རྔ་བ་རྒྱལ་ཁམས་པ།
སའི་གོ་ལས་ཉི་ཁྱིམ་བགྲོད་ཕྱོགས་ལ་འགྱུར་བ་བྱུང་བ་ལས། གདོད་མའི་འཁྱག་དུས་ཆེན་མོ་དེ་བྱུང་བ་ཡིན་ཞེས་ཤོད་མཁན་ཡོད། འཁྱག་དུས་ཐ་མ་ནི་ཕལ་ཆེར་སྤྱི་ལོ་སྔོན་གྱི་ལོ(1,6000)ཡས་མས་ཤིག་ཏུ་བྱུང་བར་སྣང་ལ། དེ་ནི་འདས་པའི་མི་ལོ་དུང་ཕྱུར་2.3ལྷག་གི་ནང་བྱུང་བའི་ཆེས་ཉེན་ཚབས་ཆེ་ཤོས་ཀྱི་གནམ་གཤིས་འགྱུར་ལྡོག་ཅིག་ཡིན་པར་གྲགས། རང་བྱུང་གི་འགྱུར་བ་དེ་བྱུང་སྐབས། སའི་གོ་ལ་འདིའི་ལྷོ་བྱང་གི་སྣེ་གཉིས་བསམ་ཡུལ་ལས་འདས་པའི་གྲང་ངར་ཆེན་པོས་བཟུང་ཞིང་། ཁ་ཆར་བུ་ཡུག་གི་འཚུབ་མ་གློག་ལྟར་འཁྱུགས། མེ་རི་འཕྱུར་བའི་ཚ་རླབས་ཀྱིས་ཀྱང་བཞུ་བར་དཀའ་བའི་འཁྱག་རོམ་ཆེན་པོ་དག་རིམ་པར་ཆགས། རྒྱ་ཇེ་ཆེ་ནས་ཇེ་ཆེར་སོང་མཐར། (Arctic Ice Cap)སའི་གོ་ལའི་ལྷོ་རྒྱུད་ནས་ཡོ་རོབ་བྱང་མ་དང་། ཨེ་ཤ་ཡའི་ས་ཁུལ་ཧྲིལ་བོ། ཁ་ན་ཏྲ་གཙོ་བོར་གྱུར་པའི་བྱང་ཨ་རིའི་ས་ཁུལ་ཕལ་ཆེར་འཁྱག་རོམ་གྱི་འོག་ཏུ་མནན། གཙང་བོ་ཆེ་ཆུང་དང་། མཚོ་དང་མཚེའུ་སོགས་འཁྱག་རོམ་དུ་གྱུར་བས། མཐའི་རྒྱ་མཚོ་རང་ངོས་ནས་ཕི་ཁྲུ་སུམ་བརྒྱ་༼མེ་ཏྲར་དགུ་བཅུ་༽ལྷག་མར་འབྲུབ་ནས། བྱང་ཨེ་ཤ་ཡ་དང་ཨ་མེ་རི་ཁའི་བྱང་རྒྱུད་ཀྱི་ས་ཁུལ་ཨ་ལ་སི་ཀ(Alaska)གཉིས་ཀྱི་བར་ཟམ་པ་ལྟ་བུའི་སྐམ་ས་ཆེན་པོ་དག་རིམ་གྱིས་མཚོ་ངོས་ནས་ཕྱི་ལ་ཐོན། དེ་བཞིན་ཨོ་སི་གྲི་ལིའི་ཡ(Australia)དང་། ནོས་སྒོ་ནེའི་ཨ(New Guinea), ཨེན་དྲོ་ནེ་ཤའི་ཡའི་མཚོའི་གླིང་མ་དག(Indonesia Islands)དང་། དབྱིན་ཇིའི་ཨ་སོལ(Isles)གླིང་ཕྲན་སོགས་ཀྱང་མཚོ་ཞབས་ནས་ཕྱི་ལ་ཐོན་ཏེ། སྐམ་ས་ཆེ་ཆུང་མང་བོ་ཁ་བ་ཆེན་པོ་ཞི་བའི་རི་ཀློང་ལྟར་ཕྱོགས་གང་སར་བྱུང་འདུག་གོ།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བང་ཅན་ཅོན་གྱིས་མཚོ་ལྷོ་ཁུལ་གྱི་སློབ་གསོའི་བཅོས་བསྒྱུར་བྱ་བར་རྟོག་དཔྱོད་ཞིབ་འཇུག་བྱས་པ།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བང་ཅན་ཅོན་གྱིས་མཚོ་ལྷོ་ཁུལ་གྱི་སློབ་གསོའི་བཅོས་བསྒྱུར་བྱ་བར་རྟོག་དཔྱོད་ཞིབ་འཇུག་བྱས་པ། http://www.qhtb.cn 2010-10-23 10:46:19.0 ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བང་ཅན་ཅོན་གྱིས་ཉེ་ལམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གསོའི་བཅོས་བསྒྱུར་བྱ་བར་རྟོག་དཔྱོད་ཞིབ་འཇུག་བྱས་པར་མ་ཟད། སོ་སོར་མགོ་ཁྲིད་ལས་བྱེད་པ་དང་སློབ་མའི་འཐུས་མི་རྣམས་དང་བཞུགས་མོལ་བྱས་ནས། སློབ་གསོའི་བཅོས་བསྒྱུར་ལ་ཡར་སྐུལ་དང་ཁྱད་པར་དུ་སྐད་གཉིས་སློབ་གསོ་ཐད་ཀྱི་དཀའ་ཁག་དང་གནས་པའི་གནད་དོན་གནད་སར་བཞག་ནས་རྒྱུས་ལོན་བྱས་ཏེ་གྲོས་གཞི་དང་བསམ་འཆར་ལ་ཉན། ཁོས་སློབ་གསོ་ནི་མི་རིགས་དར་རྒྱས་ཡོང་པའི་རྨང་གཞི་ཡིན་ལ་ཆེས་གལ་ཆེ་བའི་དམངས་ཀྱི་འཚོ་བ་ཞིག་ཀྱང་ཡིན་པས། ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱས་ནས། ཧུར་ཐག་གིས་སློབ་གསོའི་བཅོས་བསྒྱུར་བདེ་ལེགས་ཡོང་བར་སྐུལ་འདེད་བཏང་སྟེ། འབད་བརྩོན་གྱིས་མི་དམངས་ཡིད་ཆེས་པའི་སློབ་གསོ་བཟང་བོར་བསྒྲུབ་དགོས་པ་ནན་གྱིས་བསྟན། བང་ཅན་ཅོན་གྱིས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ནས་སྐད་གཉིས་སློབ་གསོ་གཙིགས་འཛིན་དང་བཅོས་བསྒྱུར་བྱེད་པའི་སྐོར་གྱི་བཀོད་སྒྲིག། ཀྲུང་དབྱང་གི་དགོངས་དོན་དང་མང་ཚོགས་ཀྱི་ཁེ་ཕན་དང་མཐུན་པས། ངེས་པར་དུ་མངོན་སུམ་འཛེམ་མེད་ཀྱིས་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྐད་གཉིས་སློབ་གསོ་ནི་བྱེད་ཐབས་ཞིག་ཡིན་པ་དང་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་དམིགས་འབེན་ཞིག་ཡིན་པས།…
བོད་ཀྱི་རྩོམ་པ་པོ་ཉེར་བདུན་གི་འབོད་སྐུལ།
མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་སློབ་གསོ་ཐུན།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་ཀྱི་རྩ་ཁྲིམས་དོན་ཚན་བཅུ་པའི་ནང་《མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང་ཡོད་པ་དང༌། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྔར་མུས་འཛིན་པའམ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ།》ཞེས་བརྗོད་དོན་ལྟར། བོད་རིགས་ས་ཁུལ་ཁག་གི་ས་གནས་རང་སྐྱོང་ཁག་ལ་མི་རིགས་རང་ཉིད་ཀྱི་སྐད་ཡིག་ལག་བསྟར་བྱེད་རྒྱུའི་དབང་ཚད་ཆ་ཚང་ཡོད་ཆོག་པ་ཡིན་ན་ཐེངས་འདིར་བཙན་དབང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ།
ནང་ཚགས་ཀྱིས་བཙན་བྱོལ་པ་ཚོར་སྐད་ཆ་ཞིག་གླེང་ཡོད།
(བོད་ནང་གི་སློབ་ཕྲུག་ཚོའི་འདུ་ཚོགས་ཁྲོམ་སྐོར་དང་བསྟུན་བཙན་བྱོལ་གཞུང་མང་གིས་ཡིད་གཟབ་བྱ་དགོས་པ་འགའ།)
འགར་ཚེ་རྒྱལ།
ད་རེས་རེབ་གོང་ས་ཁུལ་གྱི་སློབ་ཕྲུག་ཚོས་འདུ་ཚོགས་དང་། ཁྲོམ་སྐོར། ཟིལ་ངོམ་འགོ་འཛུགས་ཀྱི་རྗེས་འབྲེལ་བོད་ཁུལ་གྱི་སློབ་གྲྭ་ཁག་མང་པོ་ཞིག་གིས་ཁྲོམ་སྐོར་བྱེད་བཞིན་པ་དེ་ནི་རྒྱ་ནག་ལ་གཟས་ནས་ཆབ་སྲིད་དང་འགལ་བའི་ཡར་ལངས་བྱས་པ་ཞིག་མ་ཡིན་པར། སློབ་མ་ཚོས་རང་ཉིད་ནི་བོད་མི་རིགས་ཀྱི་མ་འོངས་སོན་རྩ་དང་བོད་ཀྱི་སྐད་ཡིག་རྒྱུན་འཛིན་པ་ཡིན་པ་དེའི་ཐོག་ནས་འགན་ཞིག་འཁུར་ཏེ་རྒྱ་ནག་གི་བཅའ་ཁྲིམས་ལྟར་འདུ་ཚོགས་དང་། ཁྲོམ་སྐོར། ཟིལ་ངོམ་བྱས་པ་ཞིག་རེད། སློབ་ཕྲུག་ཚོས་དེ་ལྟར་འདུ་ཚོགས་ཁྲོམ་སྐོར་བྱེད་དོན་གྱི་གཞི་རྩ་ནི། ལོ་ཤས་ནང་རྒྱ་ནག་གིས་སྐད་གཉིས་སློབ་གསོི་བསྒྱུར་བཅོས་ཞེས་པའི་སྲིད་ཇུས་གསར་པ་ཞིག་བཏོན་ནས་མི་རིགས་རང་གི་སྐད་ཡིག་གི་དགོས་པ་ཆུང་ངུར་བཏང་སྟེ། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་སློབ་གྲྭ་ཁག་གི་བསླབ་གཞིའི་སློབ་དེབ་ཚང་མ་རྒྱའི་སྐད་ཡིག་གི་ལམ་དུ་བསྒྱུར་ནས་འཁྲིད་སྟོན་སློབ་གཉེར་བྱ་དགོས་པའི་འཆར་གཞི་གླེང་སློང་གིས།
དེ་ལས་མང་བ་། “ནང་ཚགས་ཀྱིས་བཙན་བྱོལ་པ་ཚོར་སྐད་ཆ་ཞིག་གླེང་ཡོད།” »
ཞི་རྒོལ་ ལ་བསྐྱར་ཞིབ་དང་ཁ་གསབ།
འཇར་མན་གྱི་གྲོང་ཁྱེར་Munchen ནས་བསོད་ནམས་ཀྱིས།
ཟླ་འདིའི་ཕྱི་ཚེ་༢༡ཉིན་སྔ་དྲོ་ཆུ་ཚོད་བརྒྱད་པ་ཙམ་ལ་རེབ་གོང་རྫོང་དགེ་འདུན་ཆོས་འཕེལ་སློབ་འབྲིང་གི་སློབ་མ་ལྔ་བརྒྱ་ལྷག་ནས་སློབ་གྲྭའི་ནང་སྐད་འབོད་བྱེད་མགོ་བཙུགས་སྟེ་ཞོན་འོང་དཔྱིས་ཞིང་གི་སྲིད་གཞུང་གི་མདུན་དུ་སྐད་འབོད་བྱས་པ་དང་དེ་མུར་རོང་བོ་གྲོང་སྡེ་དུ་བསྐྱོད་པའི་གཞུང་ལམ་བརྒྱུད་ནས་སྤྱི་ལེ་བརྒྱད་ཙམ་གྱི་མཚམས་སུ་སླེབས་དུས་རེབ་གོང་རྫོང་གི་རྫོང་དཔོན་དང་རྫོང་གི་སློབ་གསོ་ལྡེ་ཁག་གི་མགོ་ཁྲིད་གཙོ་བྱས་པའི་གཞུང་འབྲེལ་ལས་བྱེད་མི་སྣ་ཁག་གཅིག་སླེབས་ནས་སློབ་ཕྲུག་རྣམས་བཀག་བགོག་བྱས་པ་དང་མཐར་སློབ་གྲྭར་ལོག་དགོས་པས་བཀའ་བཏང་ནས་སློབ་ཕྲུག་རྣམས་སློབ་གྲྭར་སློག་འདུགདགེ་འདུན་ཆོས་འཕེལ་སློབ་འབྲིང་ནང་འཛིན་གྲྭ་༡༧ཡོད་པ་དང་ཞོ་འོང་གྲོང་སྡེ་ཁག་ལ་དེ་སྔོན་སློབ་གྲྭ་མེད་པའི་ཕྱི་དངུལ་རོགས་རམ་འོག་ལོ་ཤས་གོང་གསར་འཛུགས་བྱས་པ་ཞིག་ཡིན་འདུག
བོད་སྐད་ཡིག་ལ་ཉམས་ཉེས་ཚབ་ཆེན་ཐེབས་བཞིན་པ། བོད་འབྱོར།
ཉེ་ལམ་དྲ་བ་དང་མི་སྒེར་གང་རུང་བརྒྱུད་ནས་ཤེས་གསལ་ལྟར་ན་ད་ལོ་ནས་མགོ་རྩོམ་སྟེ་བོད་ཁུལ་གྱི་ས་གནས་སོ་སོའི་སློབ་གྲྭ་ཁག་ལ་སློབ་ཆུང་ལོ་རིམ་གསུམ་པའི་ཡན་ཆད་དུ་བོད་ཡིག་སློབ་ཁྲིད་ཇེ་ཉུང་དུ་བཏང་བའམ་ཡང་ན་བོད་ཡིག་གཏན་ནས་མི་ཁྲིད་པར་རྒྱའི་སྐད་ཡིག་གཙོ་བོར་བྱེད་དགོས་པའི་བླངས་བྱ་བཏོན་འདུག ངའི་གྲོགས་པོ་སློབ་ཆེན་སློབ་མ་ཞིག་གིས་གསུང་བ་ལྟར་ན་ཁོང་ཚོའི་ཕ་ཡུལ་ནས་ས་ གནས་མགོ་ཁྲིད་ཀྱིས་དེའི་ཐད་ལ་འཐད་པ་ཡིན་མིན་མིང་རྟགས་འགོད་དགོས་གསུང་བཞིན་ འདུག་ཟེར། ང་རང་གི་རེ་བ་ཡིན་ན་བོད་མི་ཚང་མའི་དེ་ལ་དོ་སྣང་བྱས་ནས་གལ་ཏེ་འཐད་མིན་གྱི་ དྲི་བ་ཡོད་ཚེ་ཚང་མས་མི་འཐད་པའི་རེ་བ་བཏོན་ན་འགྲིག་གི་འདུག་བསམ།རྒྱུ་མཚན། འཛམ་གླིང་གི་མཁས་པ་ཚོས་མགྲིན་གཅིག་དང་དབྱངས་གཅིག་གིས་མི་རིགས་ཤིག་གི་ངོ་བོ་ དང་ཡང་ན་མི་རིགས་དེ་ལ་མི་རིགས་ཤིག་གི་ཚད་གཞི་ཚང་མི་ཚང་མི་རིགས་གང་དེའི་རིག་ གཞུང་དང་སྐད་ཡིག་ལ་གཙོ་བོ་རག་ལས་གསུང་བ་བཞིན། ང་ཚོ་བོད་ལ་དུས་རབས་དང་མཐུན་པའི་ཡི་གེ་ཡག་པོ་ཞིག་ཡོད་པ་ཚང་མས་ཤེས་གསལ་རེད། གལ་ཏེ་བོད་ཡིག་སློབ་པའི་གོ་སྐབས་དང་བྲལ་ཚེ་བོད་ཅེས་པ་མིང་གི་ལྷག་མར་གྱུར་ སོང་བ་རེད། སློབ་གསོ་བ་མཁས་ཅན་ནམ་བསམ་བློ་བ་གྲགས་ཅན་ལེ་ཉིན་གྱིས་མི་རིགས་འདྲ་མཉམ་དང་ སྐད་ཡིག་འདྲ་མཉམ་སོགས་ཁས་མ་བླངས་པ་དང་རྒྱུན་འཁྱོངས་མ་བྱས་ན། མི་རིགས་གཉའ་གནོན་དང་འདྲ་མཉམ་མིན་པས་དེ་ལ་འཐབ་རྩོད་མ་བྱས་ཚེ་གནོད་པ་སྐྱེལ་ གྱི་རེད་གསུང་བ་བཞིན།ང་ཚོས་དེ་ལ་ངོ་ཡ་བྱེད་དགོས་པས་ཚད་ལ་ཐོན་ཡོད།
དེ་ལས་མང་བ་། “བོད་སྐད་ཡིག་ལ་ཉམས་ཉེས་ཚབ་ཆེན་ཐེབས་བཞིན་པ། བོད་འབྱོར།” »
སྐད་ཡིག་སྲུང་སྐྱོབ་ཀྱི་ངོ་རྒོལ་ཁྲོམ་སྐོར་ལ་ཐོག་མར་ཐོན་པའི་འབྲས་བུ།
རབ་འབྱོར་ནས།
ཟླ་༩་བའི་ཚེས་༢༠ ཉིན་གྱི་མི་དམངས་ཉིན་རེའི་ཚགས་པར་ཐོག་ལ་བཀོད་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་ཚོགས་ཆེན་ཞིག་གི་ཐོག་ལ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་། མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་གྱི་ཀྲུའུ་རིན་ཆང་ཝེ་ཟེར་བ་ནས་རྒྱ་སྐད་ཀྱི་སློབ་གསོ་གཙོ་བོར་འཛིན་པའི་ཐད་ལ་ “རིམ་པ་སོ་སོའི་འགོ་ཁྲིད་རྣམས་ཀྱིས་བློ་ཐག་རྦད་ཆོད་ཀྱིས་ཐེ་ཚོམ་སྣ་ཚོགས་སེལ་དགོས། གྲངས་ཉུང་མི་རིགས་ཀྱི་སློབ་མ་ལ་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་སྐད་ཡིག་གིས་སློབ་ཁྲིད་བྱེད་པ་གཙོ་བཟུང་བྱས་ན། གྲངས་ཉུང་མི་རིགས་ཀྱི་སེམས་ལ་ཕོག་གི་རེད་བསམ་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་ལ་གནོད་རྒྱུ་རེད་བསམ་པ། སྤྱི་ཚོགས་ཀྱི་ཞི་ལྷིང་ལ་གནོད་ཀྱི་རེད་བསམ་པ་སོགས་ནོར་འཁྲུལ་བསམ་བློ་འདི་དག་སྤངས་ནས།”ཞེས་སློབ་གསོ་ལམ་ལུགས་འདི་ལག་བསྟར་བྱེད་པ་ལ་གྲངས་ཉུང་མི་རིགས་ཀྱི་སེམས་ལ་ཕོག་རྒྱུ་རེད་ཙམ་ཡང་བསམ་མི་ཆོག་པ་དང་། ཐ་ན་རྒྱ་གཞུང་རང་གིས་ལོ་འདི་གའི་རིང་ལ་རྒྱལ་ཐབས་ཀྱི་དོན་ཆེན་ཡང་ཆེན་དུ་བརྩི་བའི་”ཞི་ལྷིང་ “ལ་ཡང་གནོད་རྒྱུ་ཙམ་ཡང་བསམ་མི་ཆོག་པར་རྒྱའི་སྐད་ཡིག་གཙོ་བོར་འཛིན་པའི་སློབ་གསོའི་བྱེད་ཕྱོགས་དེ་ལག་བསྟར་བྱེད་དགོས་ཚུལ་བརྗོད་ཡོད། ཁོས་སློབ་གསོའི་བྱེད་ཕྱོགས་དེ་ནི་“ཆབ་སྲིད་ཀྱི་ལས་འགུལ་གལ་ཆེན་ཞིག་དང་། མི་དམངས་ཀྱི་འཚོ་ཐབས་ཀྱི་ལས་གཞི་གལ་ཆེན་ཞིག”ཏུ་བརྩིས་ནས། “བློ་ཐག་ཆེན་པོ་ཞིག་གཅོད་པ་དང་། སྟོབས་ཤུགས་ཆེན་པོ་ཞིག་བཏོན་ནས། (དོན་དག་)དམ་འཛིན་དང་ལེགས་འཛིན། བཟུང་ནས་འབྲས་བུ་ཐོན་དུ་འཇུག་དགོས།”ཞེས་སྲིད་ཇུས་འདི་ལག་ལེན་བྱེད་དུས་གཏན་འཁེལ་བྱས་མེད་ན་ཡང་ལག་ལེན་མ་བྱས་ཐབས་མེད་ཀྱི་གཏམ་བཤད་གཏཽམ་པོ་ཞིག་བྱས་ཡོད།
དེ་ལས་མང་བ་། “སྐད་ཡིག་སྲུང་སྐྱོབ་ཀྱི་ངོ་རྒོལ་ཁྲོམ་སྐོར་ལ་ཐོག་མར་ཐོན་པའི་འབྲས་བུ།” »
ལོ་ཆུང་གིས་འདི་ལྟར་བཤད་འདོད། བོད་འབྱོར།
ཆུང་དུས་ཆུང་དུས ངས་ཅི་ཡང་བསམ་མ་མྱོང
ཐ་ན་དུས་རྒྱུན་རང་ཉིད་ཀྱི་མགོ་ཐོག་ན་སྐྱག་སྦྲང་འཁོར་འདུག་པའང་མ་ཚོར
ཁ་སང་དེ་རིང ངས་གཞི་ནས་དོན་དག་གཞན་ཞིག་ཤེས་ཀྱིན་ཡོད
མི་གཞིའི་སྙིང་སྟོབས་ལྟ་བུའི མི་བུའི་རང་དབང་ལྟ་བུའི
"སྐད་རིགས་རང་དབང་། མི་རིགས་འདྲ་མཉམ་" གྱི་དུས་ཚོད་རེའུ་མིག
༢༠༡༠ ཟླ་ ༩བའི་ཚེས་ ༡༠ཉིན་གྲོས་འཆམ་བྱུང་བའི་ཡིག་ཆ། “༢༠༡༠-༢༠༢༠ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་གྱི་འཆར་འགོད་རྩ་གནད།” ཅེས་པ་ ༢༠༡༠ ཟླ་ ༩བའི་ཚེས་ ༡༠ཉིན་གྲོས་འཆམ་བྱུང་འདུག དེའི་ནང་། “ནུས་ཤུགས་ཆེན་པོས་སྐད་གཉིས་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་ཀྱིས་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་ཡིས་སློབ་ཁྲིད་བྱ་རྒྱུ་དཀྱིལ་སྙིང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ།” ཁུངས། ༢༠༡༠ ཟླ་…
དེ་ལས་མང་བ་། “"སྐད་རིགས་རང་དབང་། མི་རིགས་འདྲ་མཉམ་" གྱི་དུས་ཚོད་རེའུ་མིག” »
“སྐད་རིགས་རང་དབང་། མི་རིགས་འདྲ་མཉམ་” གྱི་དུས་ཚོད་རེའུ་མིག
༢༠༡༠ ཟླ་ ༩བའི་ཚེས་ ༡༠ཉིན་གྲོས་འཆམ་བྱུང་བའི་ཡིག་ཆ། “༢༠༡༠-༢༠༢༠ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་གྱི་འཆར་འགོད་རྩ་གནད།” ཅེས་པ་ ༢༠༡༠ ཟླ་ ༩བའི་ཚེས་ ༡༠ཉིན་གྲོས་འཆམ་བྱུང་འདུག དེའི་ནང་། “ནུས་ཤུགས་ཆེན་པོས་སྐད་གཉིས་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་ཀྱིས་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་ཡིས་སློབ་ཁྲིད་བྱ་རྒྱུ་དཀྱིལ་སྙིང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ།” ཁུངས། ༢༠༡༠ ཟླ་…
དེ་ལས་མང་བ་། ““སྐད་རིགས་རང་དབང་། མི་རིགས་འདྲ་མཉམ་” གྱི་དུས་ཚོད་རེའུ་མིག” »
དགེ་རྒན་ཚོས་བོད་ཀྱི་སྐད་ཡིག་གི་གནད་དོན་ཐད་རྒྱ་ནག་གཞུང་ལ་སྙན་ཞུ་བརྒྱབ་འདུག
འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་སློབ་གྲ་ཆེ་འབྲིང་ཆུང་གསུམ་གྱི་དགེ་རྒན་ཁག་གིས་རྒྱ་ནག་སྲིད་གཞུང་ལ་བོད་ཀྱི་སྐད་ཡིག་གི་གནད་དོན་ཐད་སྙན་ཞུ་བརྒྱབ་འདུག


དེ་ལས་མང་བ་། “དགེ་རྒན་ཚོས་བོད་ཀྱི་སྐད་ཡིག་གི་གནད་དོན་ཐད་རྒྱ་ནག་གཞུང་ལ་སྙན་ཞུ་བརྒྱབ་འདུག” »
བོད་ཀྱི་སྐད་ཡིག་རྒྱལ་ལོ།
བསེརུ།
ང་རང་དུས་ཁོམ་ནམ་བྱུང་ལ་དྲ་ངོས་ངོས་སུ་མྱུལ་གྱི་ཡོད་པ་བཞིན། སྤྱི་ལོ་2010.10.19 ཉིན་རྒྱུན་གཏན་བཞིན་ངས་དྲ་ངོས་སུ་མྱུལ། གནས་དེ་ནས་ངའི་མིག་དབང་དུ་འཆར་བ་ནི།
“མི་རིགས་འདྲ་མཉམ། སྐད་རིགས་རང་དབང་། “ཞེས་པའི་འབོད་སྒྲ་གངས་ཅན་ས་ཡི་ཐིག་ལེ་མདོ་སྨད་རེབ་གོང་ནས་བསྒྲགས་པ་མངོན་བྱུང་། འདི་ལྟར་མི་རིགས་ཤིག་གི་ཚེ་སྲོག་དང་འབྲེལ་བའི་འབོད་སྒྲ་ཐོག་མ་ནི། གནས་ཚུལ་ཡོང་ཁུངས་ལྟར་ན། མདོ་སྨད་རེབ་གོང་ཐུན་རིན་རྫོང་མི་རིགས་སློབ་འབྲིང་དང་པོ་དང་། ཐུན་རིན་རྫོང་དབྱི་ཧྥུ་མི་རིགས་སློབ་འབྲིང་། ཐུན་རིན་རྫོང་བཅའ་སྡོད་སློབ་གྲྭ ཐུན་རིན་རྫོང་ཕྱི་ལུགས་གསོ་རིག་སློབ་གླིང་། རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ རྨ་ལྷོ་ཁུལ་མི་རིགས་མཐོ་འབྲིང་བཅས་ཀྱི་སློབ་གཉེར་བ་སྟོང་ཕྲག་མང་པོས་རང་ཉིད་ཀྱི་ཕ་མེས་ཡང་མེས་ནས་བརྒྱུད་པའི་སྐད་ཡིག་གི་བླ་སྲོག་སྐྱོབ་ཕྱིར།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ཀྱི་དོན་ཚན་བཞི་པའི་ནང་དུ། མི་རིགས་ཁག་ཚང་མར་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་པ་དང་དར་རྒྱས་གཏོང་བའི་རང་དབང་ཡོད་ཅེས་འཁོད་ཡོད་པ་ལྟར། ཁྲིམས་མཐུན་དང་བདེན་དཔང་ཡོད་པའི་ཐོག་ནས་དྲང་བདེན་གྱི་བློ་མིག་ཐོགས་ཏེ།
ཀྱེ་མ། སྐད་དང་ཡི་གེ
གཙང་ཞོལ་བདེ་གསལ་གྱིས
ད་ལྟ་བོད་ནང་དུ་སློབ་ཕྲུག་སྟོང་ཕྲག་མང་བོས་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་སྐྱོབ་ཆེད་ཞི་བའི་ངོ་རྒོལ་བྱས་པར་བྲིས།མི་རིགས་ཤིག་འཆི་གསོན་གྱི་འབྲེལ་ཐག་འཛིན་པའི་རང་གི་ཕ་སྐད་དྭངས་མོ། ཡར་ཀླུང་རིག་གཞུང་གི་དབུགས་རྔ་ཕྲ་མོ་ལ་དང་བ་འདྲེན་པའི་ཡུམ་སྐད་གཙང་མ། ཁྱེད་ཉིད་ལ་འདི་ལྟ་བུའི། བཙན་ཤུགས་དང་། དབང་ཤུགས་ཀྱི་རྒྱ་སྒོ་ནས་གནོན་བཙུར་སྡམ་གསུམ་གྱིས་སྲོག་རྩ་ལ་བརྙབ་ཡོང་དུས། ངའི་མགོ་ལུས་སྲོག་གསུམ་ལ་ཁྱབ་པའི་ཁྱེད་ཀྱི་མ་བཅོས་པའི་ཉམས་འགྱུར་གྱི་ཁུགས་སོ་རེ་རེར་སྐྱོ་བ་དང་རྒུད་པའི་ལམ་འཕྲང་གཅོང་ཞིང་རོང་།
རེབ་གོང་གི་སློབ་མའི་འོས་ལངས་འཕར་མ།
(ལས་ཀ་གྲོལ་མཚམས་ང་རང་ནང་དུ་སླེབས་རྗེས་རེབ་གོང་ནས་སླར་ཡང་གློག་འཕྲིན་ཞིག་བཏང་འདུག་པའི་དོན་དག་གཤམ་གསལ་དེ་ཡིན། གནས་ཚུལ་མཁོ་སྤྲོད་པའི་རེ་བ་ལྟར་ཁ་བརྡ་དྲ་རྒྱའི་ནང་དེ་དག་འཇུག་རོགས་ཞུས་པ་ཡིན། རེབ་བཀྲས།) དེ་རིང་རེབ་གོང་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལ། ཕྱི་ཚེས་༡༩ ཉིན་རེབ་གོང་གི་སློབ་གྲྭ་ཁག་དྲུག་གི་སློབ་ཕྲུག་ཚོས་༼མི་རིགས་འདྲ་མཉམ་དང་། སྐད་རིགས་རང་དབང་༽ཞེས་པའི་འབོད་སྒྲ་གཅིག་སྒྲོག་གི་ལས་འགུལ་སྤེལ་བ་དེ་བཞིན། དེ་རིང་ཕྱི་ཚེས་༢༡ ཉིན་གྱི་སྔ་དྲོ་ཡང་རེབ་གོང་དགེ་འདུན་ཆོས་འཕེལ་སློབ་འབྲིང་གི་སློབ་མ་བདུན་བརྒྱ་ཙམ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་མ་འགལ་བའི་ཐོག་ནས་ཁྲོམ་སྐོར་བྱས་ཏེ་ས་གནས་སྲིད་གཞུང་ལ་དགོས་འདུན་ཁག་བཏོན་འདུག
ད་ཐེངས་སློབ་མའི་སྐད་འབོད་དེ་ཆབ་སྲིད་ཀྱི་གནད་དོན་ཞིག་མིན་ནམ།
སྲིན་འབུ་མེ་འཁྱེར་ནས།
ཉིན་སྔོན་ངས་ཁ་བརྡ་རུ་གྲོགས་པོ་ཨ་རིག་འགྱུར་མེད་ཀྱི་རྩོམ་ཡིག་ཅོག་མཐོང་སོང་ལ། དེའི་ནང་དོན་གཙོ་བོ་ནི་ད་ཐེངས་བོད་ནང་སློབ་མའི་སྐད་འབོད་དེ་ཉིད་ཆབ་སྲིད་ཀྱི་གནད་དོན་ལ་འབྲེལ་བ་མེད་ཚུལ་དང་། དེ་ཉིད་ཅིས་ཀྱང་ཆབ་སྲིད་ཀྱི་གནད་དོན་ཞིག་ཏུ་བརྡལ་བསྲེ་གཏང་མི་རུང་ཞེས་གསུངས་འདུག། ངས་བསམ་པར་སྐད་འབོད་འདི་ནི་ཐོག་མ་ཉིད་ནས་ཆབ་སྲིད་དང་འབྲེལ་བ་ཆེས་ཆེར་ཡོད་པ་ཞིག་རེད་སྙམ། མི་རིགས་ཤིག་གི་འཐབ་རྩོད་དང་རྒྱལ་ཁབ་ཞིག་གི་འཐབ་རྩོད་ནི་མི་རིག་གམ་རྒྱལ་ཁབ་དེའི་རང་ཉིད་ཀྱི་ཐོབ་ཐང་ཞིག་ཏུ་ཡིན་པ་དང་། དེ་ལས་གཙོ་བོ་ནི་མི་རིག་གམ་རྒྱལ་ཁབ་དེའི་ངོ་བོ་རྩོད་ལེན་བྱེད་པ་དེ་རེད། འོ་ན། མི་རིག་གམ་རྒྱལ་ཁབ་ཀྱི་ངོ་བོ་ཞེས་པ་དེ་ག་རེ་རེད་ཅེས་ན། དེ་ནི་གཙོ་བོ་མི་རིག་རང་ཉིད་ཀྱི་ཐོན་མིན་ཁྱད་ཆོས་དང་དེའི་ཁྱད་རྟགས་དེ་ཉིད་རྩོད་ལེན་བྱེད་པ་དེ་རེད་ལ། གནའ་ནས་ད་བར་མི་རིགས་ཀྱི་འཐབ་རྩོད་ག་འདྲ་ཞིག་ཡིན་ནའང་། གཙོ་བོར་རང་ཉིད་ཀྱི་སྐད་ཡིག་སྲོང་སྐྱོབ་དང་ཐོབ་ཐང་གླེང་པ་ནས་འགོ་འཛུགས་པ་ཡིན་པ་དང་། མི་རིགས་ཀྱི་ངོ་བོ་དེ་ཡང་གཙོ་བོར་མི་རིགས་དེའི་ངོ་བོ་སྟེ་སྐད་ཡིག་དང་ཐུན་མིན་རིགས་གཞུང་། ལེགས་བྱང་སོགས་བདག་ཉེར་དང་དེ་ཉིད་ལོངས་སྤྱོད་ཀྱི་ཐོབ་ཐང་ངོ་མ་དེ་རྩོད་ལེན་བྱེད་པ་དེ་རེད།
རླབས་ཆེན་གྱི་གསར་བརྗེ་པ་དང་རིག་གནས་ཅན་མྲ་ཁི་སི་(马克思)དང་ཨིན་ཁི་སིས་(恩克思)ཀྱང་མི་རིགས་ཤིག་རྩ་མེད་དུ་གཏོང་དགོས་ན།
དེ་ལས་མང་བ་། “ད་ཐེངས་སློབ་མའི་སྐད་འབོད་དེ་ཆབ་སྲིད་ཀྱི་གནད་དོན་ཞིག་མིན་ནམ།” »
༢༠༡༠-༢༠༢༠ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་གྱི་འཆར་འགོད་རྩ་གནད་།
འབྲོག་མྱིས་བསྒྱུར།
༼༢༠༡༠-༢༠༢༠ལོའི་རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་གྱི་འཆར་འགོད་རྩ་གནད་༽ཞེས་པ་ཞིག་ས་གནས་ཞིང་ཆེན་ཁག་ཏུ་བཀྲམས་ཡོད་པ་དང༌། དབུས་གཞུང་གི་༼འཆར་འགོད་རྩ་གནད་༽ཞེས་པ་གཞི་རུ་བཟུང་ནས་ཟླ་ ༩བའི་ཚེས་ ༡༠ཉིན་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་དམར་ཤོག་ཚོགས་པའི་དྲུང་ཆེ་ཆང་ཝེ་ཡིས་གཙོ་སྐྱོང་འོག་རྒྱུན་ལས་ཚོགས་འདུ་ཞིག་བསྐོང་ནས་༼༢༠༡༠-༢༠༢༠ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་གྱི་འཆར་འགོད་རྩ་གནད་༽ཞེས་པའི་སློབ་གསོའི་སྲིད་ཇུས་ལ་གྲོས་ཞིབ་བྱས་རྗེས་དེར་གྲོས་འཆམ་བྱུང་ཡོད།
ལས་འགུལ་སྐབས་སུ་དོ་སྣང་འདི་འདྲ་བྱེད་དགོས།
གཅན་བཟོད་རྒྱམ་།
ད་ནི་གནད་འགག་གི་དུས་སྐབས་ཤིག་རེད་འདུག དེ་ནི་ང་ཚོ་བོད་ཕྱི་ནང་གཉིས་ནས་གང་གཟབ་གཟབ་དང་གང་ནུས་ནུས་བྱེད་དགོས་པ་ཞིག་ ཅིས་ཀྱང་ཆགས་འདུག ང་ཚོས་སྔོན་ནས་ད་བར་དུ་བོད་མང་གི་ལས་འགུལ་ཅི་སྤེལ་ལ་སྡོམ་ཚིག་རྒྱག་དུས། ལས་འགུལ་དེའི་ཐོག་མའི་འབྱུང་ཁུངས་དང་འབྱུང་རྐྱེན་གང་ཡིན།
ས་གནས་གང་དུ་འགོ་བཙུགས་པ་དེས་ཤུགས་རྐྱེན་ཐེབས་ཚུལ། དེ་ནས་ས་གནས་གང་དག་ཏུ་ཁྱབ་ཚུལ། ལས་འགུལ་ནང་དུ་ཞུགས་པའི་མི་གྲངས། འབོད་ཚིག་ཅི་ཡོད་དང་ཅི་བྱས། དུས་ཚོད་ནམ་དང་དུས་ཡུན་རིང་ཐུང་། ལས་འགུལ་ནང་དུ་ཞུགས་པའི་མི་སྣའི་གོ་ཐོབ། དཔེར་ན་དགེ་རྒན་དང་སློབ་མ། ཤེས་ལྡན་མི་སྣ་དང་རྩོམ་པ་པོ།
ལུག་ཞོ་པོ་གླེང་བ།
ཞེའུ་ཞོ་མེན་གྱིས་བརྩམས།
རྟ་ནག་སྐལ་བཟང་ལུང་རིགས།
སྤྱི་ ལོ་༡༩༨༨ཡས་མས་ཤིག་ཏུ་བདག་གིས་ལུག་ཞོ་པོ་ཡི་བརྩམས་ཆོས་ཐོག་མར་མཐོང་བ་ནི། ༼མཐའ་དཔྱོད་ཀྱི་གདམ་ཀ___ལུས་ཙི་ཧོའུ་དང་བགྲོ་གླེང་བ༽ཞེས་པ་དེའོ།། ཀློག་སྟངས་ཀྱི་ཆ་ནས་བམ་ཀློག་ཐེངས་གཅིག་ལས་མིན་པས། སེམས་ལ་བཞག་པའི་བག་ཆགས་ཀྱང་དེ་འདྲའི་ཟབ་མོ་ཞིག་མ་ཡིན་ནའང་། ཁོ་བོའི་བསམ་ངོར་རིག་གཞུང་ལ་འཕྲིགས་ཚུད་པའི་བསྟན་བཅོས་མཛད་པ་བོ་ཞིག་དང་། བྲིས་པ་ཡོད་ཚད་ཀྱང་བློ་བསྲལ་ཆེ་བའི་ཉམས་ཤིག་ཅི་ནས་ཀྱང་མངོན་འདུག་གོ།
བོད་ནང་གི་སློབ་མའི་ངོ་རྒོལ།
( འདི་ནི་དེ་རིང་ང་ལ་འབྱོར་བའི་གནས་ཚུལ་ཡིན་ལ། པར་དང་གཟུགས་མཐོང་བརྙན་འཕྲིན་ཡང་ཡིག་ཆ་མཉམ་སྦྱོར་བྱས་ནས་བསྐུར་ཡོད། པར་དང་གློག་བརྙན་ཆབ་ཆའི་སློབ་མ་ཚོ་རེད། )
ཉེ་ཆར་གྲངས་ཉུང་མི་རིགས་སྐད་ཡིག་ལ་འཇབ་རྒོལ་ཛ་དྲག་ཐེབས་པའི་གནས་ཚུལ་རག་བསྡུས། ད་ལོ་ནས་བཟུང་བོད་སྐད་ཡིག་ཟུར་ཁྲིད་ཙམ་ལས་མེད་པའི་སྲིད་བྱུས་དྲིལ་སྒྲོག་བྱས་རྐྱེན། ཕྱི་ལོ་༢༠༡༠ ༡༠ ༢༠ ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཐོ་རིམ་སློབ་འབྲིང་དང་པོ་དང་།
ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་༼འཕྲོད་བསྟེན་སློབ་གྲྭ་༽གཉིས་ཀྱི་ཁྱོན་སློབ་མ་༢༠༠༠ལྷག་གིས་གཙོ་བོ་༼བོད་ཡིག་དགོས་༽༼བོད་སྐད་ཡིག་སློབ་ཁྲིད་རྒྱུན་འཁྱོང་དགོས་༽ཞེས་དང་། ཞོར་དུ་༼མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་དགོས་༽ཞེས་པའི་འབོད་ཚིག་སྒྲོག་བཞིན་སྔ་དྲོ་དུས་ཚོད་༦:༠༠-༡༠:༠༠ བར་ཞི་བའི་ཁྲོམ་སྐོར་དང་ཉིན་དེའི་ནང་གོང་གཉིས་ལ་ཟས་བཅད་ངོ་རྒོལ་བྱས་པ་དང་། མ་ཟད་ཚེས་ ༡༩ ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། ཚེས་ ༢༠ ཉིན་ཁྲི་ཀ་རྫོང་དང་། གཅན་ཚ་རྫོང་། བྲག་དཀར་༼དར་མཚོ་༽རྫོང་སོགས་ནས་ཀྱང་དེ་བཞིན་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ་བྱས་འདུག།
སློབ་མའི་ལས་འགུལ་དེ་ཆབ་སྲིད་ལ་མ་བསྒྱུར་རོགས།
ཨ་རིག་འགྱུར་མེད།
ཐེངས་འདིའི་སློབ་མའི་ལས་འགུལ་གྱི་སྔ་གཞུག་ཏུ་ང་ཚོས་ཤེས་དགོས་པའི་གནད་དོན་འགའ་འདུག་ལ།
ལྷག་པར་དུ་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་སྡེ་ཚན་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་མཉམ་འཇོག་དགོས་པའི་གནད་དོན་འགའ་འདུག
མདོ་སྨད་རེབ་གོང་དང་རྨ་ལྷོ་ཁུལ། ཆབ་ཆ་ཁུལ། ཁྲི་ཀ་རྫོང་། རྩི་གོར་ཐང་།
མགོ་ལོག་ཁུལ་བཅས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་རྣམས་ཀྱིས་ཅིའི་ཕྱིར་སྐད་བརྒྱབ་པ་རེད།
ཁོང་ཚོའི་ངོ་རྒོལ་སྐབས་ཀྱི་འབོད་ཚིག་གཙོ་བོ་གང་དང་གང་རེད།
ནམ་རྒྱུན་བོད་ས་སྟོད་སྨད་བར་གསུམ་གང་ནས་ཞི་བའི་ངོ་རྒོལ་བྱུང་སྐབས་དེའི་ནང་ན་༸གོང་ས་མཆོག་དང་བོད་ཀྱི་ཆབ་སྲིད་གནས་བབ་ཐད་ཀྱི་ཚིག་ཅིག་མེད་ས་ཞིག་མེད་མོད།
དེ་ལས་མང་བ་། “སློབ་མའི་ལས་འགུལ་དེ་ཆབ་སྲིད་ལ་མ་བསྒྱུར་རོགས།” »

