དབང་སྡུད།
གྲོང་སྟོད་རྒན་པོ་དབང་དུ་སྡུས།།
གྲོང་སྨད་རྒན་མོ་དབང་དུ་སྡུས།།
བུ་ཚ་བུ་མོ་དབང་དུ་སྡུས།།
ཇ་དང་རྩམ་པ་ཆར་ལྟར་ཕོབས།། ཕཊ་ཕཊ་ཕཊ།
ཟིལ་གནོད།
རང་ཡུལ་བསྐྱུར་པའི་རྟོགས་ལྡན་ངས།།
དབྱར་དགུན་མེད་པར་གཞན་སྒོ་འགྲིམ།།
ཟླ་མཚམས་གཅིག་ཀྱང་འདུག་མ་ཚུགས།།
ངོ་ཚ་མེད་པར་ཟིལ་གྱིས་ནོན།། ཕཊ་ཕཊ་ཕཊ།
དེ་ལས་མང་བ་། “གྲོང་ཉུལ་གྱི་གཅོད་པ་འགའ་ཞིག་ལ། ཟབ་གནད་ཀྱི་དམིགས་སྒོ་རྒྱུན་འཁྱེར་བཞུགས།” »



