ཁང་གསར་རྡོ་རྗེའི་ངོ་དེབ་ནས་བླངས།
དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་ཉེ་ལམ་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་སྐབས་དང། སྤྱི་འཐུས་གནང་སྐབས་དབུ་མའི་ལམ་ལ་བསྐྱར་ཞིབ་ཀྱི་རྙོག་དྲ་དང་གཅིག ༸གོང་ས་མཆོག་ཉི་ཧོང་དུ་མི་དཀྱུས་མའི་གནས་བབ་ཐོག་ཕེབས་ཀྱི་ཡོད་པའི་འཆལ་གཏམ་དང་གཉིས། ནོར་རྒྱས་གླིང་གཞིས་ཆགས་སུ་ཆང་འཐུང་ར་རོས་གཞུང་དོན་རས་བོར་བྱས་སྟབས་ཉེས་རྡུང་གཟེད་པ་དང་གསུམ། ཆང་འཐུང་བག་མེད་ཀྱིས་གནམ་ཐང་དུ་ལུས་ནས་གལ་ཆེའི་ཚོགས་འདུར་བཅར་མ་ཐུབ་པའི་བྱ་ངན་དང་བཞི། གྲོས་ཚོགས་ནང་དཔུང་སྒྲིག་གིས་ཚོགས་གཙོའི་རྐུབ་སྟེགས་ལ་ཧབ་ཐོབ་བརྒྱབ་པ་དང་ལྔ། མ་འོངས་ཚོགས་གཙོ་ཐོབ་རེ་དང་རང་གི་ཁ་གཏད་ཚོགས་གཙོ་སྤེན་པ་ཚེ་རིང་ཕམ་ཉེས་སུ་གཏོང་ཐུབ་རེས་གྲོས་ཚོགས་ནང་དཔུང་བསྒྲིགས་འར་བཤད་ཀྱིས་གྲོས་ཚོགས་འཐོར་བཅུག་པ་དང་དྲུག་སོགས་ཀྱི་རྐྱེན་ལས། དབུས་གཙང་མི་དམངས་ཁོ་པར་ཞེ་གཏིང་ནས་ལོག་སྟེ། ཐེངས་འདིའི་སྔོན་འགྲོའི་འོས་བསྡུའི་ནང་ཁོ་པར་འོས་འཕངས་མེད་ཀྱང། ཁམས་ཕྱོགས་ཀྱི་སྲིད་དོན་པ་འགས་དེ་ནི་ཁོ་པས་ཁམས་ཞེན་བྱས་སྟབས་དབུས་གཙང་གིས་ངན་བྱས་པར་བསམས་ཏེ། གདན་ས་ཁག་ཏུ་ས་འོག་དར་འཐག་གི་འབྲེལ་བ་བརྒྱུད་དེ་ངན་སྐུལ་བྱས་འབྲས་སུ། སྔོན་འགྲོའི་འོས་བསྡུའི་ནང་ཁོ་པ་དགེ་ལུགས་སྤྱི་འཐུས་ཨང་བཞི་པ་དང་། བཀའ་བརྒྱུད་སྤྱི་འཐུས་ཨང་གཉིས་པར་སླེབས་ཡོད། ཁོ་པས་དེ་གཉིས་ལས་བཀའ་བརྒྱུད་སྤྱི་འཐུས་ལ་རེ་བ་ཡོད་པ་མཐོང་སྟེ་ཕྱི་མ་བདམས་ཡོད།
བོད་ཀྱི་ཟས་རིགས་འགྲེམས་སྟོན།
མཁོ་གཏོང་བ་རྨོག་རུ་བསྟན་པ།
ཕྱི་ཚེས་༤ ཉིན་རྒྱ་གར་ལྷོ་ཕྱོགས་གྱི་གྲོང་ཁྱེར་བྷེང་ལོར་ཨན་རྡི་ན་གྷར་ས་གནས་སུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཟས་རིགས་འགྲེམས་སྟོན་ཞིག་གོ་སྒྲིག་གནང་ཡོད་པ་དང་། ཟས་རིགས་འགྲེམས་སྟོན་གྱི་མཛད་སྒོར་བོད་པ་དང་། རྒྱ་གར་སོགས་ཀྱི་སྐུ་མགྲོན་ཉིས་བརྒྱ་ལྷག་ཅིག་མཉམ་ཞུགས་གནང་ཡོད་པ་རེད། 
པེ་ཅིང་གི་རྨི་ལམ་དཀྲོགས་མཁན་བཅུ།
ད་ཕན་རྒྱ་ནག་ནང་ཁུལ་དུ་། པེ་ཅིང་སྲིད་གཞུང་གི་འཛིན་སྐྱོང་ལ་ཕྱོགས་ས་སྒོར་མོ་ནས་ཁ་གཏད་གཅོག་མཁན་མང་པོ་ཡོད་པའི་ཁྲོད་ནས།
སྒེར་བའི་ཁེ་ཕན་བློས་བཏང་སྟེ་པེ་ཅིང་སྲིད་གཞུང་ལ་ཁ་གཏད་གཅོག་མཁན་མི་བཅུ་ནི། སྒྱུ་རྩལ་བ་ཨེ་བེ་བེ།(Ai Wei Wei) ཟིན་བྲིས་བ་གྲགས་ཅན་ཧན་ཧན།(Han Han) བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར། གསར་འགོད་པ་ཧུའུ་ཧྲུའུ་ལིས།(Hu Shuli སྲིད་དོན་པ་རྒན་གྲས་ལིས་རུའུ།(Li Rui) ཐེན་ཨེན་མེན་ཨ་མའི་ཚོགས་པ་(Tiananmen Mothers)བཙུགས་མཁན་ཏིན་ཙི་ལིན།(Ding Zilin) སྲིད་དོན་པ་རྒན་གྲས་པའོ་གྲོང་།(Bao Tong) ༢༠༠༨ལོའི་བཅའ་ཁྲིམས་འབྲི་མཁན་ལུའུ་ཞའོ་པོའོ།(Liu Xiaobo) ཁོར་ཡུག་སྲུང་སྐྱོབ་པ་ཧུའུ་ཅ།(Hu Jia) ཁྲིམས་རྩོད་པ་ཀའོ་གྲི་ཧྲང(Gao Zhisheng)་བཅས་རེད། འཛམ་གླིང་ཤར་ནུབ་ཀྱི་དོ་སྣང་ཅན་མང་པོས། སྤྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་སྟེ། ལུའུ་ཞའོ་པོའོ་ལ་ནོར་ལྦེའི་ཞི་བདེའི་གཟེངས་རྟགས་སྤྲོད་ཉིན། པེ་ཅིང་གི་རྨི་ལམ་དཀྲོགས་མཁན་མི་བཅུ་བོ་འདི་དག་གང་དུ་ཡོད་མེད་ལ་སེམས་ཁྲལ་བྱེད་བཞིན་ཡོད།
ཁྱེད་ལ་སྡང་མཁན་ལས་དགའ་མཁན་མང་གི་རེད།
(རྒྱང་རིང་གི་དུས་རབས་གསར་བའི་རྩོམ་རིག་གི་རྒྱལ་བོ་ཞིག་ལ།)
བོད། ལྷ་ཀླུ་གཉན་གསུམ།
ངས་ཁྱེད་ལ་ཞུ་བ་འཐེན། ཁྱེད་རང་ནི་བོད་ཕྱི་ནང་གཉིས་སྙན་གྲགས་རྒྱས་ཤིང་། མང་བོ་ཞིག་གི་རེ་སྒུག་བྱེད་སའི་རྩོམ་པ་པོ་ཞིག་ཡིན། ཁྱེད་ཀྱིས་རང་གི་སེམས་ཁོང་དམའ་སར་མ་ཕབ་རོགས། མ་གཞི་ནས་ངས་ཁྱེད་ལ་དེ་ལྟར་མ་ཞུས་ཀྱང་། ཉིད་ཀྱིས་ཤེས་གསལ་རེད། འོན་ཀྱང་། ང་རང་ཁྱེད་རང་གི་རྩོམ་ཡིག་ལ་དགའ་མཁན་དང་ཁྱེད་རང་སེམས་་གཏིང་ནས་བརྩི་མཁན་ཞིག་ཡིན་པས་ཆ་ནས། ངས་དེ་རིང་འདི་ནས་ཁྱེད་རང་ལ་ཞུ་བའི་ཚུལ་དུ་སྐད་ཆ་པ་ཤས་ཤིག་ཞུས་ཀྱང་མ་འགྲིག་པ་མེད་པར་སྣང་།
ང་ཚོ་གཞོན་རབས་པ་དག་གིས་ཁྱེད་རང་ལྟ་བུའི་རྩོམ་པ་པོ་རྒན་རབས་པ་དག་ལ་ཁ་མིག་ཡར་བལྟ་བྱེད་དགོས་ལ། ཁྱེད་རང་འགྲིམ་མྱོང་བའི་རྩོམ་རིག་གི་ཞིང་ས་དག་ལ་ཤེད་ཤུགས་ཅི་ཡོད་ཀྱི་བགྲོད་ཐབས་བྱེད་དགོས་དུས། ཁྱེད་ཀྱིས་ཨ་ཐང་ཆད་པའི་དབུགས་རིང་དང་སེམས་ལ་ཟུག་པའི་ན་ཟུག་དེ་དག་གི་བྲོ་བ་དངོས་སུ་ཤེས་དགོས་ལ། དེ་དག་ཤེས་པའི་སྟེང་ནས་ང་ཚོས་དཀའ་ངལ་ལ་གདོང་ལེན་བྱེད་ཐབས་ཀྱི་ཉམས་མྱོང་ལེན་དགོས་པ་ཡིན།
ལྷ་བབས་དུས་ཆེན་སྐོར་ཕྱོགས་བསྡུས།

ཆུ་སྐྱེས་སྒྲོལ་མ།
༼ VOA ཨ་རིའི་རླུང་འཕྲིན་ཁང་གི་ བོད་སྐད་ཚན་པས་རྒྱང་བསྲིང་ལེ་ཚན་རྩོམ་སྒྲིག་དང་སྙན་སྒྲོན་ཞུ་བའི་གོ་སྐབས་ གནང་དོན་ལྟར། འདས་པའི་ཟླ་བ་བཅུ་གཉིས་ཡས་མས་རིང་། བཙན་བྱོལ་བོད་ཀྱི་མི་ལོ་ལྔ་བཅུའི་རིང་གི་རྩོམ་རིག་དང་སྒྱུ་རྩལ་རིག་གནས་ཀྱི་ གནས་སྟངས་སྐོར་རྩོམ་སྒྲིག་དང་སྙན་སྒྲོན་ཞུས་གྲུབ་ནས། ཉེ་ལམ་ནས་བཟུང་བོད་ཀྱི་དུས་ཆེན་སྐོར་རྩོམ་སྒྲིག་དང་སྙན་སྒྲོན་ཞུ་མགོ་ཚུགས་ ཏེ། དེའི་སྐོར་རྩོམ་སྒྲིག་དང་སྙན་སྒྲོན་ཞུ་མུས་ལ། ད་ལམ་VOA ཨ་རིའི་རླུང་འཕྲིན་ནང་། མུ་འབྲེལ་ངོ་སྤྲོད་རྒྱང་བསྲིང་གི་མ་ཟིན་ཁག་དང་། འབྲེལ་ཡོད་ཁག་ཅིག་ལ་བཅར་འདྲི་དང་ལྷན་བསྡེབས་ཀྱི་རྒྱང་བསྲིང་སྒྲ་སྐད་ཀྱང་ ཟིན་བྲིས་ནང་ལྷན་འགོད་ཞུ་འཆར་ཡིན་ནའང་། གུས་མོས་དྲ་ངོས་འདིར་སྒྲ་སྐད་འཇོག་སྟངས་སྐོར་ཤེས་མ་སོང་སྟབས། སྒྲ་སྐད་སྐོར་རྗེས་ལ་རིམ་པས་ལྷན་འགོད་ཞུ་འཆར་ཡིན། ༽
རང་ཅག་ཁ་བ་ཅན་པ་ཚོར་རང་གི་ཡུལ་སྲོལ་གོམས་གཤིས་དང་། ཆོས་དང་རིག་གཞུང་བཅས་དང་འབྲེལ་བའི་དུས་ཆེན་འདྲ་མིན་སྣ་ཚོགས་ཤིག་གཏོང་སྲོལ་ ཡོད་པ་དང་། དེ་རེ་རེར་ཡང་བྱུང་ལུགས་བྱུང་སྟངས་དང་། ཁྱད་ཆོས། ནང་དོན་སོགས་མང་པོ་ཞིག་ཡོད། ཡིན་ནའང་། དེའི་སྐོར་གྱི་ཤེས་བྱ་མང་པོ་ཞིག་རིམ་པས་ཉམས་འགྲོ་ཡི་ཡོད་པ་དང་། ལྷག་པར་དུ་གཞོན་སྐྱེས་མི་རབས་དང་ལོ་ཆུང་བྱིོས་པ་མང་པོ་ཞིག་གིས་དེའི་སྐོར་ རབ་བེ་རིབ་བེ་ཞིག་ལས་ཤེས་ཀྱི་ཡོད་པ་མ་རེད། དེར་བརྟེན། དེ་རིང་གི་ལེ་ཚན་འདི་ནས་མགོ་བཙུགས་ཏེ། དུས་ཆེན་སོགས་ཀྱི་སྐོར་ནས་སྙན་སྒྲོན་ལེ་ཚན་འདི་མགོ་འཛུགས་ཞུ་ཡི་ཡོད། དེ་རིང་གི་ལེ་ཚན་འདིའི་ནང་། རིང་མིན་བོད་ཟླ་དགུ་པའི་ནང་སླེབས་ལ་ཉེ་བའི་ལྷ་བབས་དུས་ཆེན་གྱི་སྐོར་སྙན་ སྒྲོན་ཞུ་ཡག་ཡིན། ང་ཚོས་གསན་མཁན་རྣམ་པ་ཚོར། འབྲེལ་ཡོད་མི་སྣ་ཁག་ལ་བཅར་འདྲི་དང་སྦྲགས་ནས་སྙན་སྒྲོན་ཞུ་གི་ཡིན།
ཝི་ཀིའི་གསང་བ་ཕྱིར་གྱར(Wikileaks)་ལས་བོད་ཀྱི་སྐོར་འགའ་ཞིག་
གཤམ་གསལ་གྱི་ཡིག་ཆ་འདི་ནི་ ཝི་ཀིའི་གསང་བ་ཕྱིར་གྱར་བྱས་པའི་ཡིག་ཚོགས་ཁྲོད་ན་ཡོད་པ་དང་། ནང་དོན་ནི། བོད་ཀྱི་གནད་དོན་ཐག་གཅོད་བྱེད་མཁན་ལྟེ་བ་དེ་སྲིད་འཛིན་ཧུ་ཡིན་པ་མ་ཟད། གུང་ཁྲན་ཏང་གཞུང་ནང་སྲིད་འཛིན་ཧུ་ལ་གནད་དོན་འདིའི་ཐད་ཁ་གཏད་གཅོག་ནུས་པའི་མི་སུ་གཅིག་ཀྱང་མེད་པ་དང་། ཏང་གི་མགོ་འཁྲིད་ཚོ་ནི་བོད་དོན་ཐག་གཅོད་ལ་ལྟ་བ་མཁྲེགས་འཛིན་བྱེད་པ་ཡོད་པ་གཅིག་མཚུངས་ཡིན་ལུགས་བཀོད་ཡོད་པ་རེད།
དེ་ལས་མང་བ་། “ཝི་ཀིའི་གསང་བ་ཕྱིར་གྱར(Wikileaks)་ལས་བོད་ཀྱི་སྐོར་འགའ་ཞིག་” »
བཙན་བྱོལ་བོད་མིའི་མི་འབོར་དང་རྡ་ལམ་ས་ལའི་དངོས་སྒྲུང་།
མདོ་འདུམ་ཚང་།
ཕྱི་ལོ་༢༠༠༨ལོའི་དབྱར་གནང་ལ་ང་རྒྱ་གར་དུ་ཕྱིན། དབྱར་གནང་གི་དུས་ཡུན་དེ་ཟླ་ངོ་གཉིས་ཙམ་ཡིན། ཟླ་ངོ་གཉིས་ཙམ་དེའི་ནང་ལ་ང་ལ་ནང་ལས་མང་།
ངེད་ཀྱི་དབྱར་གནང་གི་ལས་ཀ་གཅིག་ནི། བཙན་བྱོལ་བོད་མིའི་མི་འབོར་དང་ལས་མེད་ཀྱི་གནས་སྟངས་སྐོར་ལ་ཡིན། རྡ་སར་སླེབས་ནས་བདུན་གཅིག་ཙམ་ཕྱིན་ཚར་བའི་རྗེས་སུ།
ངེད་ཀྱིས་རང་གི་ལས་ཀ་དེ་འགོ་བཙུགས་པ་ཡིན། ལས་ཀ་དེ་འགོ་འཛུགས་པ་ལ་ལས་ཁུངས་འགའ་ལ་འགྲོ་དགོས་ཀྱི་རེད། ང་ཐོག་མར་འགྲོ་ས་དེ་དབུས་སྣེ་ལེན་ཁང་རེད།
དེ་ནི་སྤྱི་ཟླ་བདུན་པའི་ནང་རེད། དབུས་སྣེ་ལེན་ཁང་ན་བོད་ནས་འབྱོར་བ་མི་བཅུ་ཡང་མི་འདུག ང་སྣེ་ལེན་ཁང་གི་ནང་ལ་འཛུལ་ཞོར་དུ་གཡོན་ཕྱོགས་ཀྱི་ཉལ་ཁང་ཆེན་པོ་དེར་ཅིག་བལྟས།
ཉལ་ཁང་ཆེན་པོ་དེ་སྟོང་སེ་ངེ་འདུག ཐོག་ཁང་གཉིས་པ་དེའི་སྐས་འཛེགས་ལ་གོམ་པ་སྤོ་བཞིན་དུ། ངས་སེམས་ནས་སྟོང་སེ་ངེར་ལྷག་པའི་ཉལ་ཁང་འདི་དང་༡༩༩༩ལོའི་ང་ཡོད་དུས་ཀྱི་ཉལ་ཁང་གི་འཚང་ཁ་དེ་གཉིས་བསྡུར། ང་ཐོག་བརྩེགས་གཉིས་པ་དེར་ཡོད་པའི་ལས་ཁུངས་སུ་འཛུལ། “སྣེ་ལེན་ཁང་གི་སྐུ་ངོ་བཞུགས་འདུག་གམ།” ” སྐུ་ངོ་འདུག དོན་དག་ག་རེ་ཡོད།”
“ང་སྐུ་ངོ་ལ་ཅིག་ཐུག་དགོས་ཀྱི་ཡོད།” “དེ་བ་ནས་ཅུང་ཙམ་སྒུག་རོགས།” ” སྐུ་ངོས་ཁྱེད་རང་ནང་ལ་བཅར་གསུངས་སོང་།” ” སྐུ་ངོ་བཀྲ་ཤིས་བདེ་ལེགས། ང་གཙུག་ལག་སློབ་ཁང་གི་སློབ་མ་ཞིག་ཡིན།
ངས་བཙན་བྱོལ་བོད་མིའི་མི་འབོར་གྱི་སྐོར་ལ་ཞིབ་འཇུག་གི་རྩོམ་ཞིག་འབྲི་དགོས་ཀྱི་ཡོད།” ངས་དེ་སྐད་ཟེར་བཞིན་སློབ་གྲའི་ངོས་སྦྱོར་དེ་སྣེ་ལེན་སྐུ་ངོའི་མདུན་ཅོག་སྟེང་ལ་བཞག
ཁོང་གིས་ངའི་ངོས་སྦྱོར་ཡི་གེ་ྐློག་བཞིན་འདུག ང་ཁུ་སིམ་མེར་བསྡད། ” འདིའི་སྒང་ལ་ཞིབ་འཇུག་གནང་ཐུབ་ན་ཧ་ཅང་ཡག་པོ་འདུག ལས་གཞི་འདིའི་སྒང་ལ་ངས་ཁྱེད་ལ་རོགས་པ་ག་རེ་བྱེད་ཐུབ་པ་འདུག” ” སྐུ་ངོ་ལགས། ང་ལ་ཕྱི་ལོ་༢༠༠༥ལོ་ནས་༢༠༠༨ལོའི་དབར་གྱི་ལོ་རེའི་བོད་ནས་འབྱོར་མཁན་གྱི་བོད་མི་སྐྱབས་བཅོལ་བའི་གྲངས་འབོར་དེ་དང་། ཁོང་ཚོ་རྡ་ས་དབུས་སྣེ་ལེན་ཁང་དུ་སླེབས་རྗེས། དགོན་པ་དང་སློབ་གྲ་ གཞིས་ཆགས་ཁག་བཅས་གང་གང་ལ་བཏང་ཡོད་མེད་དང་དེའི་ལོ་རེའི་གྲངས་འབོར་ཞིག་དགོས་ཀྱི་འདུག ”
“ཨ་ལེ། འདི་ངས་ཁྱོད་ལ་ད་ལྟ་རང་སྤྲོད་ཆོག་གི་མ་རེད། དང་པོ་ཁྱེད་རང་དྲིལ་བསྒྲགས་ལས་ཁུངས་སུ་སོང་ནས་དྲིལ་བསྒྲགས་དྲུང་ཆེའི་རྩ་ནས་རྒྱབ་གཉེར་ཡི་གེ་ཞིག་ལེན་དགོས་རེད།
རྒྱབ་གཉེར་ཡི་གེ་དེ་འཁྱེར་ནས་འདིར་ཤོག་དང་། ངས་ཁྱེད་ལ་རོགས་པ་ག་རེ་བྱེད་ཐུབ་གི་འདུག་བལྟ་ཆོག་གི་རེད།”
དེ་ལས་མང་བ་། “བཙན་བྱོལ་བོད་མིའི་མི་འབོར་དང་རྡ་ལམ་ས་ལའི་དངོས་སྒྲུང་།” »
"ངེས་གཏན་མེད་པའི་མི་ཚེ།" གློག་བརྙན་དབུ་འབྱེད།
སྤྱི་ཚེས་༡༢ཉིན་གྱི་ཕྱི་དྲོའི་དུས་ཚོད་དང་པོའི་ཐོག། ཁ་ཎ་སྒྲའི་(Toronto University)ཁྲོ་རོན་ཁྲོ་གཙུག་ལག་སློབ་ཁང་དུ། བོད་རིགས་གླུ་བ་ཨ་མཆོག་མགོན་པོ་དོན་གྲུབ་ལགས་ཀྱིས་བཟོས་བའི་ངེས་གཏན་མེད་པའི་མི་ཚེ་ཞེས་བའི་གློག་བརྙན་དེ་དབུ་འབྱེད་གནང་གཏན་འཁེལ་འདུག ད་དུང་། ཁྲོ་རོན་ཁྲོ་གཙུག་ལག་སློབ་གཉེར་ཁང་གིས་སྤེལ་བའི་གསལ་བསྒྲགས་དེའི་ཁོངས་སུ། ཨ་མཆོག་མགོན་པོ་དོན་གྲུབ་ནི་གཙུག་ལག་སློབ་གཉེར་ཁང་འདི་ནས་གློག་བརྙན་བཟོ་བསྐྲུན་གྱི་ཐོག་ལ་སློབ་ཐོན་གནང་བའི་སློབ་མ་ཞིག་ཡིན་པ་མ་ཟད། ཁོང་ནི་བོད་ཀྱི་སྲོལ་རྒྱུན་གླུ་བ་དང་གླུ་གཞས་གཏོང་མཁན་ཞིག་ ཁོང་གིས་བཟོས་བའི་ངེས་གཏན་མེད་པའི་མི་ཚེ་ཞེས་བའི་གློག་བརྙན་དེས། འཛམ་གླིང་མཐོ་སྒང་དུ་གནས་བའི། བོད་མི་དཀྱུས་མའི་འཚོ་བ་དང་དད་མོས། རིན་ཐང་། ཡུལ་སྲོལ་གོམས་གཤིས་སོགས་བསྟན་འདུག་པ་མ་ཟད། ལྷག་པར་དུ། གློག་བརྙན་འདིའི་ནང་དུ།…
དེ་ལས་མང་བ་། “"ངེས་གཏན་མེད་པའི་མི་ཚེ།" གློག་བརྙན་དབུ་འབྱེད།” »
“ངེས་གཏན་མེད་པའི་མི་ཚེ།” གློག་བརྙན་དབུ་འབྱེད།
སྤྱི་ཚེས་༡༢ཉིན་གྱི་ཕྱི་དྲོའི་དུས་ཚོད་དང་པོའི་ཐོག། ཁ་ཎ་སྒྲའི་(Toronto University)ཁྲོ་རོན་ཁྲོ་གཙུག་ལག་སློབ་ཁང་དུ། བོད་རིགས་གླུ་བ་ཨ་མཆོག་མགོན་པོ་དོན་གྲུབ་ལགས་ཀྱིས་བཟོས་བའི་ངེས་གཏན་མེད་པའི་མི་ཚེ་ཞེས་བའི་གློག་བརྙན་དེ་དབུ་འབྱེད་གནང་གཏན་འཁེལ་འདུག ད་དུང་། ཁྲོ་རོན་ཁྲོ་གཙུག་ལག་སློབ་གཉེར་ཁང་གིས་སྤེལ་བའི་གསལ་བསྒྲགས་དེའི་ཁོངས་སུ། ཨ་མཆོག་མགོན་པོ་དོན་གྲུབ་ནི་གཙུག་ལག་སློབ་གཉེར་ཁང་འདི་ནས་གློག་བརྙན་བཟོ་བསྐྲུན་གྱི་ཐོག་ལ་སློབ་ཐོན་གནང་བའི་སློབ་མ་ཞིག་ཡིན་པ་མ་ཟད། ཁོང་ནི་བོད་ཀྱི་སྲོལ་རྒྱུན་གླུ་བ་དང་གླུ་གཞས་གཏོང་མཁན་ཞིག་ ཁོང་གིས་བཟོས་བའི་ངེས་གཏན་མེད་པའི་མི་ཚེ་ཞེས་བའི་གློག་བརྙན་དེས། འཛམ་གླིང་མཐོ་སྒང་དུ་གནས་བའི། བོད་མི་དཀྱུས་མའི་འཚོ་བ་དང་དད་མོས། རིན་ཐང་། ཡུལ་སྲོལ་གོམས་གཤིས་སོགས་བསྟན་འདུག་པ་མ་ཟད། ལྷག་པར་དུ། གློག་བརྙན་འདིའི་ནང་དུ།…
དེ་ལས་མང་བ་། ““ངེས་གཏན་མེད་པའི་མི་ཚེ།” གློག་བརྙན་དབུ་འབྱེད།” »
བོད་མིའི་ཆིག་སྒྲིལ་གཏོར་ཐབས་ཀྱི་པེ་ཅིང་གི་ངན་ཇུས།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས་བསྒྱུར།
སྤྱི་ལོ་༢༠༡༠ལོའི་ཟླ་དགུ་བའི་ནང་། པེ་ཅིང་གིས་ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བ་དེར་དོན་ཚན་གཙོ་བོ་དྲུག་འཁོད་པའི་གནས་ཚུལ་ཞིག་སྤེལ་འདུག་ཅིང་།
གནས་ཚུལ་དེ་ཐོག་མར་སྤེལ་སའི་དྲ་བ་ནས་བླངས་ཚར་འདུག འོད་ཟེར་ལགས་ཀྱིས་གནས་ཚུལ་དེའི་པར་ངོས་ཤིག་ཁོང་གི་ཟིན་བྲིས་སུ་ཉར་འདུག་ཅིང་།
དེ་ལ་མཆན་ཡང་བརྒྱབས་འདུག པེ་ཅིང་གིས་སྤེལ་བའི་གནས་ཚུལ་དེའི་མདོ་དོན་ནི། ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱ་ནག་གཞུང་ཚབ་གཙོས་བའི་ཚོགས་པ་ཁག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁོངས་སུ་སིམ་འཛུལ་བྱས་ནས། བཙན་བྱོལ་བོད་མིའི་གཞུང་དང་དེའི་སྒྲིག་འཛུགས་ཀྱི་མ་ལག་ཁག་ཁ་ཐོར་གཏོང་ཐབས་འཁོད་འདུག
ཡིག་ཆ་དེའི་ཁོངས་སུ། པེ་ཅིང་གཞུང་གིས་བཙན་བྱོལ་བོད་མིའི་གཞུང་དང་དེའི་སྒྲིག་འཛུགས་བཅས་གཏོར་ཐབས་ཀྱི་ཐབས་ལམ་དྲུག་འཁོད་འདུག
དང་པོ།
ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚར་ལོངས་བྱུང་བའི་བོད་མིའི་མི་རབས་གཉིས་པ་དང་གསུམ་པ་དག་ལ་དོ་སྣང་དམིགས་བསལ་དང་ཁོང་ཚོ་རྒྱ་ནག་གཞུང་དང་ཐག་ཉེ་རུ་གཏོང་དགོས།
གཉིས་པ།
ཏཱ་ལའི་བླ་མའི་གཞུང་དང་བསམ་ཚུལ་མི་མཐུན་པ་ཡོད་པའི་བོད་མི་སྒེར་བ་དང་ཚོགས་པ་ཁག་ལ་འབྲེལ་བ་ཇེ་ཟབ་ཏུ་གཏོང་དགོས་བ་མ་ཟད། ཁོང་ཚོ་པེ་ཅིང་སྲིད་གཞུང་ལ་ངོ་རྒོལ་ཡོད་མེད་ལ་མ་བལྟས་པར། ཁོང་ཚོ་ང་ཚོའི་ལག་ཆར་བེད་སྤྱོད་གཏོང་ཐབས་ལ་ཤུགས་སྣོན་རྒྱག་དགོས།
གསུམ་པ།
ཕྱི་ལོ་༡༩༨༠ལོའི་རྗེས་སུ། བོད་ནས་བྲོས་བྱོལ་ལ་འགྲོ་མཁན་ཚོའི་མཉམ་དུ་འབྲེལ་བ་འཛིན་ཐབས་ལ་དམིགས་བསལ་གྱིས་ཤུགས་སྣོན་རྒྱག་དགོས།
བཞི་པ།
པེ་ཅིང་གཞུང་དང་ཐག་ཉེའི་འབྲེལ་ལམ་ཡོད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་སྒེར་བ་ཚོར་རྒྱབ་སྐྱོར་དང་ཁོང་ཚོས་སྤེལ་བའི་ལས་འཆར་དང་འཛུགས་བསྐྲུགས་ཁག་ལ་རོགས་རམ་བྱས་ནས་ཏཱ་ལའི་ཕྱོགས་གཏོགས་གྱི་ནུས་བ་ཁ་འཐོར་ཏུ་གཏོང་དགོས།
དེ་ལས་མང་བ་། “བོད་མིའི་ཆིག་སྒྲིལ་གཏོར་ཐབས་ཀྱི་པེ་ཅིང་གི་ངན་ཇུས།” »
ངེས་དོན་གྱི་སེམས་དཔའ་ཆེན་པོ
༧ གོང་ས་མཆོག་གི་སྐུ་བརྙན་འདི་མཇལ་རྗེས་སུ་བྲིས།
༧ གོང་ས་མཆོག
ངེས་དོན་གྱི་སེམས་དཔའ་ཆེན་པོ།
ཁྱེད་ཉིད་གཞན་ཡུལ་འདིར་བཞུགས་རྒྱུན་རིང་བའི་་་ལོ་ཟླའི་ནང་།
འཚེ་མེད་ཞི་བདེའི་ལྟ་གྲུབ་དང་་་་་དྲང་བདེན་གྱི་བོད་དོན་གླེང་བཞིན་སྐུ་ངལ་སོལ་མེད་་་་
༧་གོང་ས་མཆོག་་
ཁྱེད་ཀྱི་བགྲེས་སོང་གི་སྐུ་བརྙན་འདི་མཇལ་དུས་་་་ ཁོ་བོའི་སེམས་ཁུངས་སུ་བཟོད་མི་ཐུབ་པའི་སྐྱོ་སྣང་དང་་་
་་མིག་མཐའ་མཆི་མས་བཀང་སྟེ་་་་་མགྲིན་པ་གནོང་སོང་།
༧ གོང་ས་མཆོག
ཁྱེད་ས་མཐའ་ཁོ་ནར་ མི་ལོ་ལྔ་བཅུ་རིང་བཞུགས་ཏེ་ མཐོ་སྒང་གི་མ་ཡུམ་ལ་་་་རྒྱང་གཟིགས་མཛད་ཅིང་ མི་རིགས་འདིས་ཆེད་དུ་ དྲན་གདུང་གི་ཐུགས་ལ་སྐྱོ་སྣང་མང་སོང་།
དགེ་བསྐུལ་ཉི་ཟླ་ནོར་བུ།

ཟླ་རྗེས་མ་ལ་ཉི་འཛིན་དང་ཟླ་འཛིན་འདུག་པས་དགེ་བསྐུལ་ཞིག་ཞུས་ན་བསམ་བྱུང་། །
དད་དང་བརྩེ་ལྡན་གྱི་སྤུན་ཟླ་རྣམ་པ་དང་། རྒྱལ་ཕྱི་ནང་གི་དཔྱོད་ལྡན་རྣམ་པ་ལགས། ཕྱི་ལོའི་དབང་དུ་སྟངས་ན་ལོ་གཅིག་ཕལ་ཆེ་རྫོགས་འགྲོ་བཞིན་ཡོད་པ་རེད། ལོ་སར་ཟེར་བ་དེ་ཡང་ཉེ་བ་རེད་ཀྱང་། ད་ལོའི་ལོ་འདིའི་ནང་ལ་ཉི་ཟླ་འཛིན་པ་དང་ས་ཆུ་མེ་རླུང་འབྱུང་བཞིའི་གནོད་པ་དག་ལོ་རྒྱུས་ལ་བྱུང་མ་མྱོང་ཡང་བྱུང་ཡོད་པ་རེད། དུས་དང་རྟེན་འབྲེལ་འཁྱུག་པའི་སྐྱོན་ཞིག་རེད་སྙམ་ཡོད། གང་ལྟར་གཟིགས་དང་ཉི་འཛིན་ཟླ་འཛིན་བྱུང་བ་འདི་དག་ལོ་རྒྱུས་དང་སྦྱར་ན་བལྟས་ངན་དང་དུས་གཉེན་གཉིས་ཀ་རེད། གང་ལྟར་ཞུ་དགོས་པ་དངོས་དེ་དེ་རིང་གནམ་གང་རེད། སང་ཉིན་ནས་མགོ་ཟླ་བའི་ཚེས་གཅིག་རེད། མགོ་ཟླའི་ཚེས་བཅོ་ལྔ་ལ་ཉི་ལྡོག་དང་ཟླ་འཛིན་དང་གནམ་གང་ལ་ཉི་འཛིན་ཀྱང་འདུག་པས་དེ་ལུགས་ཀྱིས་རབ་ན་ཟླ་བ་གཅིག་ལ་དགེ་སྒྲུབ་སྡིག་སྤང་། དེ་མ་བྱུང་ན་ཡང་ཚེས་བཅོ་ལྔ་དང་སུམ་ཅུ་ལ་ཤ་མི་ཟ་བ་དང་ཆང་མི་འཐུང་བ་སོགས་གསོ་སྦྱོང་ལ་གནས་པ་དག་ཤིན་ཏུ་གལ་རེད། ང་ཚོ་རང་དྲིན་རང་ལ་ཆེ་བ་རེད་བསམ་ནས་ཞུས་པ་ཡིན། མ་ཚད་ཟླ་འདི་ལ་སྐྱེས་ཆེན་དམ་པ་༧གོང་ས་མཆོག་གི་ཞི་བདེའི་གཟེངས་རྟགས་་བཞེས་པ་དང་ཆོས་རྗེ་དམ་པའི་དུས་མཆོད་སོགས་དམ་པ་དུ་མ་ཞིག་འདས་འཁྲུངས་ཀྱི་དུས་ཆེན་དང་མདོ་རྒྱུད་འགས་ལོ་མགོ་ཡང་འདོད་ཀྱིན་ཡོད་པ་རེད། །དུས་ཡང་གལ་ཆེན་ཞིག་རེད་འདུག དེ་ལ་དུས་ཚོད་བཟང་པོ་དང་ངན་པ་དག་ནི་ཕྱིའི་རྟེན་འབྲེལ་དང་ནང་གི་་བཀྲ་ཤིས་བདེ་ལེགས་བསམ་པ་དེ་རེད། །དེས་ན་རང་རེ་ཚང་མ་བདེ་བ་འདོད་ལ་སྡུག་མི་འདོད་པའི་འགྲོ་བ་སེམས་ཅན་ཀུན་དང་། ཁྱད་པར་སྨྲ་ཤེས་དོན་གོ་བའི་མི་ཞིག་ཡིན་ནས་བཟུང་བཟང་ངན་འབྱུང་འགྱུར་དུས་ལ་ཡང་བསམ་བློ་གཏོང་གི་རེད། དེ་གཙོ་བོ་གང་ཟག་སྒེར་མི་ཚོའི་ཆོས་དང་འཇིག་རྟེན་གྱི་འཚོ་བ་དང་། ཁྱིམ་ཚང་། རང་གི་རྒྱལ་ཁབ་དང་རྒྱལ་ཡོངས་ལ་ཕན་ཐབས་བདེ་བསམ་པ་དེ་རེད། དེ་ནས་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཀུན་ལ་ཕན་བདེའི་བསམ་པ་བྱ་བ་དེ་རེད། བྱམས་བརྩེ་དང་ཕན་བདེའི་རྩ་བ་རྒྱལ་བསྟན་རིན་པོ་ཆེ་འདི་ལ་ཐུག་ཡོད་པ་རེད་། དེ་ཡང་རྒྱལ་བའི་བསྟན་པ་ཞེས་ཕྱི་རོལ་དཔལ་འབྱོར་དང་འཛུགས་བསྐྲུན་ཞིག་ལ་གོ་རྒྱུ་མ་རེད། ནང་སེམས་ཀྱི་བདེ་བ་དང་ཞི་བ་སྐྱིད་པ་ཞིག་ལ་གོ་དགོས་རེད། དེ་ཡིན་དུས་ནམ་རྒྱུན་བསམ་པ་ཀུན་སློང་བཟང་པོ་བཅོས་རྒྱུ་དེ་རེད། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཟེར་རྒྱུ་བོ་རེད། །བསམ་པ་བཟང་པོ་དེ་ཡོད་ན་ཡར་དཀོན་མཆོག་ལ་དད་འདུན་གྱི་རེ་བ་བཅའ་ཤེས་ཀྱི་རེད། མར་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་སྐྱེ་ཤེས་རྒྱུ་རེད། སངས་རྒྱས་ལ་དད་པ་དང་སེམས་ཅན་ལ་སྙིང་རྗེ་ཡོད་ནས་བཟུང་དེ་ནང་པ་སངས་རྒྱས་པ་རེད། དེ་ནས་རིམ་པ་བཞིན་དུ་ །གང་ཟག་གང་ཞིག་བློ་རིམ་པ་བཞིན་དང་ཐེག་པའི་གོ་རིམ་དག་རང་རྒྱུད་ལ་འབྱོར་ཡོང་གི་རེད། དེས་ན་དགེ་བསྐུལ་འདི་ཞུས་པ་ཡིན། ང་ཚོའི་ཡིད་ཀྱིས་བསམ་པ་བཟང་པོ་དང་བསྐྱེད་རྫོགས། ངག་གིས་མ་ཎི་སིདྡྷི་འདོན་པ་དང་བསྔོ་སྨོན། ལུས་ཀྱིས་ཕྱག་དང་བསྐོར་བ་དང་སོར་བྱང་སྔགས་ཀྱི་སྡོམ་པ་ལ་གནས་པ་དེ་རེད། དེ་འདྲ་ཞིག་ཡོང་བ་ལ་གསོལ་འདེབས་སྨོན་དམ་བཅའ་བྱས་ པས་རྒྱལ་བ་སྲས་དང་བཅས་པས་མཐུན་འགྱུར་གནང་བར་གསོལ་བར་འདེབས་སོ། །
ཕྱིར་རང་ལ་ཞིབ་དུ་བལྟས་དུས།
བོད། ལྷ་ཀླུ་གཉན་གསུམ
སྐྱེ་དུས་སུ་ངའི་རང་ངོ་མི་ཤེས་ཟེར་ན་འགྲིག ད་དུང་། སྐད་ཆ་ཡང་བཤད་ག་ལ་ཤེས། གཅིག་ཤེས་པ་དེ་ནི་ངུ་རྒྱུ་དེ་རེད། ལྟོགས་པའི་ཚེ་ན་ངུ་། དགའ་བའི་ཚེ་ན་དགོད། དགའ་སྐྱོ་ཆགས་སྡང་ནི་རང་ལག་དུ་ཡོད་པ་རེད། གཅིག་མི་ཤེས་པ་དེ་ནི་རང་ངོ་རེད་ལ། སྐད་ཡིག་གང་གི་ཁུངས་སུ་ཡང་མི་གཏོགས་པའི་མི་བུ་ཞིག་རེད།
ལོ་ཟླ་རིམ་འདས་ཀྱི་རྗེས་སུ། ངས་སྐད་ཆ་བཤད་། སྐད་ཆ་དེ་ནི་བོད་སྐད་རེད། རྒྱུ་མཚན་ནི་ངའི་ཕ་མ་གཉིས་ཀ་བོད་མི་རེད། ཁོང་རྣམ་པ་གཉིས་ཀྱིས་ང་ལ་བསླབ་པ་དེ་ཡང་བོད་སྐད་ལས་གཞན་ཞིག་གང་དུ་ཡོད། དེ་ནས་བཟུང་ངས་བཤད་ཤེས་པའི་སྐད་ཐོག་མ་དེ་ནི་བོད་སྐད་ཡིན་ལ། ང་ལ་བོད་པའི་རྣམ་ཤེས་ཤིག་ཡོད་པ་དེ་ནས་བཟུང་ངེས་འཛིན་བྱས་ན་འགྲིག་པ་ཡིན།
དབྱིན་ཇིའི་གབ་ཚིག་འགའ།
༡ ཚོགས་གི་འཁོར་ལོ་ཆེན་པོ་ལ་ཡུམ་གསུམ་ཡོད་རེད། བུ་རྣལ་འབྱོར་པ་གཉིས་དང་ཕ་རྣལ་འབྱོར་པ་གཉིས་འདུག རྣལ་འབྱོར་པ་སོ་སོར་ཡུམ་ཡོད་རེད། འདི་ག་རེ་རེད། ༢ བཟོ་མཁན་ལ་འདོད་པ་ཡོད་མ་རེད། ཉོ་མཁན་ལ་དགོས་པ་ཡོད་མ་རེད། དགོས་མཁན་གྱིས་ཧ་གོ་གི་ཡོད་མ་རེད། འདི་ག་རེ་རེད། ༣ རི་ཡོད་ན་ཡང་རྡོ་ཡོད་མ་རེད། རྒྱ་མཚོ་ཡོད་ན་ཡང་ཆུ་ཡོད་མ་རེད། ས་ཡོད་ན་ཡང་ཤིང་ཡོད་མ་རེད། འདི་ག་རེ་རེད།…
སྐུ་མདུན་ཨ་རིར་ཕེབས་དུས་ཀྱི་གསང་བའི་སྐད་ཆ་ཞིག
མི་ནག་ཚང་ལུང་རིགས་རྒྱལ།
ཁ་སང་དེ་རིང་ནུབ་ཕྱོགས་ཀྱི་གསར་ལམ་ཁག་ན་འུར་ཆི་ལེར་གླེང་བཞིན་པ་ནི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་གཞུང་ཚབ་ཁག་ལ་བཏང་བའི་གཞུང་འབྲེལ་ཡི་གེ་དང་། ཨ་རིའི་གཞུང་གིས་རྒྱལ་སྤྱིའི་སྲིད་གཞུང་དག་ལ་འབྲེལ་བ་འཛིན་སྟངས་སོགས་ལས་འཕྲོས་པའི་ཏར་འཕྲིན་མང་པོ་ཞིག་གི་གསང་བ་ཤོར་སོང་བའི་སྐོར་དེ་རེད།གསང་བ་འདི་དག་གི་ནང་ན་བོད་པ་ཚོ་འདུག་གམ། པེ་ཅིན་དང་ཝ་ཤིན་ཊོན་གྱི་བར་ན་བོད་ལས་འཕྲོས་པའི་གསང་བའི་སྐད་ཆ་འདྲ་ཡོད་དམ། གསང་བ་དེ་ཚོ་ཤོར་འདོད་ཆེ་ནས་མིན་པར། ཤེས་འདོད་ཀྱི་དབང་གིས་ངས་ཀྱང་ཝེ་ཀེ་གསང་སྣེ་ སྔོག་འགོ་བརྩམས། གསང་བ་བཙལ་མ་ཤེས་པར་མྱངས། གསང་སྣེ་གང་དུ་ཡོད་དམ། ཨ་རི་དང་ཤར་ཨེ་ཤ་ཡའི་བར་གྱི་གསང་བ་གང་ན་ཡོད་དམ། ཨ་རི་དང་པེ་ཅིན་གྱི་གསང་བའི་སྐད་ཆའི་རིམ་པ་དེ་གང་ཞིག་ཡོད་དམ། འདི་ལྟར་འདེད་ཀྱིན་དུ་བར་སྐབས་ཤིག་ནས་བོད་ཀྱི་སྐོར་ཞིག་ལ་ཐུག་སོང་། སྤྱིར་བཏང་འདི་ནི་གསང་བའི་ཁོངས་སུ་ཉར་འདུག་ན་ཡང་། ནམ་རྒྱུན་གྱི་བརྒྱུད་ལམ་ཁག་ལ་སྤེལ་བཞིན་པའི་སྐད་ཆ་ལས་ལྷག་ཅིག་མ་རེད་སྙམ། གང་ལྟར་ཁ་སང་དེ་རིང་གསང་བ་འདི་དག་གི་ནང་དུ་ཨེ་ཚུད་ལ་འཚང་ཁ་རྒྱག་བཞིན་པ་ཡིན། གཤམ་དུ་བོད་ཀྱི་སྐོར་ལ་བཤད་པའི་དོན་ཚན་གཉིས་ཇི་བཞིན་དུ་འགོད་པར་བྱ།
ཡིག་ཚགས་ཀྱི་ཨང་གྲངས། 09BEIJING1176 ཟླ་ཚེས། 2009-04-30 13:01 རིགས། SECRET ཁུངས་ངོ་མ། Embassy Beijing
དེ་ལས་མང་བ་། “སྐུ་མདུན་ཨ་རིར་ཕེབས་དུས་ཀྱི་གསང་བའི་སྐད་ཆ་ཞིག” »
"ཁ་བཤད་དོན་ལ་མི་གནས་"ཞེས་བ་དེ་མ་རེད་དམ།
སྦྲ་ནག་དོན་འགྲུབ་ཚེ་རིང་། བོད་རང་དབང་སློབ་ཕྲུག་ཚོགས་པ་ལགས ཁྱོད་ཀྱི་ད་ལྟ་བར་དུ་བོད་དོན་ལ་ནུས་ཤུགས་ཆེན་བཏོན་ཡོད་། བོད་ཀྱི་ལོ་རྒྱུས་ནང་ཟིན་ཐོ་བཀོད་ཡོད་། ཤེས་གསལ་ལ་ཁྱོད་ཀྱི་ཚོགས་མི་མང་ཆེས་ཤེས་ཕྱི་རྒྱལ་པ་ཡིན་པར་ཡང་གོ་མྱོང་། དེས་རྐྱེན་པས་ཡིན་ན་ནི་མི་ཤེས། འོན་ཀྱང་བོད་ཀྱི་སྐད་ཡིག་གི་ཐད་ལ་ཁྱོད་ཀྱི་ཚོགས་པ་དེ་ནི་ངོ་གནོང་བ་ཞིག་རེད་། ད་ལྟའི་སྐབས་འདིར་བོད་མི་སྒེར་བ་ཁག་གིས་དྲ་རྒྱ་དང་གསལ་བསྒྲགགས་དག་ཕར་ཞོག་། མཐའ་ན་མི་བུ་སྒེར་བའི་གཉེན་སྟོན་ཙམ་ཡིན་ཡང་བོད་རང་ཉིདཀྱི་སྐད་ཡིག་དེ་བེད་སྤྱད་གང་ཐུབ་ཐུབ་བྱས་ཡོད་། བོད་རང་དབང་སློབ་ཕྲུག་ཚོགས་པས་དྲ་རྒྱ་དང་གསལ་བསྒྲགས་དག་ནང་བོད་ཡིག་གི་ཚེ་སྲོག་རྗོགས་ཡོད་པ་དེར་བློ་ཕམ་པོ་བྱུང་། ད་དུང་ཁ་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཟེར་བ་དང་ལག་ལེན་དུ་བོད་ཡིག་ཚིག་རྐང་གཅིག་ཀྱང་བཀོད་སྤྱོད་མི་བྱེད་པ་འདི་ནི་”ཁ་བཤད་དོན་ལ་མི་གནས་”ཞེས་བ་དེ་མ་རེད་དམ།
“ཁ་བཤད་དོན་ལ་མི་གནས་”ཞེས་བ་དེ་མ་རེད་དམ།
སྦྲ་ནག་དོན་འགྲུབ་ཚེ་རིང་། བོད་རང་དབང་སློབ་ཕྲུག་ཚོགས་པ་ལགས ཁྱོད་ཀྱི་ད་ལྟ་བར་དུ་བོད་དོན་ལ་ནུས་ཤུགས་ཆེན་བཏོན་ཡོད་། བོད་ཀྱི་ལོ་རྒྱུས་ནང་ཟིན་ཐོ་བཀོད་ཡོད་། ཤེས་གསལ་ལ་ཁྱོད་ཀྱི་ཚོགས་མི་མང་ཆེས་ཤེས་ཕྱི་རྒྱལ་པ་ཡིན་པར་ཡང་གོ་མྱོང་། དེས་རྐྱེན་པས་ཡིན་ན་ནི་མི་ཤེས། འོན་ཀྱང་བོད་ཀྱི་སྐད་ཡིག་གི་ཐད་ལ་ཁྱོད་ཀྱི་ཚོགས་པ་དེ་ནི་ངོ་གནོང་བ་ཞིག་རེད་། ད་ལྟའི་སྐབས་འདིར་བོད་མི་སྒེར་བ་ཁག་གིས་དྲ་རྒྱ་དང་གསལ་བསྒྲགགས་དག་ཕར་ཞོག་། མཐའ་ན་མི་བུ་སྒེར་བའི་གཉེན་སྟོན་ཙམ་ཡིན་ཡང་བོད་རང་ཉིདཀྱི་སྐད་ཡིག་དེ་བེད་སྤྱད་གང་ཐུབ་ཐུབ་བྱས་ཡོད་། བོད་རང་དབང་སློབ་ཕྲུག་ཚོགས་པས་དྲ་རྒྱ་དང་གསལ་བསྒྲགས་དག་ནང་བོད་ཡིག་གི་ཚེ་སྲོག་རྗོགས་ཡོད་པ་དེར་བློ་ཕམ་པོ་བྱུང་། ད་དུང་ཁ་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཟེར་བ་དང་ལག་ལེན་དུ་བོད་ཡིག་ཚིག་རྐང་གཅིག་ཀྱང་བཀོད་སྤྱོད་མི་བྱེད་པ་འདི་ནི་”ཁ་བཤད་དོན་ལ་མི་གནས་”ཞེས་བ་དེ་མ་རེད་དམ།
བཅའ་ཁྲིམས་ལ་ཁ་གཡར་ཏེ་ཆོས་ཕྱོགས་ཀྱི་བྱེད་སྒོར་བཀག་འགོག་བྱས་མི་ཆོག།
རྩོམ་པ་པོ། ཤར་ཕྱོགས་ཁུག་རྟ། སྡོད་གནས གངས་སྐྱིད།
བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལས་བྱེད་ལིའུ་པིང་གིས་ ༢༠༡༠ ཀྲུང་གོའི་བོད་རིག་པ་དུས་དེབ་འདོན་ཐེངས་གཉིས་པའི་སྟེང་། དུས་སྐབས་གསར་བའི་བོད་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་ལ་བསམ་གཞིགས་ཅེས་པའི་རྩོམ་ཡིག་ཅིག་བྲིས་ཡོད་ལ། རྩོམ་ཡིག་འདི་ལིའུ་པིང་གི་མིང་ཐོག་རྒྱ་ནག་གཞུང་གིས་སྤེལ་ཡོད་པ་གསལ་བོ་ཡིན་ནའང་། རྒྱ་ནག་གཞུང་གི་འཇབ་ལ་རྒྱུགས་པའི་བྱེད་ཕྱོགས་དེར་ང་རང་དོ་སྣང་གསར་བ་ཞིག་བྱུང་ཞིང་། རྩོམ་ཡིག་དེའི་ཚན་པ་གཉིས་པའི་ནང་ཆོས་ལུགས་ཀྱི་བྱེད་སྒོ་ཚང་མ་ངེས་པར་དུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་མ་འགལ་བའི་སྔོན་འགྲོའི་ཆ་རྐྱེན་འོག་སྤེལ་དགོས་ཞེས་བྲིས་ཡོད། དེ་ནི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་བཀའ་རྒྱ་ཨང་ལྔ་པ་ཞེས་པ་དེ་བསྒྲགས་ནས་ལོ་གསུམ་ལྷག་ཕྱིན་པའི་རྗེས་ཏག་ཏག་ལ་སྒེར་བའི་མིང་ཐོག་ནས་འཇབ་ལ་རྒྱུགས་པའི་ཚུལ་གྱིས་ཐོན་ཡོད་ཅིང་། དེ་ནི་ཁོང་ཚོས་བོད་ཁུལ་དུ་བསམ་ཚུལ་དེ་རིགས་འགྲེམས་སྤེལ་དང་མཉམ་ཏུ་ཆོས་ལུགས་མི་སྣ་རྒྱལ་ཁབ་ཀྱི་ལས་དོན་ནང་ཆ་ཤས་ལེན་དུ་འཇུག་དགོས་ཞེས་པའི་གཏམ་ཡན་རླུང་སྤུར་གྱིས། དོན་དམ་ཆོས་ལུགས་བྱེད་སྒོ་ཚང་མར་སྟངས་འཛིན་བྱེད་རྒྱུ་ངོས་ལེན་ཡོང་ཐབས་དང་ཆོས་ལུགས་མི་སྣའི་བསམ་ཚོད་ལ་ལྟ་ཐབས་ཉག་གཅིག་ཡིན་པ་གསལ་བོ་རེད།
རྒྱ་རིགས་ཤེས་ཡོན་ཅན་ཁྲེན་ཝུས་ཅན་གྱིས་ཕྱི་ལོ་༢༠༠༨ལོའི་བོད་ས་ཡོངས་སུ་ཞི་རྒོལ་ཆེན་མོའི་དོན་རྐྱེན་བྱུང་རྗེས་སུ། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གནས་རྩ་སྟོང་བཟོ་བའི་གོམ་སྟབས་མགྱོགས་སུ་བཏང་ཚུལ་གསུངས་བ་ནི་གཡོལ་ཐབས་བྲལ་བའི་དངོས་དོན་རང་རེད། བོད་བརྒྱུད་ནང་བསྟན་གྱིས་སྲོག་དབང་བྱས་པའི་བོད་ཀྱི་རིག་གནས། སྐད་ཡིག ལེགས་བྱང་བཅས་པ་རྩ་སྟོང་བྱེད་འདོད་ཀྱི་འཆར་གཞི་མགྱོགས་ལ་མྱུར་བོའི་ངང་སྤེལ་གྱི་ཡོད་ལ། ཉེ་འཆར་བྱུང་བའི་མཚོ་སྔོན་ཞིང་ཆེན་བོད་རྒྱ་སྐད་གཉིས་དུས་ཡུན་འབྲིང་རིང་གི་བཅོས་བསྒྱུར་ཐད་ཀྱི་སྲིད་བྱུས་ནི་དཔེ་མཚོན་གསལ་བོ་ཞིག་ཡིན། དེར་རྒྱའི་སྐད་ཡིག་གཙོ་བོར་བཞག་པ་དང་བོད་ཀྱི་སྐད་ཡིག་ཕལ་བར་བཞག་སྟེ་རྒྱའི་སྐད་ཡིག་སློབ་ཁྲིད་ཀྱི་སྐད་ཡིག་ཏུ་བདམས་ཡོད་པ་མ་ཟད། ༢༠༡༥ ལོའི་བར་སློབ་ཆུང་དུ་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་གཙོ་བོ་དང་། མི་རིགས་རང་གི་སྐད་དང་ཡི་གེ་ཕལ་བར་བྱས་པའི་སྐད་གཉིས་སློབ་གསོ་མངོན་དུ་འགྱུར་དགོས་ཞེས་བོད་མི་རིགས་ཀྱི་ངོ་བོ་རིམ་བསྒྱུར་གྱིས་རྩ་སྟོང་འགྲོ་ཐབས་ཀྱི་དམིགས་ཡུལ་ཉག་ཅིག་བཟུང་ཡོད། ཡིན་ནའང་སྲིད་བྱུས་འདིས་གྲངས་ཉུང་མི་རིགས་ཀྱི་གཞི་རིམ་མང་ཚོགས་ཁྲོད། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་ལེན་བསྟར་གྱི་མེད་པའི་ཤེས་རྟོགསཤུགས་ཆེན་པོ་སྤེལ་ཡོད་པ་མ་ཟད། ༸གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་གི་བོད་སྐྱོབ་ལས་རིམ་གྱི་མངོན་འདོད་རྣམས་དངོས་ཐོག་བདེན་འཚོལ་ཡིན་པ་འཛམ་གླིང་ཀུན་གསལ་ཆགས་པ་རེད།
འདིའི་ཐད་རྒྱ་རིགས་སྐུ་ཞབས་ཁྲེན་ཝུས་ཅན་གྱི་དགོད་བྲོ་བའི་མཚར་གཏམ་ཞིག་གསུངས་འདུག། དེ་ནི་ངང་ལག་གི་མི་ཞེས་པ་དེ་རེད། ངས་བསམ་བློ་ལྟར་བྱས་ན། རྐང་ལག་བྲལ་བའི་ངང་ལག་གི་གཟུགས་ཅན་ཞིག་ནམ་ཡང་འགྲེངས་ཚུགས་སུ་གནས་མི་ཐུབ་པ་ལྟར། བོད་མི་བོད་ཀྱི་སྐད་ཡིག་རིག་གནས་མི་ཤེས་པ། ངང་ལག་གི་མི་མང་པོ་གསོ་སྐྱོང་བྱེད་ཀྱི་འདུག་པ་ཁོང་གིས་མཚར་གཏམ་དང་སྦྲགས་ནས་ཉེན་བརྡ་བཏང་བ་རེད། སེམས་ཀྱི་ཚོར་ཤེས་དང་ཡང་ན་ཤ་ཁྲག་གི་རྒྱུན་ཙམ་ལ་བརྟེན་དགོས་པའི་མི་རིགས་ཤིག་དང་མི་རབས་ཤིག་བྱུང་དུས། མི་རིགས་དེ་འཇིགས་ཟིན་པར་བསྒྲགས་མི་ཆོག་པ་གང་ཡང་མེད།
དེ་ལས་མང་བ་། “བཅའ་ཁྲིམས་ལ་ཁ་གཡར་ཏེ་ཆོས་ཕྱོགས་ཀྱི་བྱེད་སྒོར་བཀག་འགོག་བྱས་མི་ཆོག།” »
ཨ་རི་ཡུལ་ཁོ་ནར་འབྱུང་བའི་ངོ་མཚར།
བྱང་ཨ་རིའི་སྤྱི་འཐུས་གཅིག་འདི་ན་ཡོད་གི

ཆོལ་ཁ་དང་ཆོས་བརྒྱུད་ཁག་གིས་ད་ལོ་ཞིག་ནས་སྐབས་རྗེས་མའི་སྤྱི་འཐུས་ཀྱི་འོས་གཞི་ཁག་ལ་བགྲོ་གླེང་ཚ་ཚ་འུར་འུར་གནང་གི་འདུག་ཀྱང་། ང་ཚོ་བྱང་ཨ་རི་བ་དག་འཇམ་ཆགས་སེ་བྱེད་པ་དེ་ཅིས་མ་འགྲིགས་པ་རེད། ཡར་ཐོན་ཅན་གྱི་རྒྱལ་ཁབ་ནང་གནས་པའི་བོད་མི་ཚོ་ཅུང་ཟད་རྗེས་ལུས་ཐེབས་སོང་བ་ཡིན་རྒྱུ་མ་རེད། མིན་པའི་སྨོན་ལམ། ད་ནི། ས་ཁོངས་སོ་སོ་ནས་ཐོན་པའི་སྤྱི་འཐུས་ཀྱི་འོས་མི་ཁག་གི་གནས་ཚུལ་དང་ལོ་རྒྱུས་འབྲི་བ། བཅར་འདྲི་དང་བགྲོ་གླེང་སོགས་བྱེད་པའི་དུས་ལ་བབ་མི་འདུག་གམ། ང་ལ་མཚོན་ན། ཆོས་དབྱངས་བདེ་སྐྱིད་ལས་གཞན། བྱང་ཨ་རིའི་སྤྱི་འཐུས་ཀྱི་འོས་གཞིར་ཚུད་པའི་མི་གཞན་པ་དེ་དག་གི་སྐོར་ལ་ཆ་རྒྱུས་ཞིབ་ཚགས་མེད་པས། དེ་དག་གི་གནས་ཚུལ་ཞིབ་ཕྲ་ཤེས་པར་སྒུག་བསྡད་ཡོད་ལ། ངེད་ཚོའི་ས་གནས་ནས་ཡིན་པའི་མཛངས་མ་ཆོས་དབྱངས་བདེ་སྐྱིད་ལས་ཤེས་འཇོན་ལྷག་པ་ཅན་ཞིག་བྱུང་ན་དེ་འདེམས་ཆོག་ཆོག་ཡིན། དེ་མིན་ཆོས་དབྱངས་བདེ་སྐྱིད་བྱང་ཨ་རིའི་སྤྱི་འཐུས་སུ་འདེམས་ཀྱི་ཡིན།

