Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་ཕ་ཡུལ་གྱི་ལོ་སར།

Posted on 2011-02-042011-02-04 By ཁ་བརྡ་ No Comments on ངའི་ཕ་ཡུལ་གྱི་ལོ་སར།

ཐོར་རྒོད་པ་སྤྱན་ཆབ།
བསམ་གཞིག་ཞིག་གིས་ཁོམ་ལོང་གཏན་ནས་མི་སྟེར་པས།
རང་ཉིད་ཀྱི་ཕྱི་ནང་དང་བཅས་པར་རྩིས་ལེན་བྱ་ཐབས་བྲལ་ཡང་།
ཆུ་ཚོད་ཀྱི་ཅུང་སྒྲས་ང་རང་གཉིད་ལས་བསླངས་བ་ན།
དེ་རིང་ནི་ངའི་ཕ་ཡུལ་ཀྱི་ལོ་སར་རེད་འདུག

དེ་ལས་མང་བ་། “ངའི་ཕ་ཡུལ་གྱི་ལོ་སར།” »

སྙན་ངག

ངས་ཁྱེད་ག་དུས་མཇལ་ཐུབ་བམ།

Posted on 2011-02-042011-02-04 By ཡེ་ཤེས་ 26 Comments on ངས་ཁྱེད་ག་དུས་མཇལ་ཐུབ་བམ།

tibetan-girl-weaving
ཀླུ་སྨྱོན།
ཁ་པར་འདིའི་དྲིན་ལས་ངས་ཁྱེད་རང་རྙེད་བྱུང་།

ཁ་པར་འདི་བརྒྱུད་ནས་ངས་ཁྱེད་རང་མཇལ་བྱུང་།

ཁྱེད་རང་སྐད་གྲགས་ཆེ་བའི་ཨ་རིའི་རྒྱལ་སར་བཞུགས་ཡོད་ཅིང་།

ལས་ཁུངས་ཡག་པོ་ཞིག་ཏུ་ཕྱག་ལས་གནང་གིན་ཡོད་ལ།

གླ་ཕོགས་ཀྱང་ང་ལས་ལྡབས་འགས་མཐོན་པོ་ཞིག་ལེན་བཞིན་ཡོད་པ་བདེན་ཡང་།

ཁྱེད་ཀྱང་ང་དང་འདྲ་བར་སྐབས་རེར་སུན་སྣང་དང་ཁེར་རྐྱང་གི་སྡུག་བསྔལ་གྱིས་མནར་བཞིན་ཡོད།

ཁྱེད་ཀྱང་ང་དང་འདྲ་བར་མི་ཡུལ་གྱི་འཚོ་བའི་མནར་གཅོད་དང་ས་མཐའི་སྐྱོ་གདུང་གིས་གཙེ་བཞིན་ཡོད།

དེ་ལས་མང་བ་། “ངས་ཁྱེད་ག་དུས་མཇལ་ཐུབ་བམ།” »

སྙན་ངག

ཛ་དྲག་གསལ་བསྒྲགས།

Posted on 2011-02-042011-02-04 By བེ་རི་འཇིགས་མེད 30 Comments on ཛ་དྲག་གསལ་བསྒྲགས།

མཚུངས་མེད་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ས་གནས་རྒྱུན་ལས་ཁག་སོ་སོ་དང་། འབྲེལ་འཐུད་པ་སོགས་འབྲེལ་ཡོད་སོ་སོར་ཆེརད་ཞུ། ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་གསལ་ལྟར། རྒྱལ་བ་ཀརྨ་པའི་ཞབས་ཞུ་བས་ཁྲིམས་ལུགས་མ་ཤེས་པར་དངུལ་དངོས་བདག་ཉར་གནང་ཕྱོགས་དང་འབྲེལ་བའི་དཀའ་རྙོག་འཕྲད་བཞིན་པར་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་གཙང་མ་ཡོང་ཤག་བྱས་ཏེ་ད་བར་ངང་སྒུག་ཞུས་པ་ཡིན། འོན་ཀྱང་ཐག་གཅོད་ཡོང་རྒྱུའི་ཚབ་ཏུ་རང་ཅག་བོད་གངས་ཅན་པའི་སྐྱབས་ཡུལ་༸་རྒྱལ་དབང་ཀརྨ་པ་མཆོག་ལ་གསར་འགྱུར་བརྒྱུད་ལམ་ཁག་དང་། རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་གིས་ཡོང་མི་སྲིད་པའི་རྫུན་གཏམ་དང་། རྒྱ་མིའི་གསང་ཉུལ་ཡིན་པའི་སྦིར་བསྒྲགས། དེ་དང་འབྲེལ་བའི་སྒྲོ་བཏགས་ཀྱི་ལམ་ནས་སྐྱབས་ཡུལ་མཆོག་ལ་མཚན་སྨད་རྒྱ་ཆེ་ཞུས་པར་རང་རེ་མདོ་ཁམས་ཤི་གསོན་གཉིས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་མ་ཟད། ས་གནས་རྒྱུན་ལས་སོ་སོས་རྒྱ་གར་དབུས་གཞུང་གི་སྲིད་བློན་དང་། ཧི་མ་ཅལ་མངའ་སྡེའི་སྲིད་བློན་གཙོས་འབྲེལ་ཡོད་སོ་སོར་རྒྱ་གར་བའས་བྱེད་ཕྱོགས་དེ་ལ་ངོས་ལེན་མེད་པའི་སྙན་ཞུ་དང་སྦྲགས་༸རྒྱལ་བ་ཀརྨ་པ་མཆོག་དཀར་པོ་དཀར་རྐྱང་ཡིན་པའི་རྒྱབ་སྐྱོར་གྱི་སྙན་ཞུ་འབུལ་དགོས། ས་གནས་ས་ཐོག་ནས་ལས་འགུལ་ངི་ལྟར་སྤེལ་བའི་གནས་ཚུལ་རྣམས་འདི་ག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་འཕྲལ་འབུལ་དགོས་པ་བཅས་ཛ་དྲག་གིས་བཀའ་ཁྱབ་ཏུ། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཕྱི་ལོ་ ༢༠༡༡ ཟླ ༡…

དེ་ལས་མང་བ་། “ཛ་དྲག་གསལ་བསྒྲགས།” »

གསར་འགྱུར།

ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོའི་སྐོར་ལ་བསམ་གཞིགས་ཐོར་བུ། ༼༢ ༽

Posted on 2011-02-04 By དབང་ཕྱུག་ 8 Comments on ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོའི་སྐོར་ལ་བསམ་གཞིགས་ཐོར་བུ། ༼༢ ༽

རི་སྤྱང་ཁེར་འགྲོ

འགྲོ་མིའི་མཆེད་ཁུངས་དེ། ཨ་ཧྥུ་རི་ཀ་ཁོ་ན་ལས་ཤར་གླིང་ཨེ་ཞི་ཡ་དང་ཡོ་རོབ་སོགས་ལ་རྩད་གཅོད་དང་ཚོད་དཔག་བྱེད་མཁན་མེད་པ་ནི་མིན་ཡང་། ༡༨༧༡་ལོར་པར་སྐྲུན་བགྱིས་པའི་༼མིའི་བྱུང་བ The Descent of man༽་ཞེས་པའི་གླེགས་བམ་ནང་། སྐྱེས་ཁམས་ཚན་རིག་པ་ཆེན་མོ་ཊར་ཝུན་གྱིས་ཨ་ཧྥུ་རི་ཀ་ནི་མིའི་མཆེད་ཁུངས་ཡིན་པ་ཚན་རིག་དང་མཐུན་པའི་ལུང་བསྟན་ཕེབས་པ་ལ་བརྟེན། དུས་རབས་གོང་མའི་སྟོད་ནས་མིའི་མེས་པོའི་གཏེར་རུས་ཨ་ཧྥུ་རི་ཀའི་ཤར་རྒྱུད་དུ་རྩད་གཅོད་བྱེད་མཁན་ཐོག་མིའི་གྲས་དང་། མིའི་འབྱུང་ཁུངས་སྨྲ་བའི་ཤིང་རྟ་ཆེན་པོ་ལོ་ཡི་སེ ལི་ཁེ་Louis Leakey་དང་ཁོའི་བཟའ་ཟླ་ མ་རེ ལི་ཁེ་Mary Leakey ཟུང་གིས། ཨ་ཧྥུ་རི་ཀའི་ཤར་རྒྱུད་ཀྱི་རྒྱལ་ཁོངས་ཁེན་ཡ་Kenyaདང་ཐན་ཛན་ནི་ཡའི་Tanzania ནང་ཡ་ཐོག་མིའི་གཏེར་རུས་འགྱུར་རྡོ་དང་ཤུལ་བཞག་རྩད་གཅོད་ཀྱི་སྒོ་ཕྱེ་ཞིང་།

དེ་ལས་མང་བ་། “ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོའི་སྐོར་ལ་བསམ་གཞིགས་ཐོར་བུ། ༼༢ ༽” »

དཔྱད་རྩོམ།

ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོའི་སྐོར་ལ་བསམ་གཞིགས་ཐོར་བུ། ༼༡ ༽

Posted on 2011-02-042011-02-04 By དབང་ཕྱུག་ 2 Comments on ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོའི་སྐོར་ལ་བསམ་གཞིགས་ཐོར་བུ། ༼༡ ༽

རི་སྤྱང་ཁེར་འགྲོ

13ཨ་ཧྥུ་རི་ཀའི་ནགས་ཀློང་གི་སྤྲ་རྒོད་དགུ་རི་ལ་Gorilla་དང་མཆིམས་ཕན་ཛེ་Chimpanzee ། ཤར་གླིང་མ་ལི་ཞི་ཡ་དང་ཧིན་རྡུ་ཉི་ཞི་ཡའི་ནགས་ཚལ་གྱི་སྤྲ་རྒོད་ཨོ་རིང་ཨ་བརྟན་Orangutan་སོགས་མིའི་ཤ་ཚུགས་དང་ཆེར་འདྲ་བའི་སྤྲ་རྣམས་མཐོང་བ་ཙམ་གྱིས། སྲོག་ཆགས་ཚན་རིག་ལ་མཁས་བ་དང་རིགས་རྒྱུན་རྡུལ་རྫས་DNA་ཡི་བརྟག་དཔྱད་ནི་མི་དགོས་་པར།

དེ་ལས་མང་བ་། “ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོའི་སྐོར་ལ་བསམ་གཞིགས་ཐོར་བུ། ༼༡ ༽” »

དཔྱད་རྩོམ།

ཨ་ཁུ་འབྲོག་པའི་ལོ་སར་སྟངས།

Posted on 2011-02-032011-02-03 By dhatsenpa 9 Comments on ཨ་ཁུ་འབྲོག་པའི་ལོ་སར་སྟངས།

གཅིག ལོ་གསར་གྲ་སྒྲིགས།
དེ་རིང་དུས་ཚོད་ཅུང་ཙམ་ཡོད་པས་ང་རང་འཚར་ལོང་བྱུང་སའི་འབྲོག་སྡེ་དེས་ལོ་སར་སྟངས་ཀྱི་སྐོར་ཅུང་ཟད་ཁ་བརྡ་བྱེད་ན་འདོད་བྱུང་། འབྲོག་ཐང་སྟོང་པར་གནས་པའི་འབྲོག་པ་ཚོར་ཤ་མར་རྩམ་གསུམ་བཟའ་རྒྱུ་འབེལ་ནའང་། དགའ་སྤྲོ་འདུ་ལོང་བྱེད་པའི་དུས་སྟོན་ནི་ལོ་གསར་མ་གཏོགས་ཕལ་ཆེར་མེད་པའི་བཟོ་འདྲ་ཞིག་རེད། ལོ་ཁོར་མོ་གཅིག་གི་ནང་གི་ལོ་གསར་དེ་འབྲོག་པ་ཚོར་མཚོན་ན། དུས་སྟོན་རྩ་ཆེ་ཤོས་དང་རྒྱ་ཆེ་ཤོས་དེ་རེད། འབྲོག་ཁྱིམ་རེ་རེ་ནས་ལོ་གསར་སྐྱིད་པོ་དང་ཡག་པོ་ཞིག་སར་བའི་ཆེད།

དེ་ལས་མང་བ་། “ཨ་ཁུ་འབྲོག་པའི་ལོ་སར་སྟངས།” »

གསར་འགྱུར།, རྩོམ་རིག

ཐམས་ཅད་མཁྱེན་པའི་ན་ཚ།

Posted on 2011-02-032011-02-03 By ཁ་བརྡ་ 10 Comments on ཐམས་ཅད་མཁྱེན་པའི་ན་ཚ།

གཡང་སྐྱབས་རྒྱལ།

སྐད་ཆ་འདི་བཤད་མཁན་ནི་ང་སྡོད་སའི་སློབ་གྲྭའི་སློབ་མ་ཞིག་རེད། “ང་ཚོ་ བོད་རིག་པའི་ སློབ་སྦྱོང་ཐོག་ ཞིབ་འཇུག་སློབ་མ་དང་ འབུམ་རམས་པའི་སློབ་སྦྱོང་བྱེད་མཁན་ཧ་ཅང་ཉུང་ཉུང་འདུག ད་ལྟ་ཚེ་རིང་ཤཀྱཱ་ལྟ་བུ་ཁ་ཤས་ཤིག་ཡོད། རྗེས་མ་འདི་འདྲ་མ་ཡོང་ཚེ། བོད་རིག་པའི་སློབ་སྦྱོང་གི་སྡིངས་ཆའི་སྟེང་དུ་ བོད་མི་མེད་པ་ཆགས་ས་རེད།”

སྐད་ཆ་འདི་ངའི་སེམས་ལ་ཟུག སྐད་ཆ་འདི་གྲོགས་པོ་ཞིག་ལ་འཁྱེར་བ་ཡིན། གྲོགས་པོས་སྐད་ཆ་འདིའི་གཞི་རྩ་ལ་མོས་མཐུན་བྱས་མོད། དེ་ལ་སྣོན་པ་ཞིག་བརྒྱབ་བྱུང་། དེ་ནི། “རྒྱ་གར་ནས་འཚར་བའི་སློབ་མ་ཚོའི་ཁྲོད་ནས་ བོད་རིག་པའི་སློབ་སྦྱོང་ཐོག་ ཆེད་ལས་སློབ་སྦྱོང་བྱེད་ཐོན་མཁན་དཀོན་པོ་ཡིན་པ་ནི་བདེན་པ་རེད། འོན་ཀྱང་སེམས་འཚབ་བྱེད་དགོས་པ་མི་འདུག ད་བོད་ནས་ཐོན་ཡོང་གི་འདུག བོད་ནས་ནུབ་ཕྱོགས་ཀྱི་སློབ་གྲྭ་ཁག་ཏུ་ བོད་རིག་པའི་སློབ་སྦྱོང་ཐོག་ ཞིབ་འཇུག་སློབ་མ་དང་འབུམ་རམས་པའི་སློབ་སྦྱོང་བྱེད་མཁན་ མ་མཐའ་ལ་ཡང་ བཅུ་གྲངས་ཤིག་འདུག” ཅེས་གསུངས་བྱུང་།

དེ་ལས་མང་བ་། “ཐམས་ཅད་མཁྱེན་པའི་ན་ཚ།” »

རྩོམ་རིག

རྒྱ་ལོའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས།

Posted on 2011-02-032011-02-03 By dhatsenpa 8 Comments on རྒྱ་ལོའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས།

དེ་རིང་ནི་རྒྱ་ལོའི་ཚེས་གཅིག་གི་ལོ་གསར་རེད། ཉི་ཤར་གྱི་དང་པོ། རྟེན་འབྲེལ་གྱི་མགོ་མ་འདིར། ངས་ཐོག་དང་པོར། ཉིན་འདིར་ལོ་གསར་གཏོང་བཞིན་པའི་འཛམ་གླིང་ཕྱོགས་མཐའི་སྐྱེ་ཕོ་མོ་ཐམས་ཅད་དང་། ལྷག་པར་དུ། དུས་བཟང་ཚེས་བཟང་འདིར་ལོ་སར་བཞིན་པའི་མདོ་ཁམས་ཀྱི་བོད་མི་ཡོངས་ལ། ལོ་འདིར། མི་ལ་ན་ཚ་གོད་ཁ་མེད་པར། ཞིང་ཕྱུགས་ལོ་ལེགས་ཡོང་པའི་སྨོན་ལམ་འདེབས།

དེ་ལས་མང་བ་། “རྒྱ་ལོའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས།” »

རྩོམ་རིག

རྒྱའི་ལོ་གསར་མེད། བོད་ཀྱི་ལོ་གསར་གཏོང་རྒྱུ་ཡིན།

Posted on 2011-02-032011-02-03 By འབྲོང་བུ་ཟླ་བ་ཚེ་རིང་ 44 Comments on རྒྱའི་ལོ་གསར་མེད། བོད་ཀྱི་ལོ་གསར་གཏོང་རྒྱུ་ཡིན།

འབྲོང་བུ་ཟླ་བ་ཚེ་རིང།
ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་བོད་ནང་གི་ཞི་རྒོལ་ཆེན་མོའི་རྗེས་ནས་མདོ་སྨད་གཅན་ཚ་རྫོང་གི་རྒན་ཡོལ་ལས་བྱེད་པ་དང་། ཤེས་ལྡན་མི་སྣ། སེར་མོ་བ་བཅས་ཀྱིས་མགོ་བཙུགས་ཏེ་མི་མང་བྱིངས་རྣམས་ཀྱི་ནང་དུ་མདོ་སྨད་ཁུལ་གྱི་ལོ་གསར་ལ་རོལ་སྟངས་ཀྱི་སྐོར་ལ་བགྲོ་གླེང་ཤུགས་ཆེན་བྱས་ཏེ། མདོ་སྨད་ཡུལ་ནས་༼རྒྱ་ལོའི་ལོ་གསར་༽ལ་འབོད་པའི་ཧོར་ཟླའི་ལུགས་ཀྱི་ལོ་གསར་ཏེ་རྒྱ་ཡིས་དཔྱིད་ཀའི་དུས་སྟོན་ལ་ངོས་འཛིན་བྱེད་པ་འདི་རྒྱ་ནག་གི་ལོ་གསར་སྟངས་ཤིག་ལས་བོད་རིགས་རང་ཉིད་ཀྱི་ངོ་བོ་མཚོན་པའི་དུས་ཆེན་ཞིག་མིན་པ་དང།

དེ་ལས་མང་བ་། “རྒྱའི་ལོ་གསར་མེད། བོད་ཀྱི་ལོ་གསར་གཏོང་རྒྱུ་ཡིན།” »

གསར་འགྱུར།

ཨ་མ་ལགས ངས་ཁྱེད་རང་དྲན་གི

Posted on 2011-02-03 By དབང་ཕྱུག་ 11 Comments on ཨ་མ་ལགས ངས་ཁྱེད་རང་དྲན་གི

ཤར་ཕྱོགས་ཁུག་རྟ

གནམ་གང་གི་དགུང་མོར་
ལོ་རྟག་པར་ཁྱེད་ལ་འདི་ལྟར་ཁ་པར་བཏང་བ་ཡིན
ཉི་མ་འགྲོ་གྱིན་འགྲོ་གྱིན ཟླ་བ་སོང་གི་སོང་གི
ལོ་ཡི་ཐོག་ལ་ལོ་བསྣན་ཡོང་དུས
ཨ་མ་ཁྱེད་ཀྱི་ན་ནིང་གནམ་གང་དགུང་མོའི་བཀའ་མོལ་དེ་འདྲ
དོ་དགོང་མིད་པས་ཕྲེང་ནས་འགག་སྟེ
ཅི་ཞིག་གསུང་འདོད་ཀྱིས་ ཞལ་ནས་སྐད་ཆ་མི་ཐོན་པའི་སྒྲ་དེས
ངའི་རྣ་ཁུངས་ཀྱི་འཁྱག་པ་རྣམས་ཞི་བར་བྱས་སོང

དེ་ལས་མང་བ་། “ཨ་མ་ལགས ངས་ཁྱེད་རང་དྲན་གི” »

སྙན་ངག

རང་གི་རྐང་མགོར་ལོངས་ཤོག བོད། (Rockགཞས་ཚིག་ཅིག)

Posted on 2011-02-022011-02-02 By ཁ་བརྡ་ 6 Comments on རང་གི་རྐང་མགོར་ལོངས་ཤོག བོད། (Rockགཞས་ཚིག་ཅིག)

ཐོར་རྒོད་པ་སྤྱན་ཆབ།

རང་གི་རྐང་མགོར་ལོངས་དང་།།ལག་རྩལ་ངོམ་ནས་ཤོག་དང་།།ཀླད་ཤུགས་ངོམ་ནས་ཤོག་དང་།།སྒྱུ་རྩལ་ངོམ་ནས་ཤོག་དང་།།ཁྱོད་རང་ལའང་ཁྱོད་རང་གི་ལག་ཟུངཆེན་པོ་ཡོད།ཁྱོད་རང་ལའང་ཁྱོད་རང་གི་ཀླད་ཤུགས་སྟོབས་ལྡན་ཡོད། ཁྱོད་ནི་ཁྱོད་རང་གི་སླད་དུ་གསོན་ཤོག། ཁྱོད་ནི་ཁྱོད་རང་གི་ཆེད་དུ་ལོངས་ཤོག།ལོངས་ཤོག ལོངས་ཤོག ད་ལྟ་ཉིད་དུ་ཡར་ལ་ལོངས་ཤོག འཇིག་རྟེན་གྱི་མདུན་དུ།མི་ཚོགས་ཀྱི་མདུན་དུ།ཁང་བརྩེགས་ཀྱི་མདུན་དུ།རི་རབས་ཀྱི་མདུན་དུ།མེ་ལོང་གི་མདུན་དུ།སྙིང་ཉེ་ཡི་མདུན་དུ།

དེ་ལས་མང་བ་། “རང་གི་རྐང་མགོར་ལོངས་ཤོག བོད། (Rockགཞས་ཚིག་ཅིག)” »

སྣ་ཚོགས།

ང་ཡི་ཁོར་ཡུག ཁྱེད་ཁོ་ནའི་གཟུགས་བརྙན་གྱིས་བཟུང་ཡོད།

Posted on 2011-02-022011-02-02 By ཁ་བརྡ་ 2 Comments on ང་ཡི་ཁོར་ཡུག ཁྱེད་ཁོ་ནའི་གཟུགས་བརྙན་གྱིས་བཟུང་ཡོད།

ཞོགས་པ་སྔ་བོ་ནམ་གསལ་མ་གསལ་གྱི་སྐབས་སུ། འཚོ་བ་ཆུང་ཆུང་ཞིག་དང་མི་ཚང་ཆུང་ཆུང་འདི་ཡི་ཆེད་དུ་ཟེར་ན་རེད། ཡང་ན། རྒྱང་རིང་གི་ཕ་མ་དང་ཉེ་དུ་གཞན་དག་གི་དགོས་འཁོའི་ཆེད་དུ་ཟེར་ན་རེད། རང་དོན་ཟེར་ན་འགྲིག ལྟོ་དོན་ཟེར་ན་ཆོག ལམ་ལ་བུད་ཀྱི་ཡོད་པ་རེད། ཉིན་ལྟར།

དེ་ལས་མང་བ་། “ང་ཡི་ཁོར་ཡུག ཁྱེད་ཁོ་ནའི་གཟུགས་བརྙན་གྱིས་བཟུང་ཡོད།” »

སྣ་ཚོགས།

བཀའ་ཤག་གི་གསལ་བསྒྲགས།

Posted on 2011-02-022011-02-02 By དབང་ཕྱུག་ 1 Comment on བཀའ་ཤག་གི་གསལ་བསྒྲགས།

༄༅།། མཚུངས་མེད་ནང་སྲིད་དྲུང་ཆེ་མཆོག་གང་དེར།

ཆེད་ཞུ། བར་ལམ་རྒྱལ་བ་ཀརྨ་པ་རིན་པོ་ཆེའི་བླ་བྲང་དུ་དད་ལྡན་ཕྱི་ནང་མང་ཚོགས་ནས་ཕུལ་བའི་དངུལ་གང་ཙམ་ཞིག་ཐོན་པའི་ཐད་རྒྱ་གར་གཞུང་ནས་ཞིབ་འཇུག་གནང་བཞིན་ཡོད་པ་དང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ནང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་རྒྱ་ནག་སྲིད་གཞུང་དང་འབྲེལ་བ་ཡོད་པའི་དོགས་གཞི་ཡོད་སྐོར་གྱི་གནས་ཚུལ་སྤེལ་སྒྲོག་བྱེད་བཞིན་ཡོད་པ་ནི་གཞི་མེད་དཀྲོག་གཏམ་འབའ་ཞིག་ལས་བདེན་པ་རྩ་བ་ནས་མིན་པར་ངོས་འཛིན་དང། སྙོན་འཛུགས་དེ་ལྟར་བྱེད་པ་དེ་ལ་བློ་ཕམ་ཚད་མེད་ཡོད། མང་ཚོགས་ནས་རྒྱབ་སྐྱོར་ཚུལ་དུ་རང་འགུལ་གྱིས་མར་མེ་ཁྲོམ་སྐོར་སོགས་ལས་འགུལ་མང་དག་སྤེལ་བཞིན་པ་དང། སྤེལ་རྒྱུའི་གནས་ཚུལ་ཡོང་འདུག་པ་ནི་ཐུགས་ཁག་གཏན་ནས་མེད་མོད། འོན་ཀྱང་འདུ་འཛོམས་ཁྲོམ་སྐོར་ལྟ་བུའི་མང་ཚོགས་ཀྱི་ལས་འགུལ་སྣ་ཚོགས་པ་དེས།

དེ་ལས་མང་བ་། “བཀའ་ཤག་གི་གསལ་བསྒྲགས།” »

གསལ་བསྒྲགས།

ནོ་སྦེལ་ཞི་བདེ་གཟེངས་རྟགས་བཙོན་ཁྲོད་དུ་བཙོ་སྦྱང་བགྱིས་པ།

Posted on 2011-02-02 By དབང་ཕྱུག་ 4 Comments on ནོ་སྦེལ་ཞི་བདེ་གཟེངས་རྟགས་བཙོན་ཁྲོད་དུ་བཙོ་སྦྱང་བགྱིས་པ།

e5928ce5b9b3e5a596རྟ་ནག་སྐལ་བཟང་ལུང་རིགས།

ཁའར.ཧྤུན.ཨོ་ཤིས་ཚི་ཅིས། (༡༨༨༧_____༡༩༣༨)འཇར་མན་གྱི་མི།
འཇར་མན་གྱི་མིང་། (Carl von 0sietzky) རྒྱ་མིང་། (卡尔.冯.奥西茨基)
བཙོན་ནང་གི་དུས་ཚོད། བགྲང་བྱ་ལྔ་ཡས་མས།

གཟེངས་རྟགས་ཐོབ་པའི་རྒྱུ་རྐྱེན། འཇར་མན་གསང་བའི་དམག་ཤུགས་བསྐྱར་འཛུགས་ཀྱི་མཚང་གཏོར་བ།
ཁའར.ཧྤུན.ཨོ་ཤིས་ཚི་ཅིས་ནི་འཇར་མན་གྱི་ཕུལ་དུ་བྱུང་བའི་ཆབ་སྲིད་གསར་འགོད་པ་དང་ཆབ་སྲིད་དཔྱད་བརྗོད་པ། ཧྥ་ཤི་སིར་ངོ་རྒོལ་མཁན་དང་ཞི་བདེ་དོན་གཉེར་བའི་མི་སྣ་སྐད་གྲགས་བྱིངས་ཀྱིས་ཁྱབ་ཡོད་པ་ཞིག་གོ།

དེ་ལས་མང་བ་། “ནོ་སྦེལ་ཞི་བདེ་གཟེངས་རྟགས་བཙོན་ཁྲོད་དུ་བཙོ་སྦྱང་བགྱིས་པ།” »

འགྱུར་རྩོམ།

ཨ་མ་ལགས།

Posted on 2011-02-012011-02-01 By ཁ་བརྡ་ 13 Comments on ཨ་མ་ལགས།

འབའ་སྲས།

རི་ཚོགས་དང་མཆི་མས་བདག་གི་མིག་མཐའ་བརླན་ཞིང་།

གྱེས་གདུང་གི་རལ་གྲིས་བདག་ཡིད་ལན་བརྒྱར་གཤགས་པའི་དེ་རིང་།

ཨ་མ་ལགས། ངས་ཁྱོད་ཤིན་ཏུ་དྲན།

ཉིན་མ་དང་ཟླ་བ་འདས་ཤིང་།

དེ་ལས་མང་བ་། “ཨ་མ་ལགས།” »

སྙན་ངག

གསལ་བསྒྲགས།

Posted on 2011-02-01 By འབྲོང་བུ་ཟླ་བ་ཚེ་རིང་ No Comments on གསལ་བསྒྲགས།

t language.indd

གསལ་བསྒྲགས།

གསལ་བསྒྲགས།

Posted on 2011-02-01 By འབྲོང་བུ་ཟླ་བ་ཚེ་རིང་ No Comments on གསལ་བསྒྲགས།

t language.indd

གསལ་བསྒྲགས།

གསལ་བསྒྲགས།

Posted on 2011-02-01 By འབྲོང་བུ་ཟླ་བ་ཚེ་རིང་ No Comments on གསལ་བསྒྲགས།

t language.indd

གསལ་བསྒྲགས།

གསལ་བསྒྲགས།

Posted on 2011-02-01 By འབྲོང་བུ་ཟླ་བ་ཚེ་རིང་ No Comments on གསལ་བསྒྲགས།

t language.indd

གསལ་བསྒྲགས།

གསལ་བསྒྲགས།

Posted on 2011-02-01 By No Comments on གསལ་བསྒྲགས།

t language.indd

གསལ་བསྒྲགས།

Posts pagination

Previous 1 … 740 741 742 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme