སྐུ་ཞབས་ཞོགས་དུང་གླེང་སྐབས་དེང་སང་སྐྱ་སེར་གཉིས་ལ་གྲིམ་རིག་སེ་འདུག དེས་དགའ་བྱུང་། སྔ་མོར་དཔྱོད་ཤེས་རྒྱང་འབོད་ཀྱི་རྗེས་ནས་བོད་ཕྱི་ནང་གཉིས་ནས་སྐྱ་སེར་གཉིས་ཀས་རྣམ་རྟོག་བྱེད་ཀི དགག་བཞག་བྱེད་ཀི སྐབས་དེ་ཤེད་དུ་རང་ཉིད་ལོ་ ༢༡ དང་ ༢༢ བར་ཡིན། ཁུག་མའི་ནང་དུ་དེབ་སྔོན་པོ་དེ་བཅུག་ནས་ཡང་ཡང་ཀློག་ཁུལ་བྱེད་ཀྱི་ཡོད། ལོ་ ༢༣ ཐོག་རྒྱ་གར་ལ་ཐར་བ་རེད། དེ་དུས་ཀྱང་དེབ་སྔོན་པོ་འདི་ལག་ནས་བོར་མེད། སློབ་གྲྭའི་ནང་ནས་བར་གསེང་རེ་ཡོད་དུས་དང་གུང་གསེང་རེ་སླེབས་སྐབས་ཅིག་ཡིན་མདོག་གིས་ཀློག་ཁུལ་བྱེད་ཀྱི་ཡོད།
མུན་ནག་གི་འཇིག་རྟེན།
གཙང་བུས།
ས་འཛིན་རིལ་པོར་མུན་ནག་སྟུག་པོ་འཁྲིགས།།
བདག་གི་མདུན་དུ་ཉི་གློག་རྐང་གཅིག་འབར།།
སྟོང་ཕྲག་དུ་མར་འདུས་པའི་ཆོས་སྡེ་འདིར།།
ང་ནི་གྲོགས་མེད་ཁེར་རྐྱང་འདི་རུ་ལྷགས།།
མདུན་གྱི་དར་ལྕོག་ལྷབ་ལྷུབ་རླུང་གིས་གཡོ།།
ང་ཡི་སེམས་ཀྱི་རང་གཤིས་མཚོན་པར་འདྲ།།
ཆར་ཆུས་ཟད་པའི་བྱང་བུ་འདི་ཚོ་ཡིས།།
ཕྱི་ཐག་མེད་པའི་གྲོགས་དེ་མཚོན་པར་སྣང༌།།
བོད་མི་ཚོས་ ༢༠༠༨ ལོར་ ངོ་རྒོལ་བྱེད་འོས་སམ་མི་འོས།
འོད་ཟེར་གྱིས་བརྩམས།
དགེ་འདུན་གྱིས་བསྒྱུར། ༼མ་ཡིག་ www.highpeakspureearth.com༽
༢༠༠༨ ལོའི་མེ་ལྕེ་དང་ཟུངས་ཁྲག་དེ་དག་ནི་ལོ་ངོ་གསུམ་གྱི་ཡར་སྔོན་ཏག་ཏག་ལ་བྱུང་བ་རེད། བོད་མི་མང་པོས་རང་ཉིད་བློས་གཏོང་བྱེད་དགོས་བྱུང་ཡོད་ལ། བོད་མི་མང་པོས་དེ་རིང་ཡང་བཙོན་ཁང་དུ་སྡུག་བསྔལ་མྱོང་བཞིན་ཡོད། བཙན་གནོན་པའི་ལྐོག་མདའ་འཕེན་མཁན་དག་ནི་བོད་མི་ཚོའི་མགོ་ཐོག་ཏུ་ད་དུང་ལངས་ཡོད་ལ། ཉི་མ་གསལ་བའི་ཉིན་དག་ལ། ཁོང་ཚོའི་ལག་ན་ཡོད་པའི་མེ་མདའ་ནས་མཆེད་པའི་འོད་དེ་ཡིས་ཕྱག་འཚལ་བཞིན་པའི་བོད་མི་ཚོར་བསྣུན་བཞིན་ཡོད། འདི་ནི་བོད་མི་ཚོའི་སྙིང་ལ་བརྐོས་པའི་ཐུན་མོང་གི་དྲན་པ་ཞིག་རེད།
དེ་ལས་མང་བ་། “བོད་མི་ཚོས་ ༢༠༠༨ ལོར་ ངོ་རྒོལ་བྱེད་འོས་སམ་མི་འོས།” »
ཧ་ལོག་སོང་བ་རེད་ཟེར།
(ཉི་མ་ལགས་ཀྱི་༼དེ་འདྲ་ཡིན་ན། ཧ་ལོག་སོང་བ་རེད།༽ཞེས་པའི་ལན་དུ།
ཤ་ཀླན་འཇམ་དབྱངས་གྲགས་པ།
རྩོམ་ཡིག་འདིའི་འགན་རྩོམ་པ་པོས་ཁུར་རྒྱུ་ཡིན། ཉི་མའི་རྩོམ་ཡིག་ལ་མཆན་བྲི་ས་མ་རག་པས་འདིར་བཀོད་པ་ལགས།)
ཧ་ལོག་སོང་བ་རེད་ཟེར། བློ་སེང་ལ་འོས་ཐོབ་ན་ཧ་ལོག་སོང་བ་རེད་ཟེར།
TNTལ་འོས་ཐོབ་ན་ཧ་ལོག་མེད་པ་ཨེ་རེད།
ཧ་ལོག་སོང་བ་རེད་ཟེར། བང་ཆེན་ཚགས་པས་བློ་སེང་ལ་འོས་མང་བ་ཐོབ་ཤག་བྱས་འདུག་པས།
ཧ་ལོག་སོང་བ་རེད་ཟེར། རྒྱ་གར་དུས་བབ་ཀྱིས་བློ་སེང་བཀའ་ཁྲི་ཡིན་ངེས་ཅན་རེད་ཅེས་བཤད་འདུག་པས།
དེའང་ཧ་ལོག་སོང་བ་ཨེ་རེད། ཐེའི་ཝན་ན་ཚགས་པར་མང་པོ་ཞིག་གི་ཤོག་ངོས་ཡོད་ཚད་བློ་སེང་གིས་བཟུང་ཟེར།
དེའང་ཧ་ལོག་སོང་བ་ཨེ་རེད།
ཚེ་བཟུང་ ཚེ་གོ ཚེ་སྤེ
ཚེ་མདོ་ནས་ཕུལ
གཅེས་མིང་ག་འདྲ་ཞིག་གིས་ད་གཟོད་ངའི་དུང་སེམས་ཀྱི་སྙིང་ཚུལ་ཁྱོད་ལ་མངོན་ཐུབ་མིན་མ་ཤེས།
ཚེ་བཟུང་།
ཁྱོད་ཀྱི་ཡིད་ཆེས་དང་རེ་བའི་ཕྱག་ཟུང་བདག་ཕྱོགས་ལ་སྲོངས་དང་།
ངའི་གཞུང་དྲང་དང་ལྷགས་བསམ་གྱིས།
ཟླ་བ་མེད་པའི་མཚན་གཞུང་ལ།
བརྩེ་དུང་གི་འོད་སྣང་ཆེམ་ཆེམ་དུ་སྒྲོན་ནས།
ཡོད་ཚད་འཐོབ་སོང་སྙམ་པའི།
རྫོགས་ལྡན་གྱི་ཁྱིམ་གཞི་བསྐྲུན་མཆོག
གཟའ་ཉི་མའི་གླིང་ཀར་སླེབས་པ །
བསྟན་འཇམ །
མཚོ་མོ་བླ་མཚོ་ཕྱུག་མོ་དྭངས་ཤེལ་ལྷ་ཡི་མེ་ལོང་།
ཆུ་རླབ་གཉེར་མའི་ལྡེམ་མཉེན་ཤག་ཤག་ཆུ་མཐར་སླེབས་སོང་ ། །
དྲན་གདུང་སྙིང་གི་དབུས་ནས་ཆུ་ཕུད་ལན་གསུམ་མཆོད་དུས ། །
ང་ཡི་དུངས་པ་ཟབ་མོའི་ཕྲེང་ཐག་ཤིགས་སེ་འཐོར་སོང་། །
ངས་བྲིས་བྲིས་ཚང་མ་སྙན་ངག་ཡིན།
ཀླུ་སྨྱོན། སྙན་ངག་ལ་མཚན་ཉིད་འཇོག་ན་འདོད་མཁན་ཚོར་བགྲོ་གླེང་དུ་ཕུལ་བ། ལོ་ འདི་ཚོར་སེམས་པ་འདི་རང་དབང་མེད་པར་དགའ་སྐྱོ་ཆགས་སྡང་གི་ཀློང་དུ་བྱིངས་ཏེ་ ཕྱིར་འོང་ཐབས་མེད་པར་གྱུར་ཚར་བས། སེམས་ཚོར་དེ་དག་དང་ཡང་ན་དགའ་སྐྱོ་ཆགས་སྡང་གང་གི་ཕྱོགས་སུ་ཡང་མ་ལྷུང་བའི་ སེམས་ཚོར་ཕུང་སུམ་དག་བེད་སྤྱད་དེ་སྙན་ངག་མང་པོ་ཞིག་བྲིས་པ་དང་། བྲིས་བྲིས་ཕལ་ཆེ་བ་དྲ་ངོས་སུ་སྤེལ་བ་ཡིན། དེ་ལ་དྲ་གྲོགས་ཚོའི་ངོས་ནས་དཔྱད་བརྗོད་དྲང་ལྡོག་ཅི་རིགས་ཀྱིས་སྤེལ་བ་མ་ཟད། ཐ་ན་ངའི་སྙན་ངག་རེ་ཟུང་ནི་སྙན་ངག་མིན་པར་སྒྲོག་མཁན་ཡང་ཡོད། དེ་ནི་ཁྱོད་ཀྱིས་བྲིས་བྲིས་ཚང་མ་སྙན་ངག་ག་ལ་ཡིན་ཞེས་པའི་ཐ་ཚིག་འདིས་གསལ་སྟོན་བྱས་ཡོད་པ་དང་། ཐ་ཚིག་འདིའི་བདག་པོ་དག་གི་སེམས་ཁོང་དུ་སྙན་ངག་ཅེས་པ་དེ་ནི་འདི་འདྲ་དང་དེ་འདྲ་ཞིག་ཡིན་དགོས་ཞེས་པའི་སྡོམ་ཚིག་གམ་མཚན་ཉིད་ཅིག་ཨ་འཐས་སུ་བཟུང་ཡོད་པ་དེ་ང་ཚོས་དེ་ མ་ཐག་ཏུ་ཤེས་ཐུབ། རྩོམ་ཡིག་གི་འཕྲོ་ཀློགས།
མ་སྐྲག་དང་། ཉི་མ་སྔར་བཞིན་འཆར་ངེས།
སྣང་རྒྱལ་ཤེས་དགེ།
༼ཉི་མ་ནུབ་རྗེས་ཀྱི་རི་ལུང་ནག་པོ།༽ལ་བསམ་ཚུལ་བརྗེས་རེས་སུ།
བདེ་ ཆེན་སྒྲོལ་མ་ལགས། སྐུ་ཉིད་ཀྱིས་རྩོམ་ཡིག་སྤེལ་བར་ཐུགས་རྗེ་ཆེ། ཁོ་བོས་རྩོམ་ཡིག་འདིའི་ཁ་བྱང་ལ་བསམ་འཆར་ཞིག་བཤད་ན་འདོད། ༸གོང་ས་མཆོག་བགྲེས་ཡོལ་བྱས་ནའང་ཉི་མ་ནུབ་སོང་བ་དང་གཏན་ནས་མི་འདྲ་སྟེ། བགྲེས་ཡོལ་དུ་ཕྱིན་པ་དེས་བོད་དོན་བློས་བཏང་བ་མཚོན་མི་ཐུབ་ལ་བློས་གཏོང་རྒྱུ་ མིན་པའང་ཞལ་གྱིས་བཞེས་ཡོད། དེར་བརྟེན་ཉི་མ་ནུབ་པ་དང་མི་མཚུངས། ནང་དོན་གྱི་ཆ་ནས་བཀའ་ཤག་གི་དགོངས་ཚུལ་ལ་གཞི་བཅོལ་འདུག་ཅིང་། བཀའ་ཤག་གི་དགོངས་ཚུལ་དེ་ཁོ་བོས་ན་ཚོད་མ་སྨིན་པའི་གཏམ་རེད་ཟེར་ན་མི་འགྲིག་ ནའང་ཐང་མོད། ཅི་བྱས་ཀྱང་ཁ་སེམས་མཐུན་པའི་གཏམ་ཞིག་གཏན་ནས་མ་རེད། དེ་ཡང་ཆབ་སྲིད་ཀྱི་དགོས་མཁོ་ཞིག་ཡིན་རྒྱུ་རེད། ༸ གོང་ས་མཆོག་བགྲེས་ཡོལ་དུ་བཞུགས་ན་་༼རྒྱལ་སྤྱིའི་ནང་བོད་དོན་བདེན་པའི་ཐབས་ རྩོད་ཀྱི་གཟུགས་བརྙན་ཉམས་ཆག་འགྲོ་བ་དང་ གཟུགས་བརྙན་གསར་བ་བསྐྲུན་པའི་ནུས་པ་ང་ཚོ་ལ་ཡོད་མེད།
རང་གིས་རང་ལ།
སྐར་ཁྲི་བཙན་ནས།
གདོང་ལྤགས་ལྕགས་རི་ལས་འཐུག་པའི་ཁ་རྩང་ནས།།
ངོ་ཚའི་ཐ་སྙད་ཙམ་མ་ངེས་དེ་རིང་བར།།
མཐོང་ཚད་གདོན་ལ་ཞིག་སྣང་བའི་ཁ་རྩང་ནས།།
ཐོས་ཚད་རྣ་བར་ཞིག་གཟན་པའི་དེ་རིང་བར།།
རང་ཤོང་ཁུང་བུ་ཡི་བཙན་རྫོང་སྲུང་བ་ནས།།
མཛེས་པའི་སྤང་ཐང་ལ་འབར་འབུར་བཏོན་ན་ཡང་།།
རྩྭ་གཟན་བྱི་བ་ཡི་གྲལ་དུ་མ་ཚུད་པའི།།
ལོང་བ་སྔོ་རིལ་ང་སྙིང་རྗེའི་ཡུལ་དུ་གྱར།།
རང་དབང་གི་བཀག་རྡོ་གཏོར་བའི་ཐོ་བ།
ལུང་རྟོགས་རྒྱལ་མཚན། ༼རྫོང་གསར།༽
རང་དབང་ཞེས་པའི་ཚིག་འབྲུ་གཉིས་པོ་འདིའི་བསྟན་དོན་ནི་ཧ་ཅང་གི་རིན་ཐང་ཅན་ཞིག་རེད་ལ། མཐའ་ན་ཚེ་སྲོག་ལས་ཀྱང་རིན་ཐང་ཆེ་བ་རེད། དེས་ན་སེམས་ཅན་སུ་ཡིན་ཡང་རང་དབང་འདོད་པ་ལས་གཞན་དབང་མི་འདོད་ལ། བདེ་བ་འདོད་པ་ལས་སྡུག་བསྔལ་མི་འདོད་པ་ནི། རང་དབང་ཐམས་ཅད་བདེ་བ་ཏེ། །གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན།། ཞེས་པ་ལྟར་རེད། རང་དབང་དེ་ལ་ཡང་འགལ་རྐྱེན་གྱི་སྒོ་ནས་དབྱེ་ན། བཙན་གནོན་བྱེད་མཁན་གྱི་འོག་ནས་ཐར་བའི་རང་དབང་དང་། སྤྱི་ཚོགས་ཀྱི་བཀག་རྒྱ་ལས་ཐར་བའི་རང་དབང་ཏེ་གཉིས་སུ་དབྱེ་ཆོག།
བོད་ཀྱི་བློ་འབྱེད་བ་ཆེན་མོ་ཞོགས་དུང་གླེང་བ།
རྩོམ་པ་པོ: ཁ་བ་སྙིང་ལྕགས།
གྲོགས་པོ་ཞིག་གིས་ཁ་པར་ལས་ཞོགས་དུང་བཙོན་ནས་བཏང་འདུག་ཅེས་པའི་ཡི་གེ་དྲུག་པོ་འདི་བསྐུར་བ་ནས།ངའི་སེམས་པ་གཏན་ནས་ལྷོད་འཇགས་ཤིག་བྱུང་མ་ཐུབ།ཞོགས་དུང་བཙོན་དུ་སོང་ནས་ཉིན་འགའ་མ་གཏོགས་ཟླ་བ་དྲུག་ལྷག་འགོར།དེའི་རིང་དུ་ཁོང་ཉིད་ལ་ཅི་ཞིག་འབྲི་དགོས་བསམ་ཡང་མ་ཕྲིས་པར་ལུས།སྤྱིར་ན་ང་ཚོར་འདི་ལྟར་བཙོན་དུ་བཟུང་སོང་བའི་མི་བུ་ཤིན་ཏུ་མང་པས།ངས་ཞོགས་དུང་གཅིག་པུར་སེམས་སྡུག་གི་མཉམ་འགྱུར་སྟོན་མི་དགོས་པ་འདྲ་ཡང་།བཙོན་དུ་སོང་བའི་མི་དག་ལས་ངའི་མི་ཚེ་ལ་གཡོ་སྐྱོམས་ཆེས་ཆེར་ཐེབས་མཁན་ནི་ཁོང་ཉིད་གཅིག་པུ་ཡིན།དེ་ནི་ཁོང་གིས་མི་རིགས་ཤིག་གི་ཁེ་དབང་གི་ཆེད་དུ་སྐད་ཆ་ཚིག་དགའ་བཤད་མྱོང་བ་དེ་ཙམ་གྱིས་མིན་ཏེ།ཁོང་གིས་རང་ལུས་གཏའ་མར་བཞག་ནས་ཤེས་ཡོན་ཅན་གྱི་རྒྱུ་འབྲས་བློ་མིག་རང་གི་བླ་སྲོག་གིས་སྲུང་བས་ཡིན།
དེ་ལས་མང་བ་། “བོད་ཀྱི་བློ་འབྱེད་བ་ཆེན་མོ་ཞོགས་དུང་གླེང་བ།” »
རྒྱལ་འབངས་བུ་བཞིན་གཉོར་བའི་ཏྰ་ལའི་བླ་མ།
གངས་རི་སྐྱབས།
དོ་ཟླ་མེད་པའི་ང་ཡི་སྐྱབས་མགོན་སྲིད་པའི་ཁམས་ལ་འོད་ཀྱིས་འཕགས།
ཉེ་རིང་མེད་པའི་བྱམས་བརྩེ་དྲོད་ཁོལ་ས་ཆེན་གོ་ལའི་སྟེང་ལ་ཁྱབས།།
དམངས་ལ་བརྩེ་བའི་ཐུགས་གཤིས་དཀར་པོ་ཉམ་ཆུང་འགྲོ་མིའི་ཡིད་ལ་སིམ།།
རྒྱལ་འབངས་བུ་བཞིན་རྟག་ཏུ་སྐྱོང་བའི་ཏྰ་ལའི་བླ་མའི་སྐུ་ཚེ་རྒྱལ།།
བཙན་བྱོལ་བོད་མིའི་ནང་གློ་གཅོང་ཊི་སྦི་ན་མཁན་དེ་འདྲའི་མང་དོན་ཅི།

བདེ་ལེགས་སྨན་ཁང་གི་་གློ་གཅོང་ཊི་སྦིའི་ལས་འགུལ་དང་དེར་ཡོད་ནད་པ་ཁག་ཅིག
དེ་ལས་མང་བ་། “བཙན་བྱོལ་བོད་མིའི་ནང་གློ་གཅོང་ཊི་སྦི་ན་མཁན་དེ་འདྲའི་མང་དོན་ཅི།” »
འཁྲབ་སྟངས་འགུལ་སྟངས་ཤིག།
(སློབ་ཕྲུག་ཚོས་འཁྲབ་པའི་འབའ་ཡུལ་གྱི་འཁྲབ་གཞས་ཤིག་ལ་བལྟས་པ།)
གཡུ་དྲུག་དཀར། རྡ་ས།
རྒྱང་བསྒྲགས་ལས་པི་ཝང་གི་འགུག་སྟངས་སྐྱོ་ལྷང་ངེ་བ་ཞིག་ཡུན་གྱིས་གྲགས་ཡོང་བ་དེས། བྲང་ཁོག་གི་སྒོ་ཆེན་ཞིག་དལ་གྱིས་ཕྱེས་སོང་། དབྱངས་འགྲོས་ཀྱི་ཁུག་པ་གཅིག་ལས་གཅིག་ལ་མཆེད་པ་དང་བསྟུན་ནས། རྐང་པ་སྟོབས་ཀྱིས་ཕར་ལ་གཡུག་ཅིང་། ལག་པ་ག་ལེར་ཚུར་ལ་འགུག་པའི་འཁྲབ་སྟངས་ཤིག་འགོ་རྩོམ་པ་དེས་ཀྱང་། འཚོ་བ་ཞིག་གི་གོམ་འགྲོས་ཧ་ཅང་ཉམ་ཆུང་ངང་སེམས་ལ་བཞག་སོང་།
བོད་པའི་གློག་བརྙན་ལ་ཐོབ་པའི་གཟེངས་རྟགས།

གསང་གྲོལ་གྱིས།
ཞང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་༣༥ སྟེང་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱིས་ཕབ་པའི་གློག་བརྙན་༼ཁྱི་རྒན༽ཞེས་བར་ཐེངས་འདིའི་གློག་བརྙན་དུས་སྟོན་གྱི་ཆེས་མཐོ་བའི་གཟེངས་རྟགས་སྟེ་ཨེ་ཤ་ཡའི་གསེར་གྱི་གཟེངས་རྟགས་རག་པ་དང་། ཟོན་མཐར་རྒྱལ་གྱིས་ཕབ་པའི་གློག་བརྙན་༼དབུས་ལམ་གྱི་ཉི་མ༽ལ་ཨེ་ཤ་ཡའི་དམིགས་བསལ་ཆེ་བསྟོད་གཟེངས་རྟགས་རག་ཡོད་འདུག རེབ་འདིའི་གློག་བརྙན་དུས་སྟོན་སྟེང་ལ་རྒྱལ་ཁབ་༥༦ནས་ས་ཁུལ་༣༣༥ གློག་བརྙན་འགྲེམས་སྟོན་བྱས་ཡོད་ལ།
ང་ཚོས་དེ་རིང་གི་རྔ་བ་དྲན་གྱི་ཡོད་དམ།
བོད། ལྷ་ཀླུ་གཉན་གསུམ།
ང་ཚོ་སྟེ། ཕྱི་རོལ་ཡུལ་གྲུ་ཁག་ན་འཚོ་བཞིན་པའི་བོད་མི་དག་གིས་བོད་ཁུལ་གྱི་རྔ་བ། དེ་རིང་གི་རྔ་བ། རྔ་བའི་མི་མང་གི་གཙོ་བའི་བོད་ཡུལ་གྱི་བོད་མི་དག་དྲན་གྱི་ཡོད་དམ། དེ་དག་གི་ཆེད་དུ་ང་ཚོས་རྐང་ལག་འགུལ་གྱི་ཡོད་དམ། ཁ་འགུལ་གྱི་ཡོད་དམ། སྐད་འབོད་བྱེད་ཀྱི་ཡོད་དམ། འཛམ་གླིང་གི་རོགས་སྐྱོབས་ཁག་ལ་སྙན་ཞུ་འབྲི་བཞིན་ཡོད་དམ། འདི་ལྟར་ང་ཚོས་རང་རང་གི་སེམས་ལ་གསལ་བོ་ཞིག་དྲིས་ཤིག
ཝང་ལི་ཞུང་ལ་ཕུལ་པའི་སྙན་ཞུ།
ཤར་ཕྱོགས་ཁུག་རྟ།
༄། ། མཁྱེན་རླབས་མཚུངས་མེད་སྐུ་ཞབས་ཝིང་ལི་ཞུང་དང་འོད་ཟེར་ལྷན་རྒྱས་མཆོག
སྐུ་ཁམས་བཟང་། ཟླ་བ་འདིར་སྐུ་ཉིད་རྡ་རམ་ས་ལར་ཕེབས་ཤིང་༸གོང་ས་མཆོག་ལ་མཇལ་རྗེས་གཞུང་འབྲེལ་མིན་པའི་བོད་རྒྱལ་ཡོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་ཀྱི་རེ་སྐུལ་བཞིན། བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལྷན་ཁང་ལྷག་པ་ཚེ་རིང་ཚོགས་ཁང་དུ་རང་མོས་བགྲོ་གླེང་བྱེད་དུས་ངེད་རང་ཆོག་མཆན་ལྟར་བཅར་ཐུབ་པ་བྱུང་། གསོལ་ཇའི་བར་གསེང་བར་གུས་བས་དྲི་བ་དྲིས་ལན་དག་ལ་ཉན་ཞིང་སྐུ་ཉིད་དངོས་མཐོང་བྱུང་བས་ཚོར་སྣང་དམིགས་བསལ་ཐོབ།
མ་འོངས་པའི་སྔོན་བརྡ་དང་འཇིགས་སྣང་གིས་ཁེངས་པའི་རྨི་ལམ།
གཙང་བུས
རྒྱ་གཞུང་གི་ཆབ་སྲིད་དང་འདྲ་བའི་རྡ་སའི་གནམ་གཤིས་ནི་ཡག་རྒྱུ་ཞིག་མེད་པས་མདང་དགོང་ཆུ་ཚོད་དགུ་དང་ཕྱེད་ཙམ་ནས་ཉལ་བའི་ལྟ་གོན་ལ་ཞུགས་ཀྱང་།
སྒོ་དང་སྒེའུ་ཁུང་བཙན་དྲགས་པས་གཉིད་ཀྱི་བུ་མོ་མ་ཐར་བས་སམ་གང་ལྟ་ཉལ་ནས་ཆུ་ཚོད་འགའ་ཟིན་ཀྱང་། གཉིད་མ་ཡོང་ནས་ཕར་ཚུར་འགྲེ་ལྡོག་བཅོ་བརྒྱད་བརྒྱགས།
དེ་ནས་བརྙན་འཕྲིན་གྱི་སྒོ་ཕྱེས་ནས་མཚོ་སྔོན་གསར་འགྱུར་ལ་ལྟ་དུས་༼གངས་ཆབ་ཟེགས་མའི་འགྱུར་ཁུགས་ནང་། ལ་རྒྱ་ཅན་གྱི་གཞས་པ་ཁོ་བསྟན་གྱིས། ངའི་སྐད་ཡིག་ཁྱོད་ཀྱི་རྩོད་སྤྱོད་མིན།
། ཟེར་བའི་གཞས་དེ་གཏོང་བཞིན་འདུག ཁོ་བསྟན་འདིས་༢༠༠༩ ལོ་སར་སྐབས་སུའང་ཇོ་མོ་གླང་མའི་གཟི་འོད་ནང་གཏོང་བའི་གཞས་དང་། ཁོས་བྲིས་པའི་གཞས་ཚིག ད་དུང་གདོང་གི་རྣམ་འགྱུར།
དེ་ལས་མང་བ་། “མ་འོངས་པའི་སྔོན་བརྡ་དང་འཇིགས་སྣང་གིས་ཁེངས་པའི་རྨི་ལམ།” »
བོད་པའི་སྨན་པ་རྣམས་ལ་ཉེ་བར་མཁོ་བའི་གསུང་རྩོམ་གཉིས་མཚམས་སྦྱོར།
སྨན་པ་དཀོན་མཆོག་ཚེ་བརྟན།༼ཨ་རི༽
མགོ་ལོག་དབང་ཆེན་འབུམ་གྱི་སྨན་པ་ཏིང་འཛིན་གྱིས་མཛད་པ༼གསོ་རིག་རྒྱུད་བཞིའི་དཀའ་གནད་ཐོར་བུ་ལ་དཔྱད་པའི་གཏམ་བརྒྱད་ཅུ་རྩ་བཞི་བ༽་དང་། ༼ལུས་ཀྱི་གནས་གྲུབ་ཆའི་དཔེ་རིས་དམར་ཁྲིད་མཛུབ་ཚིགས་སུ་བསྟན་པ་དུས་རབས་གསར་བའི་གོམ་སྟབས༽་ཞེས་པ་པོད་གཉིས་ཀྱི་བདག་ཉིད་ཅན་དེ་ནི། མཁས་དབང་ཁོང་གིས་མི་ཚེ་ཧྲིལ་བོར་མི་ན་བ་གནས་བར་བྱ་བ་དང་། ན་བ་གསོ་བར་བྱེད་པའི་གསོ་བ་རིག་པའི་གཞུང་གི་ཕྱི་མོ་
དེ་ལས་མང་བ་། “བོད་པའི་སྨན་པ་རྣམས་ལ་ཉེ་བར་མཁོ་བའི་གསུང་རྩོམ་གཉིས་མཚམས་སྦྱོར།” »
སྙིང་སྟན་དཀར་བོ།
ཟླ་བ་གཞོན་ནུ།
རྒྱུ་སྐར་སྒྱུ་མའི་རོ་བྲོ་འཛོམས་ས་ནས།།
སེམས་ཀྱི་མགོ་འཕང་མཁའ་ལ་གཏད་ན་ཡང་།།
དུག་གི་མཆུ་མདུང་ཕྲ་མོ་བཙུགས་བྱས་ནས།།
དྭངས་མའི་ཁྲག་ཁུ་འདྲེན་ལ་ཨ་ཐང་ཆད།།
ཁུ་སིམ་རླུང་བུས་ཟོས་པའི་གྲུ་ག་ནས།།
ལྷ་ཡི་ཕོ་ཉར་སྒུག་པའི་རེ་སྨོན་འདི།།
ས་སྒང་ཉི་འོད་ཕོག་པའི་དུས་ཀྱི་ཚེ།།
མཁའ་ལ་ངང་གིས་འགྲོ་བའི་རླངས་པར་ངེས།།
