Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོམ་བསྡུའི་བརྡ་ཡིག

Posted on 2011-01-18 By དབང་ཕྱུག་ No Comments on རྩོམ་བསྡུའི་བརྡ་ཡིག

འོད་ཐིག་རྩོམ་སྒྲིག་ཁང་ནས། བོད་ཕྱི་ནང་གཉིས་ཀྱི་སློབ་གྲྭ་ཁག་གི་སློབ་གཉེར་བ་ཁག་གཙོ་བྱས་པའི་རྩོམ་པ་པོའི་སྡེ་ལ་ཆེད་ཞུ། འདིར་ནོར་གླིང་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གི་སློབ་མ་ཡོངས་ཀྱིས་ཆེད་གཉེར་བྱེད་བཞིན་པའི་དུས་ཚིགས་ཚགས་ཤོག སྤྱིའི་འདོན་ཐེངས་དྲུག་པ་སྤྱི་ཟླ་གསུམ་པའི་ནང་འགྲེམས་སྤེལ་བྱ་རྒྱུ་གཏན་ཁེལ་པས། བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ལས་བརྗོད་གཞི་དང་རྩོམ་ལུས་སྣ་ཚོགས་ཀྱི་རྩོམ་ཡིག་གང་མང་བསྐུར་ཡོང་བའི་རེ་བ་དང་། རྩོམ་ལུས་གང་ཡིན་ཡང་ཚགས་ཤོག་གི་ཚད་གཞིར་དམིགས་ནས་གང་བསྡུས་ཅི་ཐུང་གི་ཕྱོགས་ལ་འབོད་སྐུལ་ཀྱང་ཞུ་གི་ཡོད། ཕྱི་ལོ་༢༠༡༡ལོའི་སྤྱི་ཟླ་༢ པའི་ཚེས་༡༥ སྔོན་ལ་རྩོམ་ཡིག་ངེས་འབྱོར་གནང་དགོས། རྩོམ་ཡིག་ཚགས་སྟེང་འགོད་མིན་གང་ལྟར་ཡང་མ་རྩོམ་དོ་བདག་ནས་ཉར་ཚགས་གནང་དགོས་པ་ལས་རྩོམ་སྒྲིག་པས་ ཕྱིར་སློག་བྱེད་རྒྱུ་མིན་པ་ཐུགས་འཇགས་གནང་རོགས། འོད་ཐིག་རྩོམ་སྒྲིག་ཁང་ནས་ཕྱི་ལོ་༢༠༡༡ལོའི་སྤྱི་ཟླ༢པའི་ཚེས ༡༥ཉིན། AOTC Norbulingka…

དེ་ལས་མང་བ་། “རྩོམ་བསྡུའི་བརྡ་ཡིག” »

གསལ་བསྒྲགས།

ཤར་ཕྱོགས་མན་ཊེ་རུ་བསྐྱོད་པའི་ཟིན་ཐོ།

Posted on 2011-01-18 By དབང་ཕྱུག་ 12 Comments on ཤར་ཕྱོགས་མན་ཊེ་རུ་བསྐྱོད་པའི་ཟིན་ཐོ།

མདའ་མོ་ཚང་རྨོག་རུ་བསྟན་པ།

ཕྱི་ལོ་༢༠༡༡།༡།༩རེས་གཟའ་ཉི་མ་ཉིན་གྱི་ཞོགས་པ་སྔ་པོར་ལམ་བྲོ་ཞིག་སྒྲིག་སྟེ་རྒྱབ་རི་མཐོན་པོའི་རི་རྩེར་འགོས་པ་ཡིན།བོད་རྩིས་ཀྱི་དབང་དུ་བྱས་ན་དགུན་གྱི་གྲང་ངར་ཆེ་བའི་སྐབས་ཡིན་ཀྱང་།འདི་ཕྱོགས་སུ་ཚ་གྲང་གི་ཁོད་སྙོམས་པ་མ་ཟད།རི་འདབས་དང་ཆུ་འགྲམ་ན་སྔོ་ལྗང་ལྡན་པའི་ཞིང་ཁ་དང་སྔོ་ཚལ་མང་པོ་ཞིག་མཐོང་རྒྱུ་འདུག་་ངེད་དང་ལམ་གྲོགས་གཉིས་ཀྱིས་ཁེར་ལམ་ཞིག་དེད་དེ་ཤིང་ནགས་མང་པོའི་དཀྱིལ་ནས་ཐོན་པ་ཡིན།སེར་ཐིང་ཐིང་གི་ཉི་འོད་གངས་རིའི་སྟེང་ཕོག་པའི་འོད་མདངས་གསལ་པོ་མཐོང་བཞིན་འདུག་་སྤྲིན་པ་ལག་མཐིལ་ཙམ་ཡང་མེད་པའི་མཁའ་དབྱིངས་སུ་གངས་རིའི་འོད་མདངས་འཁྱིལ་འདུག་པས་ལོ་ངོ་བཅུ་གསུམ་ལྷག་ཏུ་ཁ་བྲལ་དུ་གྱུར་བའི་ཕ་ཡུལ་གངས་ལྗོངས་དེ་བདག་གིས་དངོས་སུ་དྲན་སོང་།

དེ་ལས་མང་བ་། “ཤར་ཕྱོགས་མན་ཊེ་རུ་བསྐྱོད་པའི་ཟིན་ཐོ།” »

སྣ་ཚོགས།

རྙ་མ་འཛག་སྟངས་ཀྱི་སློབ་ཁྲིད།

Posted on 2011-01-182011-01-18 By ཁ་བརྡ་ 17 Comments on རྙ་མ་འཛག་སྟངས་ཀྱི་སློབ་ཁྲིད།

༼གྲོགས་པོ་ཞིག་ལ་སྤྲིངས།༽
འབའ་སྲས།

སྙན་ངག་མེ་ལོང་ཁྲིད་པའི་ལངས་ཤོར་གྱིས།།
བདག་གི་སྐྱག་ཁ་སྐྱག་ལངས་ཤོར་བ་ཡིས།།
ད་ནི་ཁ་འདི་སུ་ལ་མི་འཛེམས་པར།།
འདོད་པའི་གཏམ་ཞིག་སྨྲ་ལ་ངོ་མི་གནོང་།།

དེ་ལས་མང་བ་། “རྙ་མ་འཛག་སྟངས་ཀྱི་སློབ་ཁྲིད།” »

སྙན་ངག

བདག་དང་འོད་ཀྱི་ཕུང་བོ།

Posted on 2011-01-182011-01-18 By ཁ་བརྡ་ 1 Comment on བདག་དང་འོད་ཀྱི་ཕུང་བོ།

འབའ་སྲས།

རང་ས་དྲོད་མོ་འཁྱག་པས་བཅུན་སོང་ད་ནི་བདག་ལ་རྟེན་གཞི་མེད།།
ས་གཞིའི་དབྱིག་གི་སྙིང་བོ་གཏོར་སོང་ད་ནི་བདག་ལ་འབྱོར་བ་མེད།།
ཞི་བདེའི་མེ་ཏོག་སད་ཀྱིས་སྐམ་སོང་ད་ནི་བདག་ལ་བདེ་སྐྱིད་མེད།།
བདག་གི་ཕུ་ནུ་ཕྱི་མར་བརྫངས་སོང་ད་ནི་བདག་ལ་བསྡོངས་གྲོགས་མེད།།

དེ་ལས་མང་བ་། “བདག་དང་འོད་ཀྱི་ཕུང་བོ།” »

སྙན་ངག

ཚང་མ་གཉིད་ཁུག་འདུག

Posted on 2011-01-182011-01-18 By ཡེ་ཤེས་ 4 Comments on ཚང་མ་གཉིད་ཁུག་འདུག

anime-2
ཀླུ་སྨྱོན།
ད་སོ་མ་ང་ཕྱི་རོལ་གྱི་མུན་པའི་ཁྲོད་དུ་འཆམ་འཆམ་ཞིག་ལ་ཕྱིན་པ་ཡིན།

མུན་ནག་གི་ཁྲོད་དུ་གློག་འོད་གསལ་ལ་མི་གསལ་བ་ཞིག་འཕྲོས་འདུག

མཉམ་པར་ཞིག་བཞག་དུས།

ལམ་འགྲམ་གྱི་རླངས་འཁོར་ཆེ་ཆུང་ཚང་མ་གཉིད་ཁུག་འདུག

རླངས་འཁོར་དེ་ཚོའི་རྒྱབ་ཀྱི་ཁང་པ་ཚང་མ་ཡང་གཉིད་ཁུག་འདུག

ཁང་པའི་ནང་གི་མི་ཚང་མ་ཡང་གཉིད་ཁུག་འདུག

མི་དེ་དག་གི་རྣམ་ཤེས་མ་རབས་དེ་ཚོ་ཡང་གཉིད་ཁུག་འདུག

དེ་ལས་མང་བ་། “ཚང་མ་གཉིད་ཁུག་འདུག” »

སྙན་ངག

ང་ལ་རྨི་ལམ་ཞིག་ཡོད།

Posted on 2011-01-172011-01-17 By ཁ་བརྡ་ 9 Comments on ང་ལ་རྨི་ལམ་ཞིག་ཡོད།

apfilers36jpg1-300x299

འབྲི་མཁན། དཔལ་ལྡན་རྒྱལ།

ཟླ་བ་འདིའི་ཚེས༡༧་ཉིན་ནི་ཨ་རིའི་རྒྱལ་ཡོངས་སུ་སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་གི་འཁྲུངས་སྐར་གུང་གསེང་དགའ་སྟོན་ཉིན་མོ་ཡིན། ཨ་རིའི་ནང་སྤྱི་འབངས་ཀྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་ནི་༡༩༢༩ལོའི་ཟླ་བ་བདུན་པའི་ཚེས་༡༥་ཉིན་སྐུ་འཁྲུངས། ༡༩༨༣་ལོར་ཨ་རིའི་གྲོས་ཚོགས་ཀྱིས་མང་མོས་ཐག་གཅོད་ལྟར། ཨ་རིའི་སྲིད་འཛིན་རོ་ནོ་རྡུ་རུས་རྒན་གྱིས་ལོ་ལྟར་ཟླ་བ་དང་པོའི་བདུན་ཕྲག་གསུམ་པའི་རེས་གཟའ་ཟླ་བའི་ཉིན་སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་ལ་བརྩི་བཀུར་མཚོན་ཆེད་རྒྱལ་ཡོངས་གུང་གསེང་ལ་གཏན་འབེབས་བྱས་པའི་ཁྲིམས་གཞི་མཚན་རྟགས་བཀོད།

དེ་ལས་མང་བ་། “ང་ལ་རྨི་ལམ་ཞིག་ཡོད།” »

རྩོམ་རིག

རིང་མིན་ཨོ་བྷ་མ་དང་ཧུ་ཅིན་ཐའོ་ལྷན་འཛོམས་བྱ་རྒྱུར་དམིགས་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་གླེང་བ།

Posted on 2011-01-172011-01-17 By ཁ་བརྡ་ 6 Comments on རིང་མིན་ཨོ་བྷ་མ་དང་ཧུ་ཅིན་ཐའོ་ལྷན་འཛོམས་བྱ་རྒྱུར་དམིགས་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་གླེང་བ།

བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག

༄༅། འདས་ཟིན་པའི་ཕྱི་ལོ་ ༢༠༡༠ ལོའི་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་བར་ཕྱི་མིག་ཅིག་བལྟས་ན། མི་མང་ཤོག་སྒོར་གྱི་འཛའ་ཐང་དང་། ཉོ་ཚོང་གི་རྩོད་རྙོག ཨ་རིས་ཐའེ་ཝན་ལ་གོ་མཚོན་བཙོང་པ། བོད་ཀྱི་དབུ་ཁྲིད་༸གོང་ས་མཆོག་གིས་ཨ་རིར་འཚམས་འདྲི་གནང་བ། དྲ་རྒྱ་ཕན་ཚུན་འབྲེལ་བ་བྱེད་པའི་རང་དབང་དང་། ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་རྩོད་གཞི་གཙོས་པའི་ཤར་ཨེ་ཤ་ཡའི་མཁའ་དབྱིངས་སུ་དམག་འཁྲུག་གི་སྤྲིན་ནག་ལང་ལོང་དུ་འཕྱུར་ཏེ་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཧ་ཅང་གི་རྣོ་ངར་དང་ཛ་དྲག་ཏུ་གྱུར་ཡོད།

དེ་ལས་མང་བ་། “རིང་མིན་ཨོ་བྷ་མ་དང་ཧུ་ཅིན་ཐའོ་ལྷན་འཛོམས་བྱ་རྒྱུར་དམིགས་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་གླེང་བ།” »

རྩོམ་རིག

ལོ་ངོ་ཅི་ཙམ་རིང་དུ། ངས་ཁྱེད་རང་བཙལ།

Posted on 2011-01-17 By དབང་ཕྱུག་ No Comments on ལོ་ངོ་ཅི་ཙམ་རིང་དུ། ངས་ཁྱེད་རང་བཙལ།

བོད ལྷ་ཀླུ་གཉན་གསུམ།

ལོ་ངོ་དེ་འདྲའི་མང་བོ་ཞིག
ངས་ཁྱེད་རང་ཁོ་ན་བཙལ་བ་ཡིན
ངས་ཁྱེད་ལ་རེ་བ་བརྒྱབས
ཡིད་ཆེས་བྱས
ཡོད་ཚད་ཁྱེད་ཀྱི་ཆེད་དུ་བཏང་
མཐར་ཐུག་ན ང་ལ་ཐོབ་སྲིད་པའི་དངོས་པ་དེ་གང་ཡིན་སྲིད

དེ་ལས་མང་བ་། “ལོ་ངོ་ཅི་ཙམ་རིང་དུ། ངས་ཁྱེད་རང་བཙལ།” »

སྙན་ངག

གློག་ལམ་གྱི་བརྩེ་འཕྲིན་བརྒྱད་པ།

Posted on 2011-01-172011-01-17 By དབང་ཕྱུག་ 12 Comments on གློག་ལམ་གྱི་བརྩེ་འཕྲིན་བརྒྱད་པ།

ཀུན་དགས་དབྱིན་ཡིག་ནས་བསྒྱུར།
27
བརྩེ་བའི་ཡིག་འབྲེལ་བ་ལགས།
ཁྱེད་ཀྱི་ཡི་གེ་འབྱོར་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།ཁྱེད་ཀྱི་ཡིག་འབྲུ་རེ་རེ་ཡི་བར་ནས་ངས་རང་ཉིད་ལ་དགོས་པའི་སྙན་ཚིག་གི་མེ་ཏོག་འཐུ་བཞིན་ཡོད་ལ།ཉི་འོད་ལྟ་བུའི་དགའ་སྣང་ཞིག་ངེད་ཀྱི་སེམས་པའི་གཏིང་རིམ་ལ་འཛུལ་སོང་།དེ་ནི་རེ་སྒུག་གིས་བཟི་བའི་བུ་མོ་ང་དྲ་རྒྱ་ཁང་ནས་ཐང་ཆད་གྲབས་བྱས་པའི་རྐྱེན་གྱིས་ཡིན་སྲིད་ལ།བསྐྱར་སྐོར་ཡང་བསྐོར་གྱིས་དྲ་ཚིགས་ཁང་ལ་བཅོལ་བའི་རེ་བ་འདིས་དྲ་བདག་གི་མིག་ལ་སུན་སྣང་ཡང་བྱིན་ཡོད་ངེས་སྙམ།

དེ་ལས་མང་བ་། “གློག་ལམ་གྱི་བརྩེ་འཕྲིན་བརྒྱད་པ།” »

འགྱུར་རྩོམ།

ཨ་ཚོགས་ཚང་གི་གཏམ་ཚོགས་དང་དེའི་བདག་པོ་གླེང་བ།

Posted on 2011-01-162011-01-18 By ཁ་བརྡ་ 18 Comments on ཨ་ཚོགས་ཚང་གི་གཏམ་ཚོགས་དང་དེའི་བདག་པོ་གླེང་བ།

ཐོགས་མེད།

ཉིན་འགའི་སྔོན<<ཁ་བརྡ་དྲ་བ>>འི་སྟེང་སྤེལ་ཟིན་པའི་རྡ་ས་མདོ་སྨད་དབུས་ས་གཉིས་ཀྱི་ཞུ་ཡིག་སྐོར་ལ་མི་མི་ཉུང་བ་ཞིག་གིས་བགྲོ་གླེང་གནང་བཞིན་པའི་སྐབས་རེད་ལ། འདི་ཡང་ཕྱོགས་ཞེན་དང་རིང་ལུགས་མཁྲེགས་འཛིན་གྱིས་གཡག་སྣ་ཁུར་ཚུར་མི་བྱེད་པར། མིའི་རིགས་ཀྱི་རིང་བཞིན་ལྷན་སྐྱེས་ཀྱི་སྐད་ཆར་བརྩི་མཐོང་དང་། ལྷག་བསམ་རྣམ་དག་གིས་བརྗོད་ཚུལ་སྣ་ཚོགས་དོགས་སློང་བསེད་དཀྲོལ་གནང་བ་མིའི་སྤྱི་ཚོགས་ཀྱི་འགྲོ་ལུགས་ཡིན། ཡིན་ནའང་། ཁོ་བོར་གནད་དོན་འདིའི་སྐོར་གསལ་བོར་མ་ངེས་པས་ཐད་ཀར<<དུས་བབ>>ནང་གི<<ཨ་ཚོགས་ཚང་གི་གཏམ་ཚོགས>>ཞེས་པའི་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་ཟིན་བྲིས་སུ་རོབ་ལྟ་ཞིག་བྱས་པ་ཡིན།

དེ་ལས་མང་བ་། “ཨ་ཚོགས་ཚང་གི་གཏམ་ཚོགས་དང་དེའི་བདག་པོ་གླེང་བ།” »

རྩོམ་རིག

ཚོགས་ཆང་མ་བཞེས་གོང་གི་སྐད་ཆ།

Posted on 2011-01-162011-01-17 By ཡེ་ཤེས་ 39 Comments on ཚོགས་ཆང་མ་བཞེས་གོང་གི་སྐད་ཆ།

wine_glass_reflection_img_47641
ཀླུ་སྨྱོན།

མི་ཚེའི་ནང་བརྗེད་ཐབས་བྲལ་བའི་ཉིན་མོ་ཞིག་ནས་བཟུང་སྟེ།

གནའ་བོའི་སྙན་ངག་པ་སྐོར་ཞིག་གི་བྱེད་སྟངས་བཞིན།

ཟླ་འོད་དཀར་ཞིང་བསིལ་རླུང་ལྡང་པའི་མཚན་མོ་རེ་རེ་བཞིན།

སྒེའུ་ཁུང་འཁྲིས་ཀྱི་ལྗོན་ཤིང་དེའི་འོག་ཏུ་བསྡད་དེ།

རྒུན་ཆང་དམར་པོའི་བྲོ་བ་མྱོང་བཞིན།

རང་སེམས་སྐྱིད་པོ་དགུང་ལ་བཏེགས་ཏེ།

ཆགས་སྡང་འབར་བའི་སྙན་ངག་རེ་འབྲི་རྒྱུ་དེ་ནི་ངའི་གོམས་གཤིས་ཤིག་ཏུ་གྲུབ་ཡོད།

ཉིན་འདི་ཚོར་ལུས་ཕུང་དེ་འདྲའི་བདེ་རྒྱུ་ཞིག་མེད་ལ།

སེམས་པ་ཡང་དེ་ཙམ་སྐྱིད་རྒྱུ་མེད་ན་ཡང་།

ཁ་སང་ཕྱི་དྲོར།

དེ་ལས་མང་བ་། “ཚོགས་ཆང་མ་བཞེས་གོང་གི་སྐད་ཆ།” »

སྙན་ངག

གནམ་ལོ་ཡག གནམ་ས་ཆ་ལིང་མ་རྡེབ་རོགས།

Posted on 2011-01-162011-01-18 By ཁ་བརྡ་ 29 Comments on གནམ་ལོ་ཡག གནམ་ས་ཆ་ལིང་མ་རྡེབ་རོགས།

རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ཁང་ནས།
གསལ་བཤད།

༡། ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་དྲ་དེབ་ཁག་ཏུ་འདྲ་མིན་བཤད་པའི་སྐོར་ང་ཚོས་མདོ་སྨད་དབུས་རྒྱུན་ལ་སྙན་ཞུ་ཞིག་ཕུལ་བའི་ཐད། མིང་འདྲ་མིན་གྱི་རྩོམ་ཡིག་དང་མཆན་ཅི་རིགས་ཐོན་བཞིན་འདུག་པར་བདག་སྤྲོད་བྱ་འོས་མ་མཐོང་མོད། ཁྱོད་རང་གིས་སྤྱི་ཚོགས་ནང་མགོ་འཐོམ་གཞིའི་རྫུན་སྒྲུང་དང་བཤད་ཡམས་ཇི་སྙེད་ཅིག་བྲིས་འདུག་སྟབས། དངོས་དོན་གསལ་བཤད་འདི་བཀོད་པ་ཡིན།
༢། ཨ་ཚོགས་ཀླུ་མཁར་བྱམས་རྡ་ས་ས་གནས་རྒྱུས་ལས་ཁང་གི་ཁྱབ་ཁོངས་ཀྱི་མི་ཞིག་ཡིན་སྟབས། ང་ཚོས་དེར་འགན་ཁུར་བའི་ཐོག་ནས་སྙན་ཞུ་ཕུལ་ཟིན་པ་ཡིན་ཞིང་། མཐའ་མའི་ཐག་གཅོད་ཇི་གནང་ནི་མདོ་སྨད་དབུས་རྒྱུན་ལས་ཁང་ལ་ཐུག་ཡོད།

དེ་ལས་མང་བ་། “གནམ་ལོ་ཡག གནམ་ས་ཆ་ལིང་མ་རྡེབ་རོགས།” »

རྩོམ་རིག

ང་ཚོ་དབྱར་རྩྭ་དགུན་འབུའི་གཡོ་འོག་ཏུ་ཚུད་ཀྱིན་འདུག (རླངས་ཚང་གཡག)

Posted on 2011-01-162011-01-16 By འཚོ་བྱེད་བུ 9 Comments on ང་ཚོ་དབྱར་རྩྭ་དགུན་འབུའི་གཡོ་འོག་ཏུ་ཚུད་ཀྱིན་འདུག (རླངས་ཚང་གཡག)

རྩོམ་པ་པོ: Anonymous ཚེས: 01/12/2011 – 00:59

ལོ་རབས་བརྒྱད་ཅུ་བ་ནས་བོད་ས་ཁྱོན་ཡོངས་ལ་དུས་ཡུན་ཐུང་ངུའི་ནང་སྒོར་མོ་མང་ཙམ་རེ་ལག་འབྱོར་ཡོང་བའི་ཐབས་ལམ་ཞིག་རྙེད་པ་ནི་དབྱར་རྩྭ་རྒུན་འབུ་བརྐོ་ཤེས་པར་གྱུར་པ་འདི་ཡིན་ལ། སྨན་རྩྭ་འདི་བརྐོ་ཤེས་པ་ནས་བོད་ཀྱི་རིག་གནས་མང་པོ་ཞིག་ལ་གོད་ཆག་འབྱུང་མགོ་ཚུགས་ཡོད་པ་ནི་ད་དུང་ཡང་ངོས་ཟིན་མཁན་དཀོན་པོར་གྱུར་ནས་ལུས་ཡོད།

དེ་ལས་མང་བ་། “ང་ཚོ་དབྱར་རྩྭ་དགུན་འབུའི་གཡོ་འོག་ཏུ་ཚུད་ཀྱིན་འདུག (རླངས་ཚང་གཡག)” »

རྩོམ་རིག

གཤིན་ཡུལ་ལ་སྤྲིངས་པ།

Posted on 2011-01-16 By དབང་ཕྱུག་ No Comments on གཤིན་ཡུལ་ལ་སྤྲིངས་པ།

རྟ་ནག་སྐལ་བཟང་ལུང་རིགས།

_______རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་དུ་ལོ་ངོ་བཞིའི་འཚོ་བའི་ཁྲོད་འདྲིས་པའི་གྲོགས་པོ་ཚེ་རྡོར་གཏན་དུ་གྱེས་པ།

མང་རའི་བྱེ་མའི་གཞུང་ན་ཁྱེད་ཀྱི་སེམས་རྟེན་ལུས་ཡོད།།

ར་རྒྱའི་ས་དམར་གཞུང་ན་ཁྱེད་ཀྱི་རྐང་རྗེས་ལྷག་ཡོད།།

གཤིན་རྗེ་ཞགས་པ་ནག་པོ་འཕེན་པ་ཅུང་ཙམ་སྔ་སོང་།།

མི་མཐོང་ཕྱི་མའི་འཕྲང་ལ་འགྲོ་བ་དེའུ་རེ་སྔ་སོང་།།

དེ་ལས་མང་བ་། “གཤིན་ཡུལ་ལ་སྤྲིངས་པ།” »

སྙན་ངག

བློ་བཟང་སེང་གེའི་༼རྒྱ་ནག་གི་ཨོ་བྷ་མ་༽ཞེས་བའི་གཏམ་བཤད་ལ་ཞིབ་འཇུག

Posted on 2011-01-152011-01-15 By ཁ་བརྡ་ 34 Comments on བློ་བཟང་སེང་གེའི་༼རྒྱ་ནག་གི་ཨོ་བྷ་མ་༽ཞེས་བའི་གཏམ་བཤད་ལ་ཞིབ་འཇུག

བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པས་སྤེལ། (By Editors of the Tibetan Political Review)
ཚེ་རིང་དོན་གྲུུབ་ཀྱིས་བསྒྱུར།

བཀའ་བློན་ཁྲི་བའི་འོས་བསྡུའི་འགྲན་བསྡུར་ལ་སེའེ་ར་པེ་ལིན་(Sarah Palin)ལ་བྱུང་བའི་ཐོག་མའིི་དོན་རྐྱེན་དེའི་རང་བཞིན་ལྡན་པ་དང་བློ་བཟང་སེང་གེ་དང་འཇམ་དབྱངས་ནོར་བུ་རྣམ་གཉིས་ལ་བཀའ་དྲིན་ཆེ་ཞུ། སེའེ་ར་པ་ལིན་ནི་ཕྱི་ལོ་༢༠༠༨ལོའི་ཨ་རིའི་སྲིད་འཛིན་གཞོན་པའི་འོས་གཞི་ལས་ཕམ་ཁ་མྱོང་མཁན་དེ་ཡིན་ཞིང་ཁོ་མོས་ཨུ་རུ་སུ་(Rassia)མོ་རང་གི་གཟིམ་ཤགས་ཨེ་ལ་སི་ཀ་(Alaska)ནང་ཡོད་པ་ནས་གཟིགས་ཐུབ་ཀྱི་ཡོད་ཙང་མོརང་ལ་ཕྱི་འབྲེལ་གྱི་ཉམས་མྱོང་ལྡན་ཡོད་ཞེས་བརྗོད། སྐད་ཆ་དེེས་ཁོ་མོའི་འཛིན་སྐྱོང་གི་དུས་ཡུན་ཕྱེད་ཀའི་རིང མོའི་ཞན་ཆ་དེ་དག་གནས་སྐབས་རིང་མི་མང་གི་སྐྱོན་བརྗོད་ལས་མཐར་ཐུབ་པ་བྱུང་བ་རེད། ཀློག་པ་པོ་ཚོས་མཁྱེན་གསལ་བཞིན་འཇམ་དབྱངས་ནོར་བུས་བདེན་མཐའ་སྐྱོང་བ་དེ་ནི་བློ་བཟང་སེང་གེ་ལགས་ཀྱིས་ཁོ་ནི་རྒྱ་ནག་གི་ཨོ་བྷ་མ་(Obama)བྱེད་འདོད་ཡོད་ཅེས་བརྗོད་པ་དེ་རེད། ཉན་ཞིབ་པ་ཁ་ཤས་ལ་མཚོན་ན་ཚིག་དེ་གསན་དུས་བློ་བཟང་སེང་གེ་ནི་རེ་འདུན་ཚད་བརྒལ་བྱེད་མཁན་ཞིག་གམ་ཡང་ན་ཆབ་སྲིད་ཀྱི་གོ་རྟོགས་སྐྱོ་བོ་འདུག་ཅེས་བརྗོད་སྲིད་པ་རེད། རྒྱ་ནག་གི་ཨོ་བྷ་མ་ཞེས་བའི་གླེང་གཞི་དེས་རྣོ་ངར་ཅན་གྱི་གླེང་སྟེགས་ཤིག་བསྐྲུན་ཡོད་པ་དང་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པ་(Editors of the Tibetan Political Review )ཚོ་ལ་མཚོན་ན་སྐད་ཆའི་འཐབ་རྩོད་འདི་ཙམ་གྱིས་གོ་རྟོགས་ལྡན་པའི་འོས་བླུགས་མཁན་ཚོ་ལ་དེ་འདྲའི་ཤུགས་རྐྱེན་ཐེབས་མི་ཐུབ་པའི་ཡིད་ཆེས་ཡོད། དེར་བརྟེན་ཚིག་དོན་འདི་ལ་གོ་བ་ལོག་པར་མི་ལེན་པའི་ཆེད་ང་ཚོས་བློ་བཟང་སེང་གེ་ལགས་ཀྱིས་དངོས་གནས་ག་རེ་བརྗོད་ཡོད་པ་ལ་འཚོལ་ཞིབ་བྱས་པ་དང་། ང་ཚོས་འོས་བླུགས་མཁན་ཚོས་འོས་མི་ཚོ་ཆབ་སྲིད་ཀྱི་ལང་ཕྱོགས་ཐོག་ནས་ཐག་གཅོད་བྱེད་རྒྱུ་ལས་དཀྲོག་གཏམ་ལ་ཡིད་ཆེས་བྱས་ཏེ་ཧོར་རྒྱུགས་མི་བྱེད་པའི་རེ་བ་བྱེད་ཀྱིན་ཡོད།

དེ་ལས་མང་བ་། “བློ་བཟང་སེང་གེའི་༼རྒྱ་ནག་གི་ཨོ་བྷ་མ་༽ཞེས་བའི་གཏམ་བཤད་ལ་ཞིབ་འཇུག” »

འགྱུར་རྩོམ།

༈ ཨ་རོགས་ལ་བསྐུལ་མ་ཚིག་གསུམ།

Posted on 2011-01-15 By དབང་ཕྱུག་ 2 Comments on ༈ ཨ་རོགས་ལ་བསྐུལ་མ་ཚིག་གསུམ།

ཤར་ཕྱོགས་ཀྱི་འོད་སྣང་ནས།

ཀ་མད་སུམ་ཅུའི་མུ་ཏིག་རྒྱན་ཕྲེང་་་
ཁ་བའི་མདོག་འདྲའི་ལྷག་བསམ་ལྡན་པའི་་་
ག་བུར་དབང་པོའི་བཞིན་རས་ཅན་ལ་་་
ང་ཡི་བརྩེ་སེམས་མཚོན་བྱེད་དུ།།

ཅ་དངོས་ཕུན་ཚོགས་ཡིད་དུ་འོང་བའི་་་
ཆ་རྐྱེན་ཀུན་འཛོམས་བདག་ལ་མེད་ཀྱང་་་
ཇ་རོ་ལྟ་བུའི་སྙིང་མེད་མ་ཡིན་་་
ཉ་གང་ཟླ་འདྲའི་ལྷག་བསམ་གྱིས།།

དེ་ལས་མང་བ་། “༈ ཨ་རོགས་ལ་བསྐུལ་མ་ཚིག་གསུམ།” »

སྙན་ངག

༄༅། །གངས་ལྗོངས་བོད་ཀྱི་རྣལ་འབྱོར་བ་ཆེན་པོ་རྗེ་བཙུན་བཞད་པ་རྡོ་རྗེ་ལ་བསྟོད་པ་ ཀ་བཤད་མུ་ཏིག་ཕྲེང་བསྒྲིགས།

Posted on 2011-01-152011-01-15 By དབང་ཕྱུག་ 20 Comments on ༄༅། །གངས་ལྗོངས་བོད་ཀྱི་རྣལ་འབྱོར་བ་ཆེན་པོ་རྗེ་བཙུན་བཞད་པ་རྡོ་རྗེ་ལ་བསྟོད་པ་ ཀ་བཤད་མུ་ཏིག་ཕྲེང་བསྒྲིགས།

milarepa

ཕྲན་ཤར་ཕྱོགས་འོད་སྣང་བས།

ཀ་མ་ལ་ལྟར་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་འགྲོ་བའི་མགོན།།

ཁ་སྦྱོར་བདུན་ལྡན་སྤྲུལ་བའི་རོལ་གར་ངེས་མེད་གདུལ་བྱའི་ཞིང་ས་རུ།།

ག་ཤེད་ཡུལ་ན་སྣ་ཚོགས་སྤྱོད་སྐྱོང་གྲུབ་ཆེན་ཏཻ་ལོའི་བུ་རྒྱུད་མཆོག།

ང་བདག་འཛིན་པའི་གཡུལ་ལས་རྣམ་རྒྱལ་ཕ་གཅིག་མར་པའི་གཅེས་ཕྲུག་བསྟོད།།

དེ་ལས་མང་བ་། “༄༅། །གངས་ལྗོངས་བོད་ཀྱི་རྣལ་འབྱོར་བ་ཆེན་པོ་རྗེ་བཙུན་བཞད་པ་རྡོ་རྗེ་ལ་བསྟོད་པ་ ཀ་བཤད་མུ་ཏིག་ཕྲེང་བསྒྲིགས།” »

སྙན་ངག

གློག་ལམ་གྱི་བརྩེ་འཕྲིན་བདུན་པ།

Posted on 2011-01-152011-01-15 By དབང་ཕྱུག་ 16 Comments on གློག་ལམ་གྱི་བརྩེ་འཕྲིན་བདུན་པ།

ཀུན་དགས་དབྱིན་ཡིག་ནས་བོད་བསྒྱུར་བྱས།

5-1བརྩེ་བའི་ཡིག་འབྲེལ་བ་ལགས།གློག་འཕྲིན་གྱི་བརྒྱུད་ལམ་སྤྱད་ནས་ང་ཚོའི་བར་དུ་བརྗོད་ན་རིན་ཐང་ལྡན་པའི་བརྩེ་འཛུམ་ཞིག་གི་མེ་ཏོག་ཁ་ཕྱེས་པ་རེད།ངས་སུ་ཞིག་ལ་ཐུགས་རྗེ་ཆེ་ཞུའི་ལེགས་སྐྱེས་འབུལ་དགོས་སམ།
ཁྱེད་རང་བདེ་བོ་ཡིན་ནམ།དེང་སང་ཁྱེད་ཀྱི་ལས་ཀའི་གནས་བབ་གང་འདྲ་འདུག
འདིར་ང་རང་གི་ཆོས་ལུགས་དང་འབྲེལ་བའི་སྐོར་ཞིག་བཤད་རྒྱུ་ཡིན།ཁྱེད་རང་དཀོན་མཆོག་ལ་ཡིད་ཆེས་ཡོད་དམ།ཁྱེད་ཀྱིས་དཀོན་མཆོག་གི་གནང་སྦྱིན་ལ་དང་ལེན་བྱེད་ཀྱིན་ཡོད་དམ།

དེ་ལས་མང་བ་། “གློག་ལམ་གྱི་བརྩེ་འཕྲིན་བདུན་པ།” »

འགྱུར་རྩོམ།

བཀྲ་ཤིས་ལྷུན་པོ་ནས་བསྐྱུར་པའི་ཆོས་གོས་སེར་པོ།

Posted on 2011-01-152011-01-15 By ཡེ་ཤེས་ 17 Comments on བཀྲ་ཤིས་ལྷུན་པོ་ནས་བསྐྱུར་པའི་ཆོས་གོས་སེར་པོ།

ཀླུ་སྨྱོན།
monk
ཞོགས་པ་དེར།

བྲེལ་འཚབ་དང་འཇིགས་སྐྲག་ཆེ་བའི་ཞོགས་པ་དེར།

མི་ཚེ་གང་བོར་བརྗེད་ཐབས་བྲལ་བའི་ཞོགས་པ་དེར།

རྩ་བས་བླ་མས་གནང་བའི་ཆོས་གོས་སེར་པོ་དེ།

བཀྲ་ཤིས་ལྷུན་པོའི་འདབས་ཀྱི་ཤིང་སྡོང་ཞིག་གི་ཡལ་གའི་སྟེང་དུ་འཕངས་པ་ཡིན།

ཕྱི་མིག་ཅིག་ལྟ་དུས།

ཆོས་གོས་སེར་པོ་དེ་བསིལ་རླུང་གི་ཁྲོད་དུ་ཧ་ཅང་ལྷིང་འཇགས་སུ་གནས་འདུག

ཆོས་གོས་སེར་པོ་དེ་དར་ལྕོག་སྣ་ཚོགས་ཀྱི་དཀྱིལ་དུ་ཕངས་སེམས་ཅི་ཡང་མེད་པར་གནས་འདུག

ཆོས་གོས་སེར་པོ་དེ་ཉི་འོད་སེར་པོ་ཞིག་གི་ཀློང་དུ་ཞེན་ཆགས་ཅི་ཡང་མེད་པར་སེར་ལམ་མེར་གནས་འདུག

དེ་ལས་མང་བ་། “བཀྲ་ཤིས་ལྷུན་པོ་ནས་བསྐྱུར་པའི་ཆོས་གོས་སེར་པོ།” »

སྙན་ངག

རྡ་སར་ཁ་བ་བབས་བྱུང།

Posted on 2011-01-152011-01-15 By ཁ་བརྡ་ 11 Comments on རྡ་སར་ཁ་བ་བབས་བྱུང།

dscf3685-1
བོད་ཀྱི་ཕོ་གསར་གྱིས་གནས་ཚུལ་མཁོ་སྤྲོད་བྱས།
༢༠༡༡། ༡། ༡༤། དགོང་མོའི་ཆུ་ཚོད་༡༢ནས་བཞུགས་སྒར་དུ་ཁ་ཆར་འདྲེས་མ་བབས་བྱུང། མེག་ལོར་ནས་གངས་སྐྱིད་བར་དུ་རླངས་འཁོར་དལ་བགྲོད་བྱེད་དགོས་ཤིང། གློག་མེད་པས་གངས་སྐྱིད་ལས་ཁུང་ཁག་ཁུ་སིམ་མེར་གནས་ཤིང། གོ་ཐོས་ལ་རྒྱུད་སྟོད་དང་ནོར་གླིང་བཀྲ་ཤིས་ལྗོངས་སོགས་སུའང་གློག་མདུག་ཟེར། ལམ་བར་གངས་ཆུ་འདྲེས་མས་ཞབས་ལྷམ་ཆུས་བྱིངས་པའི་ནང། བཀའ་ཁྲི་རིན་པོ་མཆོག་འཁར་བར་བརྟེན་ནས་ནམ་རྒྱུན་གྱི་ཁྱི་ལ་ཁ་ཟས་སྦྱིན་པ་སོགས། གངས་རླུང་ཁྲོད་ནས་དལ་བར་གནང་སྟེ་ལས་ཁུངས་སུ་ཕེབས་སོང། བཤད་སྲོལ་ལ་ད་རེའི་གངས་འདི་བཙན་བྱོལ་བོད་མིའི་བསྟི་གནས་གངས་སྐྱིད་དུ་ལོ་ལྔའི་རྗེས་ཀྱི་ཐེངས་དང་པོ་དེ་ཡིན་རབ་གླེང།

དེ་ལས་མང་བ་། “རྡ་སར་ཁ་བ་བབས་བྱུང།” »

གསར་འགྱུར།

Posts pagination

Previous 1 … 745 746 747 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme