མི་རྐང་གླིང་བུ།
སྒ་རྭ་ཉག་དགོན་པའི་གོད་ཆག
ད་ཐེངས་ཀྱི་ས་ཡོམ་གྱི་ཆག་སྒོ་འདིས་སྒ་སྐྱེ་དགུ་མདོ་གཙོས་པའི་གྲོང་དང་གྲོང་ཁྱེར། དགོན་སྡེ། ལྷ་ཁང། འབྲོག་ས་སོགས་ཁུལ་དེའི་མི་རྒྱུ་གཉིས་ཀྱི་འབྱུང་ཁུངས་ཡོངས་ལ་གོད་ཆག་ཧ་ཅང་ཚབས་ཆེན་ཕོག་ཡོད་པ་ནི་གསལ་བཤད་མ་དགོས་པ་ཞིག་རེད། དེའི་ནང་གི་སྒ་རྭ་ཉག་དགོན་ཕུན་ཚོགས་ཐེག་ཆེན་གླིང་གི་དགོན་ས་གསར་པ་དེར་གཏོར་སྐྱོན་ཚབས་ཆེན་ཐེབས་ནས་གྱོང་གུད་ཧ་ཅང་ཆེན་པོ་ཕོག་ཡོད་པ་རེད། དེ་ཡང་སྒ་རྭ་ཉག་དགོན་པ་འདི་ནི་མདོ་ཁམས་སྒ་པའི་ཡུལ་གྱི་ལོ་རྒྱུས་ཧ་ཅང་རིང་བའི་དགེ་ལུགས་དགོན་པ་ཞིག་རེད།
