
བློ་བཟང་།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཉེས་དོན་བཅད་ཁྲ།
(ཚན་བཤུས།) (༡༩༩༤)ནུབ་འབྲིང་གྱོད་དོན་ཡི་གེ་ཨང ༡༩།
གཏུགས་བཤེར་ལས་ཁུངས་མཚོ་ནུབ་རང་སྐྱོང་ཁུལ་མི་དམངས་ཞིབ་བཤེར་ཁང་།
གྱོད་ཡ་ཀླུ་མཁར་བྱམས། མིང་གཞན་ཀླུ་བྷེ། ཕོ། བོད་རིགས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧང་ངེ(རྩྭི་གོར་ཐང)རྫོང་གི་མི་ཡིན་ཞིང་། ཕྱི་ལོ ༡༩༩༡ལོའི་ཟླ ༡༠བར་རྒྱ་གར་ནང་བྲོས་བྱོལ་བྱས་འདུག་པ་དང་། རྒྱ་གར་སྦེ་རི་སློབ་གྲྭའི་སློབ་མ་རེད། ཕྱི་ལོ ༡༩༩༢ལོའི་ཟླ ༡༡ནང་ཁྲིམས་འགལ་གྱིས་རང་ཁོངས་སུ་འཛུལ་ཞིང་། ཕྱི་ལོ ༡༩༩༣ལོའི་ཟླ ༣ནང་ཁྲིམས་འགལ་གྱིས་རྒྱལ་མཚམས་བརྒལ་སྐབས། བོད་ལྫོངས་དིང་རི་རྫོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་བསྐོར་སྲུང་བས་འཛིན་བཟུང་བྱས།





