
གནས་ཚུལ་བསྡུ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས།
༼ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ཞིབ་འཇུག་ཚོགས་པའི་དམིགས་བསལ་བསྔོ་སྨོན༽
སྤྱི་ལོ་༢༠༡༡ཟླ༣་ཚེས་༡༨་ཀྱི་ཕྱི་དྲོ་ཐའེ་པེ་གྲོང་ཁྱེར་གྱི་གཡུ་འབྲུག་རི་བོ་དགོན་པའི་ཚོགས་ཁང་ཆེན་མོར་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་བཀོད་སྒྲིག་འོག་འཇར་པན་གྱི་ས་ཡོམ་དང་མཚོ་འཁྱོམ་ཉིང་རྡུལ་གློག་ཁང་འབར་གས་སོགས་ཀྱི་གནོད་འཚེ་ཚབ་ཆེན་ཐེབས་པའི་འདས་གསོན་དག་གི་ཆེད་སྨོན་ལམ་ཟབ་རྒྱས་ཞིག་གོ་སྒྲིག་གནང་ཡོད་ཅིང་། ཚོགས་ཁང་གི་འཕྲེད་དར་གྱི་ཁ་བྱང་དུ།༼བྱམས་བརྩེ་ལ་རྒྱལ་མཚམས་མེད། བརྩེ་བ་གནོད་ཁུལ་དུ་སྐྱེལ༽ཞེས་པའི་བརྗོད་ཚིག་བཀོད་ཡོད།
དེ་ལས་མང་བ་། “བྱམས་བརྩེ་ལ་རྒྱལ་མཚམས་མེད། བརྩེ་བ་གནོད་ཁུལ་དུ་སྐྱེལ” »


