རྔ་བ་རྒྱལ་ཁམས་པ།
———————-
སེམས། དག་སྣང་གི་ཞིང་ཁམས་རབ་འབྱམས་འབྱུང་བའི་གནས།
སེམས། བདེ་སྡུག་གི་ཚོར་བ་སྣ་ཚོགས་འཇོག་སའི་གཞི།
སེམས། རྣམ་རྟོག་འགྱུ་བ་མཚོ་ལྟར་འཕྱུར་བའི་ཁུངས།
སེམས། སྣང་སྲིད་ཀྱི་ཆོས་ལ་ཐོགས་མེད་འཇུག་པའི་མདའ།
སེམས། བདེན་རྫུན་གྱི་རྣམ་བཞག་རི་ལྟར་བརྩེགས་པའི་རྫོང་
སེམས། ཡག་བཙོག་གི་འདྲ་འབག་ངེས་མེད་གྱོན་པའི་གར།
སེམས། ཤེས་རིག་བང་མཛོད་གཅལ་དུ་བཀྲམས་པའི་མཛོད།
སེམས། མུན་ནག་གི་ནང་ན་གློག་ལྟར་འཚེར་བའི་འོད།
སེམས། འཇིག་རྟེན་གྱི་རྣམ་བཞག་རྒྱས་པར་རྩོམ་པའི་གཞུང༌།
སེམས། ཁྱོད་ཡོད་སྟབས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའང་ཡོད།
བརྩེ་དུང་གི་གློག་བརྙན་གསར་པ་”དམ་བཅའ་”ཞེས་པའི་སྟོད་ཆ་ལ་བགྲོ་གླེང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨ་མདོའི་སྐད་ཀྱི་”བུད་མེད”་ཅེས་པའི་ལེ་ཚན་དེའི་ནང་དུ། བོད་ནང་དུ་འཁྲབས་པའི་”དམ་བཅའ”་ཟེར་བའི་ཕོ་མོའི་བརྩེ་དུང་སྐོར་གྱི་གློག་བརྙན་དེ་དང་འབྲེལ་ནས་བོད་མིའི་སྤྱི་ཚོགས་ཁྲོད་ཕོ་མཆོག་མོ་དམན་གྱི་སྲོལ་རྒྱུན་བསམ་བློའི་འཛིན་སྟངས་སྐོར་ལ། ཁེ་ན་ཌར་གཏན་སྡོད་རང་དབང་རྩོམ་འབྲི་བ་མདའ་ཚན་པ་མགོན་པོ་ཚེ་རིང་ལགས་དང་ལྷན་དུ། གསར་འགོད་པ་རྡོ་རྗེ་མཚོས་བགྲོ་གླེང་ཞུས་བ་ཞིག་འདི་རུ་གསན་ཐུབ་པ་འདུག འདི་ལ་བསྣུན་ནས་གསན་རོགས།




