Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆུང་དུས་ཀྱི་མནའ་གྲོགས།

Posted on 2009-09-152009-09-15 By དགེ་རབ་ 3 Comments on ཆུང་དུས་ཀྱི་མནའ་གྲོགས།

སྨྱུག་རྒོད་ཀྱིས།

གཅ༹ང་པོའི་འགྲམ་ནས་སྤི་རག་གི་བཟི་ཁ་དང་ལྷན་དེ་རིང་གི་ཉིན་ཐོ་ཞིག་འབྲི་དགོས་བསམ་ནས་ བསམ་བློ་ཅི་ལྟར་བཏང་ནའང་ཀླད་པའི་ནང་དུ་ཉེ་སྔོན་ཆུང་དུས་མནའ་གྲོགས་ཀྱིས་ང་ལ་བཤད་ པའི་སྐད་ཆ་དག་ལས་གཞན་ཅི་ཡང་འཆར་མ་སོང་ ། གྲོགས་པོ་ཆོ༹།གཅིག་ཅེ་ན་ཁྱེད་ཆོ༹་ལ་ངའི་ མནའ་གྲོགས་ཀྱིས་ང་ལ་བཤད་པའི་སྐད་ཆ་དང་ངེད་གཉིས་བར་ལ་བྱུང་བའི་དོན་དག་འདི་ལྟ་བུ་གསར་བ་གང་ཡང་མིན་ནའང་ཐང་མོད།ས་མཐའ་ནས་མི་ཆེ༹་ཕྱེད་ཀ་སོང་ཟིན་པའི་མི་རྐྱང་ང་ལ་མཆོ༹ན་ན་གསར་བ་གསར་རྐྱང་རེད།གང་ལྟར་དེ་རིང་ངས་གང་ཐུབ་ཀྱིས་དྲ་གྲོགས་ཆོ༹་ང་དང་ཁོང་གི་བར་ལ་མནའ་གྲོགས་ཅི་ལྟར་བསྒྲིགས་ཆུ༹ལ་དང་མཐའ་མ་ངེད་གཉིས་ཀྱི་བར་ལ་དགོད་བྲོ་བའི་གཏམ་རྒྱུད་ཅི་ཞིག་བྱུང་མིན་སོགས་རྒྱས་ཅ༹མ་བཤད་ཨེ་ཐུབ་ལྟ།ངའི་མནའ་གྲོགས་ཀྱི་མིང་ལ་ཡར་རྒྱས་སྐྱབས་དང་ །ངེད་གཉིས་ཕན་ཆུ༹ན་ངོ་ཤེས་ས་ཕ་ཡུལ་གྱི་དབེན་དགོན་ཆུང་ཆུང་ཞིག་རེད།ཕ་ཡུལ་གྱི་དགོན་པ་དེར་བསྡད་པའི་རིང་ངའི་མནའ་གྲོགས་དང་ངེད་གཉིས་ཀྱིས་རྕོ༹ད་པའི་ཕྱོགས་ནས་ཁ་དོག་དཀར་དམར་ཅ༹མ་གྱི་འགྲོ་སྟང་ཅ༹མ་ཡང་མི་ཤེས་ནའང་སྐབས་དེར་ངེད་གཉིས་ཡན་གྱི་དཔའ་རྒོད་ཞིག་དགོན་པ་འདིར་ཨེ་ཡོད་སྙམ་པའི་ང་རྒྱལ་རི་འདྲ་བ་ཞིག་ཡོད་པ་ད་ལྟའང་དྲན་གྱི་འདུག ཉིན་ཞིག་ངའི་གྲོགས་པོ་ཡར་རྒྱས་སྐྱབས་དང་ངེད་གཉིས་ཀྱིས་དགོན་པའི་བཅ༹ན་ཁང་གི་མདུན་ནས་དཔའ་ལྡན་ལྷ་མོ་མནའ་རུ་བཞག་ནས་སེམས་པའི་ནང་ལ་སེམས་པ་དང་ལག་པའི་ནང་དུ་ལག་པ་བཞག་ནས་མནའ་གྲོགས་བསྒྲིགས་ཤིང་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་བྱེད་རྒྱུ་དམ་བཅའ་བརྟན་པོ་བཞག་ནས་ལྷ་ས་ལ་ཡོང་ །

དེ་ལས་མང་བ་། “ཆུང་དུས་ཀྱི་མནའ་གྲོགས།” »

རྩོམ་རིག

བོད་ཡིག་ལ་བཙན་གཡེམ་བྱས་འདུག

Posted on 2009-09-142009-09-14 By ཡེ་ཤེས་ 123 Comments on བོད་ཡིག་ལ་བཙན་གཡེམ་བྱས་འདུག

ཆཱལྶ་ལིནྜ་བརྒ་ Charles A. Lindbergh ད་སྔ་བོད་ཡིག་འདི་བོད་ཁམས་ཡོངས་སུ་འབྲི་སྟངས་གཅིག་གྱུར་པ་ཞིག་གི་འོག་ཏུ་གནས་ནས་ལོ་ངོ་ཆིག་སྟོང་སུམ་བརྒྱ་ཕྱིན་པའི་རིང་ལ་འདི་འདྲའི་འབྲི་སྟངས་ཤིག་བྱུང་མེད་ལ། བོད་ནང་རིག་གནས་གསར་བརྗེའི་སྐབས་སུ་ཡང་འདི་འདྲའི་བོད་ཡིག་འབྲི་སྟངས་ཤིག་རྩ་བ་ནས་བྱུང་མྱོང་མེད། ཡིན་ན་ཡང་ལོ་ཤས་གོང་ནས་བཟུང་ཝ་ཤིང་ཁྲོན་སྒྲེ་སེ་ལ་ཡོད་པའི་གསར་འགྱུར་ལས་ཁུངས་ཤིག་གི་ལས་བྱེད་ཅིག་གིས་བོད་ཡིག་འབྲི་སྟངས་ལ་གསར་བཟོ་བྱས་ནས་སྔོན་ཡོད་སློབ་དཔོན་ཐོན་མིའི་བོད་ཡིག་འབྲི་སྟངས་དེར་རྩི་མེད་རྡོག་རོལ་གཏོང་རྐྱང་བྱེད་བཞིན་ཡོད་པ་དང་། ཤེས་ལྡན་པ་སྐོར་ཞིག་གིས་དེ་འདྲ་བྱས་ན་མི་ལེགས་པའི་ཁ་ཏ་སློབ་གསོ་ཇི་ལྟར་བྱས་ཀྱང་ཉན་འཇོག་རྩ་བ་ནས་མེད་པར་རང་སྣང་གང་ཤར་གྱིས་བོད་ཡིག་འབྲི་སྟངས་འདི་ལ་གསར་བཟོ་བྱས་དང་བྱེད་བཞིན་པ་འདིར་ཤེས་ལྡན་པ་ཚོར་བསམ་འཆར་ཅི་ཞིག་ཡོད་གསུང་རོགས་ཞུ། ཆབ་སྲིད་བཤད་དུས་རིག་གཞུང་ལ་གཏོར་བརླག་བྱས་ན་ཆོག་པའི་རྩ་འཛིན་ཡིག་ཆ་ཞིག་ཁྱོད་ཚོར་སྟོན་རྒྱུ་ཡོད་དམ། ལེགས་སྦྱར་གྱི་ཡི་གེ་བོད་ཡིག་ཏུ་འབྲི་དུས་འབྲི་སྟངས་ལོགས་ཀ་ཞིག་ཡོད་པ་རེད། ཡིན་ན་ཡང་དབྱིན་ཡིག་སོགས་ཡིག་རིགས་གཞན་པ་འབྲི་དུས་ས་མགོ་ར་མགོ་ལ་མགོ་དང་ར་བཏགས་ལ་བཏགས་སོགས་བོད་ཡིག་རང་གི་ལམ་ནས་འབྲི་སྟངས་ཤིག་གནའ་ནས་ཡོད་པ་དེ་བེད་སྤྱོད་གཏོང་མི་ཐུབ་པའི་རྒྱུ་མཚན་གང་ལ་ཐུག ཝ་ར་ཎ་་སི་ནས་ཡོང་པའི་ཤེས་རློམ་པ་སྐོར་ཞིག་གིས་བོད་ཡིག་འབྲི་སྟངས་གཅིག་གྱུར་ཅན་འདི་ལ་བཙན་གཡེམ་བྱས་དང་བྱེད་བཞིན་ཡོད་པས། ངོ་མ་བོད་ཡུལ་ལ་གཞན་གྱིས་འཕྲོག་བཅོམ་བྱེད། བོད་ཡིག་ལ་རང་གིས་བཙན་གཡེམ་བྱེད་པ་འདིར་བལྟས་ནས་འདུག་མི་ཐུབ་པའི་ཚོད་དུ་ལྷུང་འདུག

གསར་འགྱུར།, དཔྱད་རྩོམ།

ནེའུ་ཡོག་གི་འདུ་འཛིའི་ཁྲོད་ཀྱི་༸གོང་ས་མཆོག་གི་སྐུ་པར།

Posted on 2009-09-142009-09-14 By ཀླུ་ 3 Comments on ནེའུ་ཡོག་གི་འདུ་འཛིའི་ཁྲོད་ཀྱི་༸གོང་ས་མཆོག་གི་སྐུ་པར།

གོང་གི་འདྲ་པར་དེ་ནི་ཨ་མི་རི་ཁའི་གྲོང་ཁྱེར་ནེའུ་ཡོག་དཀྱིལ་དབུས་སུ་ཁང་བརྩེགས་དང་མི་ཚོགས་གྱི་འདུ་འཛིའི་ཁྲོད་ན་མི་རྣམས་ཀྱིས་དོ་སྣང་བྱེད་ཡུལ་སུ་གྱུར་བའི་༸གོང་ས་མཆོག་གི་སྐུ་པར་རེད། མི་རིང་བར་གོང་ས་མཆོག་ཨ་མི་རི་ཁར་ཆིབས་ཕེབས་གནང་གི་ཡོད་པ་དང་ད་ཐེངས་མི་ཚོས་འདས་པའི་སྲིད་འཛིན་ཟུར་པ་ཚོས་༸གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་པ་བཞིན་ཡང་སྲིད་འཛིན་ཨོ་བྷ་མས་ཀྱང་མཇལ་འཕྲད་ཀྱི་མཛད་མཆར་ཁག་་ཕྱིར་འཐེར་བྱེད་མི་ཤེས་པ་ལྟ་བུར་གྱུར་ཡོད་པའི་ངོས་འཛིན་བྱེད་གྱི་ཡོད་པའི་སྐབས་འདིར་མཇལ་འཕྲད་བྱེད་སྟངས་ལ་རྣམ་པ་འདྲ་མིན་ཡོད་པས་སྲིད་འཛིན་ཁོས་ལམ་ཁ་གང་འདེམས་སྲིད།

གསར་འགྱུར།

ལྷ་རམས་པ་བརྒྱ་ལས་ལྷམ་བཟོ་བ་གཅིག་མཁོ།

Posted on 2009-09-142009-09-14 By tenzin 5 Comments on ལྷ་རམས་པ་བརྒྱ་ལས་ལྷམ་བཟོ་བ་གཅིག་མཁོ།

ལྷ་རམས་པ་བརྒྱ་ལས་ལྷམ་བཟོ་བ་གཅིག་མཁོ། (བོད་ཀྱི་སྐད་ཡིག་དྲ་རྒྱ་ནས་བླངས།) ང་ཚོའི་སྲིད་གཞུང་དགའ་ལྡན་ཕོ་བྲང་ཆགས་ཏེ་ལོ་འཁོར་སུམ་བརྒྱ་བདུན་ཅུར་ཉེ་བའི་ དེ་རིང་གི་ཉིན་མོར་ཕྱིར་དྲན་ཞིག་བགྱིས་ན། ང་ཚོའི་སྲིད་གཞུང་དེ་གཙོ་བོ་ཆོས་ཕྱོགས་ནས་ཡར་རྒྱས་སོང་བ་ལས་སྲིད་ཕྱོགས་ནས་ མངའ་རིས་ས་ཞིང་དང་གྲུབ་མཐའི་དབང་རྩོད་ཀྱིས་མགོ་འཁོར་ཏེ་གར་འགྲོ་འདིར་འདུག་ མེད་པའི་གནས་སུ་གྱར་བ་ལས་ཅི་ཡང་འཇོན་མི་འདུག་ལ་ཁག་ཀྱང་མེད་དེ། སྲིད་གཞུང་གི་མིང་སྟེང་ནས་བསམ་བློ་ཞིག་བཏང་ན་ཡང་ཤེས་ཐུབ། ང་ཚོའི་བཙན་པོའི་རྒྱལ་རབས་མཇུག་བསྒྲིལ་རྗེས་ཀྱི་འཇིག་ལ་ཉེ་བའི་སྲིད་ཁྲི་དེ་ དག་རེ་རེ་གཉིས་གཉིས་ཤིག་མ་གཏོགས་ཆོས་རྫུ་ཟོག་པོ་དག་གི་བྱམས་བརྩེ་ཕུགས་རུལ་ གྱིས་ཉོས་ཤིང་འཕྲོག་ནས་འོང་བ་རྐྱང་རེད་འདུག ཁྱད་པར་དུ་དགའ་ལྡན་ཕོ་བྲང་བའི་སྲིད་དབང་གིས་ད་བར་དུ་བྱབས་ཤིང་བཅུམ་སྟེ་འོང་ བ་ཡིན་ལ། དེང་སྐབས་ཚད་ལྡན་མང་གཙོའི་གཞུང་ཞིག་ཡིན་པའི་ངོས་ནས་བསམ་བློ་ཞིག་བཏང་བ་ཡིན་ ནའང་དགའ་ལྡན་ཕོ་བྲང་ཞེས་བོས་ཡོང་དུས་མིང་ཟུར་གྱི་དགའ་ལྡན་ཞེས་པ་འདིས་ཅི་…

དེ་ལས་མང་བ་། “ལྷ་རམས་པ་བརྒྱ་ལས་ལྷམ་བཟོ་བ་གཅིག་མཁོ།” »

རྩོམ་རིག

ཏུན་ཧོང་དང་དེ་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་སྐོར།

Posted on 2009-09-14 By དགེ་རབ་ 51 Comments on ཏུན་ཧོང་དང་དེ་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་སྐོར།

སྒོམ་སྡེ་ལྷ་རམས་པ
———–

Figure 2. Cave 16 in Dunhuang, with scrolls removed from the library cave piled up outside the door
Figure 2. Cave 16 in Dunhuang, with scrolls removed from the library cave piled up outside the door
ཐོག་མར་ཏུན་ཧོང་(Dunhuang or Tun-huang) གི་ལོ་རྒྱུས་ནི། བྱེ་ཐང་གི་དཀྱིལ་དུ་ཆགས་པའི་དེང་སང་རྒྱ་ནག་ཀན་སུའུ་(Gansu Province) ཞིང་ཆེན་གྱི་གྲོང་ཁྱེར་ཞིག་ཡིན། འདི་ནི་ཤིན་ཅང་དང་ནང་སོག་གཉིས་བར་དུ་ཆགས་པའི་ས་ཁུལ་ཞིག་ཡིན་ལ། གནའ་བོ་ནི་ཤིན་ཅང་ གི་ཆ་ཤས་སུ་གཏོགས་པར་མངོན་ཞིང་། ལོའུ་ལན་(Lou-Lan) ཞེས་པའི་གྲོང་ཁྱེར་དང་ས་ཐག་མི་རིང་བའི་ས་ ན་ཡོད། ཏུན་ཧོང་ནི་སྔ་མོ་བོད་ཀྱིས་ཀྱང་དབང་བསྒྱུར་བྱས་ཏེ་ལོ་དྲུག་ཅུ་སྐོར་ཞིག་བོད་ཀྱི་མངའ་འོག་ཏུ་ བཅུག་མྱོང་ཡོད། དེ་སྐོར་གཤམ་དུ་གཟིགས། ཏུན་ཧོང་གི་གོ་དོན་ནི། མེ་ལྕེ་རབ་ཏུ་འབར་བའི་སྒྲོན་མེ་ ཞེས་པ་ཡིན། འདི་ནི་གནའ་བོ་གོས་ཆེན་གྱི་ཚོང་ལམ་(Silk Road) ཞེས་ཡོངས་སུ་གྲགས་པ་དེའི་འདུས་མདོ་གལ་ ཆེན་ཞིག་ཏུའང་འཁེལ་གྱི་ཡོད། གནའ་བོ་འདི་ལ་“Sha Zhou” (Beautiful desert Oasis)མཛེས་སྡུག་ལྡན་ པའི་བྱེ་ཐང་གི་ གྲོང་ཁྱེར་གཤིན་པོ་ཞེས་བརྗོད་ཀྱི་ཡོད། ཕྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་མཇུག་ཙམ་ལ་“ཧན་རྒྱལ་རབས” (ཕྱི་ལོའི་སྔོན་གྱི་དུས་རབས་༢༠༦ BC ནས་ཕྱི་ལོའི་དུས་རབས་༢༢༠AD) ཀྱི་སྐབས་ཐོག་མར་རྒྱ་ནག་གི་མངའ་ཁོངས་སུ་ ཚུད

དེ་ལས་མང་བ་། “ཏུན་ཧོང་དང་དེ་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་སྐོར།” »

དཔྱད་རྩོམ།

༄༅། །ཁུ་བྱུག་གིས་འཇོལ་མོར་སྤྲིངས་པའི་འཕྲིན

Posted on 2009-09-142009-09-14 By དགེ་རབ་ 10 Comments on ༄༅། །ཁུ་བྱུག་གིས་འཇོལ་མོར་སྤྲིངས་པའི་འཕྲིན

གཉན་མདང་ཕོ་ཉ
——–
༼གཞས་ཚིག༽
ནགས་རྒྱ་རྫོང་ནང་གི་བྱེའུ་ཆུང་འཇོལ་མོས།།
ས་ཐག་རིང་སོང་བའི་ཁུ་བྱུག་ཚོགས་ལ།།
ཡིད་སྐྱོ་གདུང་སྟོང་གིས་ཚ་འབོད་མ་གནང་།།
བྱ་ཁུག་ལོའི་སེམས་པ་མེ་ཡིས་ཚིག་བྱུང་།།

བྱ་འཇོལ་མོ་སྐྱོ་ས་རང་གི་ཚང་རེད།།
སྡུག་ཆེ་ཡང་ཉལ་ས་དྲོན་མོ་ཡོད་རེད།།
ས་མི་ཡུལ་འཁྱམ་པའི་ཞག་མལ་རེ་ལ།།
སྡུག་སྣ་དགུ་འདུག་ཀྱང་མིད་ནས་བསྡད་ཡོད།།

དེ་ལས་མང་བ་། “༄༅། །ཁུ་བྱུག་གིས་འཇོལ་མོར་སྤྲིངས་པའི་འཕྲིན” »

གླུ་གཞས།

ཟུར་ཞིག

Posted on 2009-09-142009-09-16 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 21 Comments on ཟུར་ཞིག

ཉི་མ་འཚོ། ནོར་གླིང༌།

ཟུར་ཞིག

༡

དགོང་དྲོ་དེར། རྒྱུན་ལྡན་ལྟར་ངས་རྟགས་འཇུག་གི་རྩ་བ་གྱེར་བཞིན་སོང༌། ཉིན་བྱེད་དབང་བོས་སླར་ཡང་མཇལ་བའི་འཛུམ་མདངས་ཤིག་སྟོན་བཞིན་འགྲོ་བར་ཉེ་ལ། མཐའ་འཁོར་ན་སྐྱེལ་མ་བྱེད་མཁན་གྱི་མཚམས་སྤྲིན་དག་འཚང་ཁ་རྒོད། དྲི་བཞོན་རྒྱུ་ཕྱོགས་ཤིག་གིས་ལུས་ཁམས་བདེ་ཞིང་ཁོར་ཡུག་སྐྱིད་པའི་སྣང་བ་ཞིག་བྱིན།
རྒན་ལགས་ཀྱི་ཤག་སྒོ་རྡུང་ཞོར་ཡང་བསྐྱར་ནམ་མཁར་བལྟས། བྱང་ཕྱོགས་ནས་སྤྲིན་ནག་མཐུག་པོ་ཞིག་གིས་སའི་གོ་ལའང་ཁྱུར་མིད་གཏོང་མི་འོང་ངམ་སྙམ་པའི་ཁྲོ་གཉེར་ཞིག་བསྡུས་ནས་ཡོང་གི་འདུག

དེ་ལས་མང་བ་། “ཟུར་ཞིག” »

བརྩམས་སྒྲུང་།

མ་ཎིའི་འགྲེལ་བཤད་མདོར་བསྡུས་བཞུགས་སོ

Posted on 2009-09-13 By དགེ་རབ་ 25 Comments on མ་ཎིའི་འགྲེལ་བཤད་མདོར་བསྡུས་བཞུགས་སོ

སྒོམ་སྡེ་ལྷ་རམས་པ།
———–
maniཨོཾ་མ་ཎི་པདྨེ་ཧཱུྃ། (ལེགས་སྦྱར) ॐ मणि पद्मे हूँ ཨོཾ་ལ་ཨ་ཨུ་མ་གསུམ་འདུས་པས། རྡོ་རྗེ་གསུམ་མམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་མཚོན། (སྤྱིར་བཏང་ཨོཾ་ནི་པྲ་ཎ་མ་ཞེས་པ་རབ་བསྔགས་ཏེ
འདུད་པ་དང་ཕྱག་འཚལ་བའི་མཚོན་བྱེད་དང༌། གཞན་ཡང་བཀྲ་ཤིས་པ་དང་གཡང་གི་དོན་ནོ། །ཞིབ་པར་ཨོཾ་ཞེས་པའི་ཐད་དུ་གཟིགས) མ་ཎི་ནོར་བུ། པདྨ་ནི་མེ་ཏོག་པདྨ། མེ་ཞེས་པའི་རིང་ཆ་ནི་བྱིས་པས་མ་ལ་འབོད་པའི་ཚེ་གདངས་རིང་པོས་འབོད་པ་ལྟར། ཨེ་ཞེས་པ་རྣམ་དབྱེ་བརྒྱད་པ་འབོད་པའི་སྒྲ་ཡིན་པར་བཤད། ཧཱུྃ་ནི་བསྐུལ་བ་དང་འབོད་པའི་དོན་ཡིན་པར་གཞུང་མང་པོར་གསུངས་(གཞུང་འགའ་ཞིག་ཏུ་ཐུགས་ཀྱི་ས་བོན་ཡིན་པར་ཡང་གསུངས)པས། 
ཀྱཻ་ནོར་བུ་པདྨ་ཅན་(ཞེས་ནོར་བུ་ཆུ་ཤེལ་གྱི་ཕྲེང་བ་དང་གསེར་གྱི་པདྨ་ཕྱག་མཚན་དུ་བསྣམས་པའི)ལྷའི་མཚན་ནས་བོས་ཏེ་བདག་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་ཅིག་ཅེས་ཐུགས་རྒྱུད་བསྐུལ་བའོ། །མ་ཎིའི་མཇུག་ཏུ་ཧྲཱིཿསྦྱོར་མི་དགོས་ཤིང༌། སྦྱར་ན་ཡི་གེ་བདུན་དུ་འགྲོ་ཞིང་འདི་ལ་རྒྱུད་སྡེ་རྣམས་སུ་གཟུངས་ཡི་གེ་དྲུག་པ་ཞེས་ཐ་སྙད་བྱེད་དེ། ཡི་གེ་དྲུག་གིས་སྦྱང་གཞི་འགྲོ་བ་རིགས་དྲུག སྦྱང་བྱ་དྲི་མ་དྲུག སྦྱོང་བྱེད་ལམ་ཕར་ཕྱིན་དྲུག སྦྱངས་འབྲས་རྒྱལ་བ་རིགས་ལྔ་དང་རྡོ་རྗེ་འཆང་སྟེ་རིགས་དྲུག་མཚོན། ཞིབ་ཏུ་བཤད་ན། (སྦྱང་གཞི་སེམས་ཅན) ཨོཾ་གྱིས་ལྷ་སྐྱེ་འཆིའི་(འཆི་ལྟས་སྐྱེས་ལྟས་ཀྱི)སྡུག་བསྔལ་སེལ། མ་ཡིས་ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་ཞི། ཎི་ཡིས་མི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སེལ། པད་ཀྱིས་དུད་འགྲོ་བཀོལ་སྤྱོད་ཀྱི་སྡུག་བསྔལ་སེལ། མེ་ཡིས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ། ཧཱུྃ་གིས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་སེལ་ལོ།

དེ་ལས་མང་བ་། “མ་ཎིའི་འགྲེལ་བཤད་མདོར་བསྡུས་བཞུགས་སོ” »

རྩོམ་རིག

སྤྲིན་གྱི་ཕོ་ཉ་ལས་འཕྲོས་པའི་ཁ་བརྡ།

Posted on 2009-09-12 By dhatsenpa 81 Comments on སྤྲིན་གྱི་ཕོ་ཉ་ལས་འཕྲོས་པའི་ཁ་བརྡ།

ལྷ་རྩེ་བོད་ཀྱི་དཔེ་མཛོད་ཁང་དུ། འཕགས་ཡུལ་གྱི་སྙན་དངགས་མཁན་ནག་མོ་ཁོལ་གྱིས་བརྩམས་གནང་བའི་ ་་དཔྱིད་ཀྱི་ཕོ་ཉ་་ ཀློག་འདོན་དང་དེས་བོད་ཀྱི་རྩོམ་རིག་སྐོར་ཐེབས་པའི་ཤུགས་རྐྱེན་སྐོར་བགྲོ་གླེང་བྱེད་ཀྱི་ཡོད་པར་དོ་སྣང་བྱུང་། གལ་སྲིད་ང་དེར་ཡོད་ན་དྲི་བ་ཡང་མི་ཉུང་བ་ཞིག་ཁྱེར་ནས་ཡོང་ས་རེད་དེ་ད་ཡིན་ན་དེ་འདྲའི་སྐལ་བས་ཕོངས། དཔྱིད་ཀྱི་ཕོ་ཉ་དེ་དུས་རབས་ལྔ་བའི་ཡར་མར་གྱི་མི་ཞིག་གི་བྲིས་རྩོམ་་ཡིན་ནའང་ད་ལྟའི་སྐབས་འདིར་ད་རུང་བོད་ཙམ་མིན་པར་རྒྱལ་སྤྱིའི་རྩོམ་རིག་ཐོག་གོ་གནས་ངེས་ཅན་ཞིག་བཟུང་ཡོད་པ་དེ་ཧ་ལས་པའི་དོན་ཞིག་རེད། རྩོམ་རིག་ཅིག་གི་སྒྱུ་རྩལ་ལ་མཚོན་ན་སྐད་ཆའི་སྒྱུ་རྩལ་ནི་སེམས་ལྡན་ཞིག་གི་གཟུགས་པོའི་ནང་གི་ཟུངས་ཁྲག་བཞིན་རྩོམ་གཟུགས་ཧྲིལ་བོའི་ལུས་པོ་གང་སར་ཁྱབ་ཡོད་པ་ཞིག་ཡིན་པས་དེ་ནི་རྩོམ་རིག་གང་ཞིག་ཡིན་ཡང་ཆེས་གནད་འགག་ཅན་ཞིག་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད། ཡིན་ན་ཡང་། རྩོམ་གང་ཞིག་སྐད་གཞན་དུ་བསྒྱུར་བའི་སྐབས་རྩོམ་གཞུང་ལ་འགྱུར་བ་ཐེབས་ཀྱི་མེད་ནའང་ཐོག་མའི་མ་སྐད་དང་མི་འདྲ་བར་སྐད་ཆའི་སྒྱུ་རྩལ་གྱི་ངོ་བོར་འགྱུར་བ་གང་འཚམས་ཤིག་འགྲོ་གི་ཡོད་པ་ནི་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། དེ་ལྟར་ཡང་། དཔྱིད་ཀྱི་ཕོ་ཉའི་བོད་འགྱུར་དེ་རྩ་བའི་ཆ་ནས་ཚིག་དོན་གང་ཅིའི་ཐད་་གསོན་ཤུགས་ལྡན་ཞིང་གང་བྲིས་པ་དེ་རི་མོ་བཞིན་ཡིད་ལ་འཆར་རྒྱུ་ཡོད་པ། ཡིད་སེམས་དབང་མེད་དུ་གཡོ་འགྲོ་བ་ཞིག་འདུག་པ་དེའང་ལོ་ཆེན་བྱང་ཆུབ་རྩེ་མོ་དང་ཁོང་གི་སློབ་མར་གྱུར་བ་ལོ་ཆེན་ནམ་མཁའ་བཟང་པོ། ད་དུང་ཁ་ཆེའི་པཎཌི་ཏ་སུ་མ་ན་ཤྲྰི་བཅས་ཀྱི་རྣམ་དཔྱོད་ཀྱི་རྩལ་ལ་ཐུག་པ་ལོས་ཡིན། དཔྱིད་ཀྱི་ཕོ་ཉར་སྔོན་ཐེངས་མ་འགའ་ཤས་ཤིག་ལ་ཀློག་མྱོང་། བོད་ནང་དུ་ཨ་ལགས་དོར་ཞི་ཚང་དང་གཞན་ཞིག་ནས་དེ་ལ་འགྲེལ་བཤད་བྱས་པ་ཞིག་ཀྱང་མཐོང་མྱོང་།…

དེ་ལས་མང་བ་། “སྤྲིན་གྱི་ཕོ་ཉ་ལས་འཕྲོས་པའི་ཁ་བརྡ།” »

གསར་འགྱུར།

སློབ་སྤྱི་ཞིག་གླེང་བ།

Posted on 2009-09-12 By དབང་ཕྱུག་ 14 Comments on སློབ་སྤྱི་ཞིག་གླེང་བ།

དཔལ་ལྡན་རྣམ་རྒྱལ།

དེང་དུས་སྤྱི་ཡོངས་ངོས་འཛིན་གྱི་ཆ་ནས་བསམ་སྐབས། སློབ་སྤྱི་ཞེས་པའི་མིང་འདི་སུ་ཞིག་ལ་ཐོགས་ཡོད་ན། དེ་ནི་གང་ཡང་རུང་བའི་ཤེས་རིག་སྡེ་ཚན་ཞིག་གི་གཙོ་འཛིན་ཞིག་དང༌། ཁོང་ལ་མཁྱེན་དཔྱོད་ཡངས་ཤིང་ཀུན་སྤྱོད་ཚད་འཕེར་ཞིག་དགོས་པ་སྤྱི་མཐུན་ཡིན་མོད། འོན་ཀྱང༌། དེ་རིང་བདག་གིས་གླེང་གཞིར་བཟུང་བའི་སློབ་སྤྱི་ལ་མཚོན་ན། དེ་ལྟ་བུའི་འོས་ཆོས་ཕལ་ཆེར་ཨེ་ཡོད་སྙམ་པས་དོགས་སློང་གི་ཚུལ་དུ་དཔྱད་འཇོག་ཕྲན་བུ་ཞིག་བྱེད་འདོད་ཀྱི་འདུ་ཤེས་སྐྱེན་པོ་ཞིག་འགོག་མེད་དུ་འཕྱུར། དེའི་རྒྱུ་མཚན་ཡང༌། སློབ་སྤྱི་ཁོང་གི་བསམ་པ་ནག་པོ་དང་སྤྱོད་པ་རྩུབ་པོས་བསླངས་པའི་སློབ་མའི་ལུས་སེམས་རྨ་ཁ་འཇོག་རྒྱུ་ཇེ་མང་ཇེ་སྡུག་ཏུ་སོང་བས། འདི་ལྟར་འབྲི་དགོས་པ་དེ་ཁོང་གི་བསམ་སྤྱོད་ལ་ཚོད་འཛིན་བྱེད་མཁན་མེད་པས་ཡིན་ལ། ཐོག་མའི་གླེང་སློང་གི་དགོས་དོན་སྙིང་བོའང་ཡིན་ནོ།།

༡༽ ངང་རྒྱུད་ཐུང་བའི་སློབ་སྤྱི།

དོན་ཆེན་སྒྲུབ་ན་ངང་རྒྱུད་རིང་དགོས་ཞེས་པའི་གཏམ་དཔེ་ལྟར། སློབ་སྤྱི་ཞིག་གི་ལས་འགན་གྱི་ཆ་ནས་གཞིགས་དུས། གལ་ཆེན་རང་བཞིན་དང་འགན་འཁྲི་ལྕི་མོ་ཞིག་ཡོད་པ་རེད། དེས་ན། སློབ་སྤྱི་སུ་ཞིག་གིས་རང་བབ་འོས་འགན་དེ་སྒྲུབ་སྐབས། ངེས་པར་དུ་ངང་རྒྱུད་རིང་དགོས་པ་མ་ཟད། ངང་རྒྱུད་འཇམ་པོ་ཞིག་ཀྱང་དགོས་པ་ནི། སློབ་སྤྱི་དེའི་ལས་དོན་མངོན་གྱུར་ཡོང་ཐབས་ཀྱི་མ་མཐའི་ཆ་རྐྱེན་ཞིག་རེད་མོད། ཡིན་ནའང༌། ད་ལྟ་ངས་གླེང་གཞིར་གྱུར་པའི་སློབ་སྤྱིར་མཚོན་ན། ངང་རྒྱུད་རིང་བོའི་བསམ་སྤྱོད་ཅིག་ཡོད་པ་ལྟ་ཞོག ཐ་ན་ངང་རྒྱུད་འཇམ་པོའི་གཤིས་ཀ་ཞིག་ཀྱང་མ་མཆིས། གང་གིས་ཟེར་ན། ཁོང་གིས་ལས་དོན་ཆེ་ཆུང་གང་ཞིག་བརྩམས་དང་རྩོམ་བཞིན་པའི་སྐབས་འདིར། བསམ་ཤེས་དང་བཟོད་སེམས། བསྟུན་ཤེས་དང་གུ་ཡངས་སོགས་ཅི་ཡང་མེད་པར་རང་སྣང་གང་ཤར་གྱིས་འཇུག་རྩོམ་བྱེད་རྐྱང་ཡིན་པ་དང༌། ད་དུང་སྔ་ཕྱིར་རྒྱང་གཟིགས་མི་བྱེད་པས་སྟོབས་ལས་ནོར་སྐྱོན་གྱི་ཕྱོགས་གང་མང་ཞིག་གི་གཡང་གཟར་ནང་དུ་ལྷུང་གྲབས་བྱེད་དུས། ལྷག་བསམ་དང་དཔྱོད་ལྡན་འགའ་རེས་འགྲིགས་མིན་དང་ལེགས་མིན་གྱི་དྲང་མོའི་བསམ་ཚུལ་ཕུལ་སྐབས། གློ་བུར་དུ་མེ་དཔུང་དམར་བོ་ཞིག་གི་མེ་ལྕེ་དགུང་ལ་འཕྱུར་བ་ནང་བཞིན། ཁོང་ཁྲོའི་གཞན་དབང་དུ་སོང་སྟེ། ཞལ་མདོག་དམར་ནག་ཏུ་གྱུར་པ་མ་ཟད། ལྟ་ན་མི་བཟོད་པའི་རྣམ་འགྱུར་དང་གཤིས་སྤྱོད་རྩུབ་པོ། བློ་སྣ་ཐུང་བའི་རང་མཚང་ལྷུང་ལ་བུད་པ་སྟེ། སློབ་སྤྱི་ཁོང་གི་ངང་རྒྱུད་ཐུང་བའི་མཚོན་ཚུལ་ཞིག་མ་ཡིན་ནམ།

དེ་ལས་མང་བ་། “སློབ་སྤྱི་ཞིག་གླེང་བ།” »

སྣ་ཚོགས།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་བོད་རྩོམ་འདེམས་ཀློག་གི་གསལ་བསྒྲགས།

Posted on 2009-09-11 By དགེ་རབ་ 20 Comments on ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་བོད་རྩོམ་འདེམས་ཀློག་གི་གསལ་བསྒྲགས།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་བོད་རྩོམ་འདེམས་ཀློག་གི་གསལ་བསྒྲགས། ཀློག་མཁན། བྱམས་པ་དགེ་ལེགས་(གཅན་རང་སད།)། བཀླག་བྱ། སྤྲིན་གྱི་ཕོ་ཉའི་ཤོ་ལོ་ཀ་འགའ། (ཞོར་དུ་སྤྲིན་གྱི་ཕོ་ཉས་བོད་ཀྱི་རྩོམ་རིག་ལ་ཤུགས་རྐྱེན་ཅི་ཐེབས་སྐོར་ལ་གླེང་མོལ།) ཀློག་དུས། གཟའ་སྤེན་པ། ཟླ་ ༩ བའི་ཚེས་ ༡༢ ཀྱི་ཕྱི་དྲོ་དུས་ཚོད་༣་་པ་ནས་ ༤།༣༠ བར།…

དེ་ལས་མང་བ་། “ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་བོད་རྩོམ་འདེམས་ཀློག་གི་གསལ་བསྒྲགས།” »

གསལ་བསྒྲགས།

ལོ་ཙཱ་བ་ཆེན་པོ་དགེ་འདུན་ཆོས་འཕེལ་སྐོར་གྱི་དྲན་ཤེས་ཐོར་བུ།

Posted on 2009-09-112009-09-14 By tenzin 17 Comments on ལོ་ཙཱ་བ་ཆེན་པོ་དགེ་འདུན་ཆོས་འཕེལ་སྐོར་གྱི་དྲན་ཤེས་ཐོར་བུ།

འཇམ་དབྱངས་ནོར་བུ། བདག་གི་ཡུམ་ཆེན་བློ་དྲི་ལྷ་དབང་ཉིད་བཀྲས་ཐོང་གིས་གསུངས་པ་ལྟར་ལྷུག་པོར་བཀོད་པ།དགེ་འདུན་ཆོས་འཕེལ་ལགས་དང་ང་རང་མཐའ་མའི་ཐུག་འཕྲད་བྱུང་ནས་ད་བར་ལོ་མང་པོ་འདས་ཟིན་པ་རེད། ཕལ་ཆེར་མི་ལོ་དྲུག་ཅུ་ལྷག་སོང་ཡོད་ཚོད་འདུག དེ་ལྟར། ང་རང་ལ་དྲན་པ་ཞེ་དྲག་མི་འདུག ང་རང་ཁོང་ལ་ཐེངས་ཁ་ཤས་ལས་ཐུག་མ་མྱོང་ལ། དེ་དུས་ཀྱང་ཕན་ཚུན་གུས་ཞབས་དང་ལྡན་པའི་བཀའ་མོལ་ཙམ་ཞུས་པ་རེད། དགེ་འདུན་ཆོས་འཕེལ་ལགས་ནི་ངའི་ཇོ་ལགས་བསོད་ནམས་སྟོབས་འབྱོར་ལགས་ཀྱི་མཛའ་གྲོགས་དང་ཤེས་གྲོགས་རེད། ཇོ་ལགས་ཀྱིས་དགེ་ཆོས་ལགས་ལ་ཧ་ཅང་མཉེས་པོ་དང་བརྩི་བཀུར་ཞུ་བ་མ་ཟད། རྟག་ཏུ་ཁོང་གི་སྐོར་ང་ལ་གསུངས་ཀྱི་ཡོད། དམིགས་བསལ་ཁོང་གཉིས་བཀའ་མོལ་ལྷུག་པོ་ཞིག་བྱུང་རྗེས། དེ་ལྟར་དགེ་འདུན་ཆོས་འཕེལ་ལགས་ནི་ང་ཚོའི་གཟིམ་ཤག་དང་གཟིམ་ཤག་གི་བཀའ་མོལ་ནང་རྟག་ཏུ་ཡོད་ཡོད་པ་རེད། ངའི་ཇོ་ལགས་ཁོང་ནི་སེམས་ལྤགས་སྲབ་ལ། སློབ་གཉེར་ཁོ་ནར་བརྩོན་པ། རང་གཤིས་འཇམ་པ།…

དེ་ལས་མང་བ་། “ལོ་ཙཱ་བ་ཆེན་པོ་དགེ་འདུན་ཆོས་འཕེལ་སྐོར་གྱི་དྲན་ཤེས་ཐོར་བུ།” »

དཔྱད་རྩོམ།

བུད་མེད་ཀྱི་ན་ཟུག

Posted on 2009-09-11 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 19 Comments on བུད་མེད་ཀྱི་ན་ཟུག

ཉི་མ་འཚོ༌། ནོར་གླིང༌།

བུད་མེད་ལགས། ཁྱེད་ལ་སྐྲ་རིང་མ་དང་བློ་ཐུང་མ་ཞེས་འབོད་དུས། ཁྱེད་ལ་ཁབ་མགོས་བཙུགས་པ་ལྟ་བུའི་ན་ཟུག་སྐྱེས་ཨེ་མྱོང༌། ཁྱེད་ལ་དགྲ་བོས་གཤེ་བ་ལྟར་གྱི་ཁོང་ཁྲོ་ཟ་ཨེ་མྱོང༌། སྐྲ་རིང་བ་ནི་ངའི་མཛེས་སྡུག་གི་ཆ་ཤས་ཤིག་ཡིན་པས་ཁྱེད་ཀྱི་བདེ་སྐྱིད་ཀྱི་ལོངས་སྤྱོད་ཅིག་དང༌། བློ་ཇི་ལྟར་བློ་ཐུང་ན་ཁྱེད་ཀྱང་ང་དང་མིའི་རིགས་གཅིག་མཚུངས་ཡིན་པས་བློ་ཐུང་ཐུང་ལས་ཆུ་རྒྱུན་བཞིན་རིང་མོ་ཞིག་གཏན་ནས་ཡོད་མི་སྲིད་ཅེས་དྲང་བདེན་གྱི་གནས་ལུགས་ཤིག་བཤད་འདོད་སྐྱེས་མྱོང་ངམ།

དེ་ལས་མང་བ་། “བུད་མེད་ཀྱི་ན་ཟུག” »

རྩོམ་རིག

ཀླུ་སྨྱོན་རིན་པོ་ཆེར་ཞུ་ཡིག

Posted on 2009-09-11 By དབང་ཕྱུག་ 19 Comments on ཀླུ་སྨྱོན་རིན་པོ་ཆེར་ཞུ་ཡིག

བསྟན་འཛིན། ཀླུ་སྨྱོན་ལགས་ཀྱིས། ༼རང་རེའི་སྤྱི་ཚོགས་ཁྲོད་བུད་མེད་རྩོམ་པ་མོ་ཉུང་སྐྱོན་འདུག སྐྱེས་པ་རྩོམ་པ་པོ་མང་སྐྱོན་འདུག༽ ཅེས་པའི་བསམ་ཚུལ་ཐུང་ངུ་ཞིག་སྤེལ་བ་འདིར་གནད་འགག་ཡོད་ཀྱི་རེད་དེ། དགོངས་ཚུལ་གྱི་གཤོག་པ་རིང་དུ་བརྐྱངས་ཏེ། ༼མང་དྲགས་འདུག་མི་འདུག་དུས་བབ་ཟིན་བྲིས་ཚང་ལ་ཕེབས་དང་མཁྱེན་གྱི་རེད༽ཅེས་གསུངས་འདུག འདི་ནི་ངས་ལགས་སོ་ཞུ་མི་ཐུབ་པའི་གསུང་ཚིག་ཅིག་རེད། ཁྱེད་རང་ལ་བཀའ་འདྲི་ཞིག་ཞུ་རྒྱུར། ཁྱེད་རང་ནི་དུས་བབ་ཟིན་བྲིས་ནང་གཞོན་སྐྱེས་མཁས་པ་ཞིག་ལབ་ནའང་འདྲ། རྩོམ་པ་པོ་རྒན་གྲས་ཤིག་ལབ་ནའང་འདྲ། ཁྱེད་རང་དུས་བབ་ཟིན་བྲིས་ནང་ཞུགས་ཤིང་བཞུགས་མུས་སུ་ཡོད་མཁན་ཅིག་གི་ངོས་ནས། དུས་བབ་ཀྱི་ཟིན་བྲིས་པ་འདི་ཚོའི་ཤེས་དཔྱོད་ཀྱི་ཚད་དང༌། བསམ་བློའི་གཞི་རྒྱ། དམིགས་ཕྱོགས་ཀྱི་ཚད་བཅས་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པ་ཞིག་རེད།…

དེ་ལས་མང་བ་། “ཀླུ་སྨྱོན་རིན་པོ་ཆེར་ཞུ་ཡིག” »

འཕྲིན་ཡིག

ཞིང་ལྗོངས་ལྔས"འཆལ་རྡུང་ལོག་སེལ"གྱི་མཉམ་འགུལ་ལམ་སྲོལ་གཏོད་རྒྱུ་ཡིན་ཟེར།

Posted on 2009-09-10 By No Comments on ཞིང་ལྗོངས་ལྔས"འཆལ་རྡུང་ལོག་སེལ"གྱི་མཉམ་འགུལ་ལམ་སྲོལ་གཏོད་རྒྱུ་ཡིན་ཟེར།

སྤེལ་དུས། 2009-09-10   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཞིང་ལྗོངས་ལྔ་ཡིས་ཞིང་ལྗོངས་ལས་བརྒལ་བའི“འཆལ་རྡུང་ལོག་སེལ”ཐད་མཉམ་ལས་བྱེད་པའི་ལམ་སྲོལ་གཏོད་ནས་གཙོ་གནད་ཁྲིམས་འགལ་པར་སྐྲུན་དངོས་པོ་གཞུང་བཞེས་གཏོང་བ་དང་ཞིབ་བཤེར་ནན་པོ་བྱེད་པ་དང་ཁྲིམས་འགལ་གྱི་པར་མ་དང་པར་དབང་རྐུ་རིགས་ལ་རྡུང་རྡེག་ནན་པོ་གཏོང་བའི་བྱེད་སྒོ་སྤེལ་ཏེ་རིག་གནས་ཁྲོམ་རའི་ཁོར་ཡུག་ཁྱོན་ཡོངས་ནས་གཙང་མ་བཟོ་རྒྱུ་ཡིན་པ་རེད། ཚེས་༦ཉིན་ལྷ་སར་སྐོང་ཚོགས་བྱས་པའི་ཞིང་ལྗོངས་ཁ་ཤས་ཀྱི“འཆལ་རྡུང་ལོག་སེལ”བཞུགས་མོལ་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་ཞིང་ལྗོངས་ལྔས་ཁྲིམས་འགལ་གྱི་པར་དངོས་རྩིས་ལེན་དང་རྩ་མེད་བཟོ་བ་དང་པར་སྐྲུན་དངོས་པོའི་ཁྲོམ་ར་གཙང་བཤེར་དང་དག་ཐེར་བྱེད་པ་སོགས་ཀྱི་བྱ་སྤྱོད་ཁྲོད་གྲུབ་འབྲས་ངེས་ཅན་ཐོབ་ཡོད་མོད། འོན་ཀྱང་རིག་གནས་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་པ་དང“འཆལ་རྡུང་ལོག་སེལ”བྱེད་པའི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད། ཚོགས་འདུའི་ཐོག་བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཞིང་ལྗོངས་ལྔས“འཆལ་རྡུང་ལོག་སེལ”གྱི་མཉམ་འགུལ་ལམ་སྲོལ་གཏོད་དེ་ཞིང་ལྗོངས་ཁག་གི“འཆལ་རྡུང་ལོག་སེལ”གྱི་ལས་དོན་ཁྲོད་ཆ་འཕྲིན་འབྲེལ་མཐུད་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་དང་ཁྲིམས་འགལ་གྱི་པར་སྐྲུན་དངོས་པོ་དང་པར་དབང་རྐུས་པའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་སྐབས་བྱ་སྤྱོད་མཉམ་དུ་སྤེལ་བ་དང་སྦྲགས་ཞིང་ལྗོངས་བརྒལ་ནས་མཉམ་འབྲེལ་ཐོག་གྱོད་གཞི་ཞིབ་གཅོད་བྱས་ཏེ་མགྱོགས་ལ་ལས་ཆོད་ཆེ་བ་དང་རྡུང་རྡེག་གནད་ལ་འཕིགས་པའི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱ་རྒྱུའི་གྲོས་ཐག་བཅད་པ་རེད།

གསར་འགྱུར།

ང་ནི་ཡུལ་གྱར་བ་ཞིག་ཡིན།

Posted on 2009-09-10 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 13 Comments on ང་ནི་ཡུལ་གྱར་བ་ཞིག་ཡིན།

ཉི་མ་འཚོ། ནོར་གླིང༌།

ང་ནི་ཡུལ་གྱར་བ་ཞིག་ཡིན། ང་ལ་ཁེར་རྐྱང་གི་སུན་སྣང་ཡོད། ང་ལ་དྲན་གདུང་གི་སྨྲེང་བ་ཡོད། ངས་རང་གི་འགྲུལ་བཞུད་ལ་བརྟེན་ནས། ས་མཐའ་ནས་ས་མཐའ་དེད་དེ། གནས་ལུགས་ཤིག་འཚོལ་གྱི་ཡོད། ང་ལ་མཚན་མོ་ལས་ལྷག་པའི་འཇིག་རྟེན་ཞིག་མེད་ནའང༌། ངས་རང་གི་ཚོར་བ་ལ་བརྟེན་ནས། མདའ་མོ་བཞིན། མུན་པའི་འཇབ་རྒོལ་གཤེགས་ཏེ། མི་ཡུལ་གྱི་མཐོ་སར་འབུད་ཀྱི་ཡོད།

དེ་ལས་མང་བ་། “ང་ནི་ཡུལ་གྱར་བ་ཞིག་ཡིན།” »

རྩོམ་རིག

དགེ་སློང་ཞིག་

Posted on 2009-09-092009-09-10 By དགེ་རབ་ 4 Comments on དགེ་སློང་ཞིག་

མ་མཐའ་ལ་ཡང་ལོ་ངོ་ ༥༠༠ འགོར་བའི་ནང་པའི་དགེ་སློང་ཞིག་གི་བེམ་པོ་འདི་བཞིན་རྒྱ་གར་ཧི་མ་ཅལ་མངའ་ སྡེའི་གེའུ་གྲོང་གསེབ་ནས་རྙེད་པ་རེད་ཟེར་ལ། རྒྱ་བོད་མཐའ་མཚམས་ཉེན་རྟོག་པས་རྙེད་པ་རེད་ཅེས་བཤད་འདུག People look at a mummy of a Tibetan Buddhist monk…

དེ་ལས་མང་བ་། “དགེ་སློང་ཞིག་” »

གསར་འགྱུར།

ངས་དུག་འཐུང་ནས་འཆི་ཐབས་བྱེད་ཀྱི་ཡིན་ཟེར།

Posted on 2009-09-09 By དགེ་རབ་ 20 Comments on ངས་དུག་འཐུང་ནས་འཆི་ཐབས་བྱེད་ཀྱི་ཡིན་ཟེར།

གཉན་མདང་ཕོ་ཉ།
————
༄༅། །ཕྱི་ལོ་༢༠༠༨་ཟླ་བ་༤་ཚེས་༡༡་དགོང་མོར་ང་རང་གཉིད་ནས་ཡོད། འོན་ཀྱང་ངའི་འཁྲིས་ཀྱི་ཁ་པར་ལས་སུ་ཞིག་གིས་ཁྱོད་ལ་ཁ་པར་སླེབས་སོང་བའི་བརྡ་གཏང་བྱུང་། ངས་ཁ་པར་བླངས་ནས་ཉོན་དུས་ངའི་ནམ་རྒྱུན་གྱི་གྲོགས་པོ་ཞིག་ཡིན་པ་ཤེས། དེ་དུས་ངས་ཆུ་ཚོད་ལ་བལྟ་དུས་མཚན་མོའི་ཆུ་ཚོད་ ༡༡ རེད་འདུག དེ་ནས་ངེད་གཉིས་ཀྱིས་བརྗོད་གཞི་འདྲ་མིན་ཐོག་མཚན་གུང་ཆུ་ཚོད་དང་པོའི་བར་གཏམ་གླེང་ལྷུང་པོར་བྱུང་། དེའི་རིང་ཁོང་དང་ངས་སེམས་ ཚོར་མི་ཉུང་བ་ཞིག་གླེང་རེས་བྱས་པའི་བར་མཚམས་ཞིག་ལ། ང་གཉིས་ཀྱིས་ནམ་ཞིག་འཆི་ངེས་པའི་དུས་དེར་ཇི་ལྟར་འཆི་སྲིད་པའི་སྐོར་ལ་སྐད་ཆ་བྱས། མཚམས་དེར་ངས་ཧང་སངས་པའི་གནས་ཚུལ་ཞིག་ཐོས་བྱུང་།

༼གྲོགས་པོ་ལགས། ཁྱེད་ཀྱིས་ཡི་གེ་འདི་འདི་ནས་ཀློག་མཚམས་བཞག་སྟེ། དེ་ཅི་ཞིག་ཡིན་པའི་ཐོག་ལ་ཚོད་དཔག་ཞིག་གནང་དང།༽ ་་་་་་་་་་་་་་་་་་་་་་་་་་་་་་

དེ་ལས་མང་བ་། “ངས་དུག་འཐུང་ནས་འཆི་ཐབས་བྱེད་ཀྱི་ཡིན་ཟེར།” »

རྩོམ་རིག

དུར་དུག་(Turtuk) གིས་བོད་ལ་དཔྱ་ཁྲལ་འཇལ་དགོས་པ་རེད།

Posted on 2009-09-08 By དགེ་རབ་ 2 Comments on དུར་དུག་(Turtuk) གིས་བོད་ལ་དཔྱ་ཁྲལ་འཇལ་དགོས་པ་རེད།

གཅན་བཟོད་རྒྱམ།
————-
ཁ་སྔོན་ངས་ལ་དྭགས་ཕྱོགས་སུ་འགྲུལ་བསྐྱོད་བྱས་པའི་ཟིན་ཐོ་ཞིག་མུ་འགོད་བྱེད་བཞིན་ཡོད་མོད། འོན་ཀྱང་ཁ་བརྡ་དྲ་ཐོག་ནས་Turtuk (དུས་རབས་ཉི་ཤུ་བའི་འཇར་མན་གྱི་བོད་རིག་པའི་མཁས་དབང་ A.H.Franckeཡིས་དེབ་ནང་དུ་turuk ཞེས་བྲིས་འདུག་པ་དང་གཅིག་ཡིན་ནམ་བདག་སྣམ་མོད་དཔྱད་པར་ཞུ།) དུར་དུག་གི་སྐོར་གྱི་རྩོམ་ཡིག་དང་མཆན་བུ་འགའ། ད་དུང་དྲ་ཐག་རེའང་མཐོང་བྱུང་བར་བསམ་ཚུལ་ཅུང་ཙམ་ཞུ་འདོད་བྱུང་།

སྤྱིར་ དུར་དུག་ཅེས་པའི་ཡུལ་འདིའི་མིང་བོད་ཡིག་ཐོག་ཏུ་ཇི་ལྟར་འབྲི་པ་ད་སྔོན་ཡིག་ཆ་ གང་ནས་ཀྱང་མ་མཐོང་བས་འདིར་དབྱིན་ཡིག་གི་སྒྲ་གདངས་ཅི་ཐོན་དུ་བྲིས་ཡོད། ལ་དྭགས་པ་དང་སྦལ་ཏེ་པ་ཚོའི་ངག་ལས་ཀྱང་དུར་དུག་འདྲ་བའི་སྒྲ་ཞིག་ཐོན་ཡོང་གི

དེ་ལས་མང་བ་། “དུར་དུག་(Turtuk) གིས་བོད་ལ་དཔྱ་ཁྲལ་འཇལ་དགོས་པ་རེད།” »

གསར་འགྱུར།

སེམས་་་་་་་་་་་

Posted on 2009-09-08 By དགེ་རབ་ 3 Comments on སེམས་་་་་་་་་་་

རིན་ཆེན་ནས། ——— ཚེ་སྲོག་གི་གྱ་གྱུའི་གྱི་རྐང་ལམ་ཕྲ་མོ་འདི་ན་་་་་་་་་ ཆོས་དང་འཇིག་རྟེན་གྱི་རྣམ་བཞག་མང་པོའི་རྫུན་རྐུབ་མཐོང་བས་་་་་་་་་ བདེན་རྫུན་དང་ལེགས་ཉེས་སོགས་ཀྱི་བླང་དོར་ཞིག་རལ་དུ་སོང་བ་འདིས་་་་་་་ དེ་སྔ་གོ་མྱོང་པའི་འཁོར་འདས་དགེ་སྡིག་ལས་འབྲས་སོགས་ ཀྱི་རྣམ་གཞག་དེ་དག་ལས་འདས་བའི་ཁྲ་ཁྲ་སིང་སིང་གྱི་ཁམས་བཞི་པའི་མཇལ་ཁ་ད་གཟོད་ ཐོབ་་་་་་་་་་ ལུང་དང་རིག་པ་གཉིས་ལས་རིག་པ་གཙོ་ཤེས་བྱ་དང་ཉམས་མྱོང་ གཉིས་ལས་ཉམས་མྱོང་གཙོ་ལྟ་བ་དང་སྤྱོད་པ་གཉིས་ལས་ལྟ་བ་གཙོ་རང་དང་གཞན་གཉིས་ལས་ རང་གཙོ་བའི་ལྟ་ཚུལ་བཟང་ངན་གང་ཡིན་བརྗོད་དཀའ་བ་ཞིག་གི་བློ་བསྐྱེད་ རྙེད་་་་་་་་་་་་་་་་ འདི་ནས་རྒྱ་ཡོངས་སུ་ཡངས་པའི་འཇིག་རྟེན་ལ་ལྟད་མོ་ཞིག་ བལྟས་པས་བཟང་པོ་ཡིན་ན་བརྒྱ་ཆ་བརྒྱ་ཐམས་པ་བཟང་བ་དང་ངན་པ་ཡིན་ན་བརྒྱ་ཆ་བརྒྱ་ ཐམས་པ་ངན་དགོས་པ་གཞིར་བཅས་པའི་བག་ཆགས་ཀྱི་འཆིང་རྒྱ་ཞིག་་་་་་་་་་་་་་་་…

དེ་ལས་མང་བ་། “སེམས་་་་་་་་་་་” »

སྙན་ངག

Posts pagination

Previous 1 … 848 849 850 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (23)
  • ན་ཟུག (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme