བོད ལྷ་ཀླུ་གཉན་གསུམ།
དེང་སང་བོད་མི་དག་རང་ས་ནས་བོད་མི་ཡིན་ཟེར་དབང་མེད་པའི་དུས་ཚོད་ཅིག་ཤར་གྱི་ཡོད་པ་འདིས། རྒྱ་ནག་སྲིད་གཞུང་གིས་བོད་མི་རིགས་ཟེར་བ་ཞིག་གཏན་ནས་མེད་པར་གཏོང་འདོད་ཀྱི་སྲིད་ཇུས་ཆེས་གཡོ་ཐབས་ཅན་དེ་ལ་ངེད་ཅག་གངས་ཅན་པ་གཞིས་བྱེས་གཉིས་ལས་བྱེས་དང་རང་དབང་ལུང་པ་རུ་ཡོད་མཁན་གྱི་བོད་རིགས་སྤུན་ཟླ་དག་གིས་རང་ཉིད་བོད་མི་ཡིན་པ་དང་། བོད་མི་རིགས་འདི་ནི་རྒྱ་མི་རིགས་དང་དུས་དང་རྣམ་པ་ཀུན་དུ་སྐད་དང་ཆ་ལུགས་སོགས་གང་ཅིའི་ཐད་ནས་མི་འདྲ་བའི་སྐོར་གླེང་དགོས་ཀྱི་འདུག་པ་མ་ཟད། རང་ཉིད་ནས་ཀྱང་རང་ཉིད་བོད་མི་ཚད་ལྡན་ཞིག་ཡོང་བ་ལ་འབད་བརྩོན་ལྷོད་མེད་བྱེད་པ་དང་། ཐ་ན་རང་གི་བུ་ཕྲུག་དག་ལ་ཡང་། བོད་མི་རིགས་ནི་རང་གི་ཁྱིམ་ཚང་ལས་ཀྱང་གལ་ཆེ་བ་དང་། རང་གི་སྐད་ཡིག་ནི་མི་རིགས་གཞན་དག་གི་སྐད་ཡིག་ལས་ཀྱང་ཆེས་གལ་ཆེན་ཡིན་པའི་བསླབ་བྱ་རྒྱག་པ་དང་མི་རིགས་ཤིག་འཆི་གསོན་གྱི་མཚམས་འདིར་ང་ཚོ་ལ་འཁྲི་བའི་ལས་འགན་དག་ཉིན་མཚན་གང་ཡོད་ལ་འགྲེལ་བཤད་རྒྱག་པ་དེར་འགོར་བ་མང་མེད་ན་གཏན་ནས་སྔ་མེད་པ་ཤེས་རན་རེད་འདུག





