒྱའི་དབར་གྱི་ལོ་རྒྱུས་འབྲེལ་བ།

Posted on 2009-05-252009-05-26 By དབང་ཕྱུག་ 1 Comment on སོག་པོ་རྒྱ་ནག་མ་རེད། བོད་རྒྱའི་དབར་གྱི་ལོ་རྒྱུས་འབྲེལ་བ།

ཝང་ལིས་ཞུང༌།
ཡེ་ཤེས་བསྟན་འཛིན་གྱིས་བསྒྱུར། ནོར་གླིང༌།

རྒྱ་ནག་གཞུང་ཕྱོགས་ནས་བཅོས་ལྷད་བྱས་པའི་ལོ་རྒྱུས་དེ་དག་གཞི་རྐང་དུ་བཟུང་ནས། དུས་རབས་བཅུ་གསུམ་པ་ནས་བརྩམས་ཏེ་བོད་ཀྱི་བདག་དབང་རྒྱ་ནག་གི་སྟངས་འཛིན་འོག་ཡོད་པའི་ངོས་འཛིན་མཐའ་གཅིག་ཏུ་བྱེད་བཞིན་ཡོད། དུས་དེར་ཇིང་གིར་རྒྱལ་པོའི་སོག་དམག་གིས་འཛམ་གླིང་ཧྲིལ་པོར་ལེབ་རྡུང་བྱེད་བཞིན་པའི་དུས་རེད་ལ། བོད་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་ཕྱིན་ནས་མི་ལོ་བཞི་བརྒྱ་ཙམ་སིལ་བུར་གནས་ཚར་བས་སོག་པོ་དང་རྒོལ་འཛིང་བྱེད་པའི་ནུས་པ་མེད་པ་ཙམ་མ་ཟད། དུས་བབ་ཀྱི་འགྱུར་འགྲོས་དེའི་ཁྲོད་ནས་ས་གནས་ཀྱི་སྡེ་དཔོན་དེ་དག་གཅིག་རྗེས་གཉིས་མཐུད་ངང་སོག་པོར་མགོ་བཏགས་ཞུས་ཡོད། ཇིང་གིར་རྒྱལ་པོའི་ཚ་བོ་གོ་དན་ཁཱང་གིས་ས་སྐྱ་པ་སྐབས་དེའི་བོད་བརྒྱུད་ནང་བསྟན་གྱི་ལྟེ་བར་ངོས་བཟུང་གནང་སྟེ་བོད་ས་ཧྲིལ་པོའི་ཕྱོགས་སོ་སོ་ན་ཡོད་པའི་དབང་ཤུགས་ཡོད་ཚད་ཀྱིས་ས་སྐྱ་པའི་སྣེ་ཁྲིད་དང་ལེན་བྱེད་དགོས་པའི་བཀའ་བསྒོས། རྗེས་ཕྱོགས་ནས་དུས་རབས་གཅིག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཡོན་རྒྱལ་རབས་ཀྱི་དུས་རིང་གང་པོར་ས་སྐྱ་པས་བོད་ཁམས་དབང་སྒྱུར་བྱས་ཡོད། ལོ་རྒྱུས་ཆེད་མཁས་པ་ཚོས་མཁོ་སྤྲོད་བྱས་པའི་རྒྱུ་ཆར་གཞིགས་ན། དུས་དེར་ཚད་ངེས་ཅན་གྱི་བདག་དབང་ལྡན་པའི་རྣམ་འགྱུར་མངོན་ནས་འདུག དེ་ལྟ་ནའང། གནད་འགག་འབབ་ས་ཞིག་ནི། དོན་དམ་པར་སོག་པོས་བོད་ཀྱི་བདག་དབང་སྤྱོད་ཀྱི་ཡོད་པ་རེད་དམ། འོན་ཏེ། རྒྱ་ནག་གིས་བོད་ཀྱི་བདག་དབང་ལ་དོ་སྟངས་བྱེད་ཀྱི་ཡོད་པ་དེ་རེད། དོན་ངོ་མར། སྐབས་དེར་རྒྱ་ནག་ཁོ་རང་ཡང་བོད་དང་གཅིག་མཚུངས་སུ་གྱུར་ཏེ་སོག་པའི་ཡ་མེད་ཀྱི་རྟ་དམག་དེ་ཚོའི་དབང་སྡུད་བྱེད་ཡུལ་དུ་ཆགས་པ་མ་ཟད། ཅུང་ཟད་སྔོག་རེས་ལྟ་བུ་བྱས་ཏེ་གླེང་ན། བོད་ཡུལ་ལས་ཀྱང་ཐ་ཆད་པའི་མངོན་ཚུལ་སྣང་སྟེ། བོད་ཀྱི་ས་ཁོངས་དག་ཏུ་སྔར་མུས་བཞིན་ཚད་རིམ་ངེས་ཅན་གྱི་རང་སྐྱོང་སོར་གནས་ཐུབ་པ་བྱུང་མོད། འོན་ཀྱང༌། རྒྱ་ནག་ནི་རྒྱལ་ཁབ་རྦད་དེ་ཐོར་ནས་འགྲེལ་བརྗོད་བྱེད་སྟངས་མི་ཤེས་པ་ཆགས་ཡོད། དེ་ལྟབུའི་རང་ཉིད་ཀྱི་བདག་དབང་ཡང་བོར་ཟིན་པའི་རྒྱལ་ཁབ་ཅིག་གིས་ཇི་ལྟར་བྱས་ཏེ་མི་རིགས་གཞན་ཞིག་གི་བདག་དབང་ཁ་ལོ་སྒྱུར་ཐུབ་བམ། མ་གཞི་བྱས་ན་ཡོན་དང་དུས་ཕྱིས་ཀྱི་ཆིང་གཉིས་མི་འདྲ་ནའང༌། མི་རིགས་ཐ་དད་པ་ཞིག་གིས་བཙན་འཛུལ་བྱས་ཏེ་རིམ་པས་དབང་སྒྱུར་བྱས་པ་གཅིག་མཚུངས་རེད། ཡིན་ནའང༌། མཐའ་མ་དེར་ཆིང་རྒྱལ་རབས་རང་གི་མན་ཇུ་བའི་སྡོད་ཁུལ་ཡིན་ནའང་འདྲ། དེ་བཞིན་མི་རིགས་གཞན་ཁག་ཡིན་ནའང་འདྲ། ཐམསཅད་མཉམ་བསྲེས་ཀྱིས་ཟླ་སྒྲིལ་བྱས་ཏེ་ཀྲུང་གོ་ཞེས་པའི་ཚིག་གཅིག་པོ་དེའི་ནང་གོང་བུ་གཅིག་ཏུ་བཟོས་ཡོད། ཡིན་ན་ཡང༌། སོག་པོ་ད་ལྟའི་ཆར་ཡང་སྔ་མ་བཞིན་རང་ཉིད་ཀྱི་རྒྱལ་ཁབ་ཡོད་ལ་ཡ་གླིང་གི་ཁྱོན་ཆེན་དུ་སོག་རིགས་གནས་སྡོད་བྱེད་བཞིན་ཡོད་པས་ཀྲུང་གོ་ཞེས་པའི་ཐ་སྙད་དེ་དང་རྩ་བ་ནས་མི་འདྲ་བ་ཆགས་ཡོད་པ་འདི་ལྟར་ཡང༌། ཁོང་ཚོས་ཨ་ན་ཨུ་ཚུགས་ཀྱིས་སོག་པོས་བོད་དབང་སྡུད་བྱས་པ་དེ་རྒྱ་ནག་གིས་བོད་ས་བདག་དབང་ཡོད་པའི་ཁུངས་སྐྱེལ་བྱེད་པ་འདི་ནི་ ཨཱ རྔ ལྟ་བུའི་གཏན་ཚིགས་ཀྱི་འགོད་ཕྱོགས་ལས་མ་འདས་པས་ཕྱོགས་གཅིག་ནས་ཡ་མཚན་དགོས་པ་ཞིག་དང༌། ཉག་གཉིས་ནས་ཟོལ་མེད་ཀྱི་རྣམ་པ་མེད་སོང་བ་རེད།

དེ་ལས་མང་བ་། “སོག་པོ་རྒྱ་ནག་མ་རེད། བོད་རྒྱའི་དབར་གྱི་ལོ་རྒྱུས་འབྲེལ་བ།” »

འགྱུར་རྩོམ།

Posts pagination

Previous 1 … 864 865 866 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (23)
  • ན་ཟུག (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme