Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་གར་གྱི་གློག་བརྙན་གླུ་གཞས་ཚན་པ་གཉིས།

Posted on 2020-05-13 By ཁ་བརྡ་ 3 Comments on རྒྱ་གར་གྱི་གློག་བརྙན་གླུ་གཞས་ཚན་པ་གཉིས།

པདྨ་ཚེ་དབང་ཤཱསྟྲིས་༢༠༢༠ ཟླ་༤ ཚེས་༡༤ ལ།

རྒྱ་གར་གློག་བརྙན་(Bobby) བྷོ་བྷི་ཞེས་པའི་གླུ་ཞིག

Main shayar toh nahin, magar ae haseen
Jab se dekha maine tujhko, mujhko shayari aa gayi
Main aashiq toh nahin, magar ae haseen
Jabse dekha maine tujhko, mujhko aashiqi aa gayi
ང་ནི་སྙན་ངག་མཁན་ཞིག་མིན། འོན་ཀྱང་མཛེས་ལྡན་ཡིད་འོང་འདི།
ཁྱོད་ནི་མཐོང་མ་ཙམ་ཉིད་ནས། སྙན་ངག་སྨྲ་བརྗོད་ཤེས་ནས་བྱུང་།
ང་ནི་འདོད་ལྡན་པ་ཞིག་མིན། འོན་ཀྱང་མཛེས་ལྡན་ཡིད་འོང་འདི།
ཁྱོད་ནི་མཐོང་བ་ཙམ་ཉིད་ནས། འདོད་པའི་བྲོ་བ་ཤེས་ནས་བྱུང་།

དེ་ལས་མང་བ་། “རྒྱ་གར་གྱི་གློག་བརྙན་གླུ་གཞས་ཚན་པ་གཉིས།” »

གླུ་གཞས།, འགྱུར་རྩོམ།

ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། (10)

Posted on 2020-05-12 By ཁ་བརྡ No Comments on ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། (10)

བློ་བཟང་རིན་ཆེན།

<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ས་བཅད་གཉིས་པའི་དགེ་བ་འཚོལ་སྒྲུབ་ཀྱི་བཟང་སྤྱོད་ཅེེས་པའི་ལེའུར་བྲིས་པའི་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་མདོར་བསྡུས་ཤིག་འཆད་པར་བྱ།

སྔོན་གླེང་།

ཁོ་བོས་ལེའུ་འདི་ཀློག་སྐབས་སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་

དེ་ལས་མང་བ་། “ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། (10)” »

སྣ་ཚོགས།

དྲན་གདུང་སེམས་ཀྱི་དབྱངས་རྟ།

Posted on 2020-05-112020-05-11 By ཁ་བརྡ No Comments on དྲན་གདུང་སེམས་ཀྱི་དབྱངས་རྟ།

ཆང་སྐྱེས།

སྣ་ཚོགས་གཡུ་ལོ་རྒྱས་པའི་ལྗོན་ཤིང་གི་རྩེ་ནས།།
ཁུ་བྱུག་གཞོན་ནུས་གསུང་སྐད་བར་མེད་དུ་སྒྲོག་དུས།།
ཚེར་མོ་གཡང་དཀར་ལུག་གི་འབའ་སྒྲ་དང་འགྲོག་པའི།།
ན་ཆུང་ལུག་རྫི་བུ་མོའི་མཛའ་གཞས་དེ་དྲན་བྱུང་།།

ཆུ་མོ་ཤག་ཤག་འབབ་པའི་དྭངས་གཙང་གི་ངོགས་ན།།
མེ་ཏོག་དཀར་དམར་སྣ་ཚོགས་ཁྲ་ལམ་མེར་བཞད་དུས།།

དེ་ལས་མང་བ་། “དྲན་གདུང་སེམས་ཀྱི་དབྱངས་རྟ།” »

སྙན་ངག

པྲོག་ཞུ།

Posted on 2020-05-10 By ཁ་བརྡ 1 Comment on པྲོག་ཞུ།

ནགས་ཤོད་ཅོང་བརྡ། (ཨོ་གླིང་།)          
 
འབུ་པྲོག་དབྱིབས་ཅན་ཨ་ཕ་ཀྲུང་གོ་ཡིན།།
སྡེ་དམར་གཞུང་གིས་བཟོས་པའི་ཐོན་སྐྱེད་ཡིན།།
ནུབ་ཨ་རི་ལ་སྒྲོན་པའི་དབུ་རྒྱན་ཡིན།།
ཕོ་ཁྲོ་རྒན་ལ་སྙིང་ཁམས་ཅི་འདུག་བལྟ།།

དུས་ད་ལོ་འདི་འཛམ་གླིང་བཙོན་ལ་བཅུག།
མི་སྐུ་དྲག་གིས་བཙོན་པའི་བྲོ་བ་མྱོང་།།

དེ་ལས་མང་བ་། “པྲོག་ཞུ།” »

སྙན་ངག

དགྱ་དུག

Posted on 2020-05-10 By ཁ་བརྡ No Comments on དགྱ་དུག

ཞོ་ར་བསྟན་པ། (ཨོ་གླིང་།)   
 
བསོད་ནམས་ཟད་ཁར་བསམ་ངན་གཞན་ལ་འཆང་།།     
དགྱ་དུག་ངར་མ་ཝུའུ་་ཧན་གྲོང་ནས་བཟོས།།     
ཏོག་དབྱིབས་དུག་གི་དངོས་གྲུབ་རང་ལ་ཐོབ།། 
གནམ་རྡོ་མགོ་ལ་ལྷུང་བའི་ཆག་སྒོ་ཉོས།། 

དགྱ་ཡུལ་ཆེན་མོའི་གནམ་ས་དུག་གིས་བཟུང་།།
ཉེས་མེད་ཆབ་འབངས་ནད་ཀྱི་གཡོག་པོར་བསྒྱུར།།

དེ་ལས་མང་བ་། “དགྱ་དུག” »

སྙན་ངག

ལྷ་ས་ནས་སྐེ་ལ་ཁ་བཏགས་སྒྲོན་མཁན་དེ་སུ་རེད།

Posted on 2020-05-10 By ཁ་བརྡ No Comments on ལྷ་ས་ནས་སྐེ་ལ་ཁ་བཏགས་སྒྲོན་མཁན་དེ་སུ་རེད།

འབྲི་མ་ས་འཛིན། ( ཨོ་གླིང་།)
 
དགྱ་ནད་གསོན་བཞིན་པ་འདྲ
སྲིད་འཛིན་ལས་ཁུངས་ཀྱི་སྒོ་འགྲམ་ན
དགྱ་ནད་ཤི་བཞིན་པ་འདྲ 
གཙང་སྤྱོད་ཀྱི་ལག་ཁྲུས་ཁང་ན

གོ་ལ་ཧྲིལ་དགྱནད་ཀྱིས་བསྐོར་ན
ང་ཚོ་དགྱ་ནག་དང་མཉམ་དུ་ཚོང་མི་རྒྱག་རྒྱུ་དམ་བཅའ

དེ་ལས་མང་བ་། “ལྷ་ས་ནས་སྐེ་ལ་ཁ་བཏགས་སྒྲོན་མཁན་དེ་སུ་རེད།” »

སྙན་ངག

མེ་འཁོར་གཅིག་པུ་གྲོང་ཁྱེར་དུ་ཁེར་བུར་ལྷག

Posted on 2020-05-10 By ཁ་བརྡ No Comments on མེ་འཁོར་གཅིག་པུ་གྲོང་ཁྱེར་དུ་ཁེར་བུར་ལྷག

འདྲེ་གླེན་པ། (ཨོ་གླིང་།)
 
འཛམ་གླིང་དུ་སྐད་གྲགས་ཆོད་པའི་ནེའུ་ཡོག་གྲོང་ཁྱེར་ལ་ལྟོས་དང་
མི་མེད་ལུང་སྟོང་དུ་ལུས་པའི་རྫ་ཁོག་ཅིག་དང་འདྲ
རི་སྤྱང་ལྟ་བུའི་འགྲུལ་སྐྱེལ་མེ་འཁོར་རེ་རེས་ཁོག་སྟོང་དུ་ཁྱེད་ལ་ངུ་འབོད་བྱེད 

སེཌ་ཎཱེ་ཟམ་ཆེན་ཡང་དུར་ཁྲོད་ཅིག་དང་འདྲ་བར
རྒྱ་མཚོའི་ཁ་གཏད་དུ་ཁྱེད་ལ་སྐྱོ་ཉམས་སྟོན

དེ་ལས་མང་བ་། “མེ་འཁོར་གཅིག་པུ་གྲོང་ཁྱེར་དུ་ཁེར་བུར་ལྷག” »

སྙན་ངག

དགྱ་ནད་ལས་ཀྱང་འཇིགས་སུ་རུང་བ་དེ།

Posted on 2020-05-10 By ཁ་བརྡ 1 Comment on དགྱ་ནད་ལས་ཀྱང་འཇིགས་སུ་རུང་བ་དེ།

ལྷ་ཆབ་སྦྱིན་པ། (ཨོ་གླིང་།)   
 
དགྱ་ནད་ཀྱིས་ཚེ་སྲོག་འཕྲོག་ནའང
ངའི་མི་རིགས་འཇིག་མི་སྲིད
གོ་ལ་ཧྲིལ་བོ་ཡོམ་ཡོམ་སྒུལ་ཏེ
ངའི་སྒོ་ཁར་སླེབས་ཡོད་ཀྱང
འཇིགས་སུ་རུང་བ་ཞིག་མ་ཡིན

དེ་བས་ཀྱང་ཞེད་སྣང་ཞིག་ཡོད་དེ

དེ་ལས་མང་བ་། “དགྱ་ནད་ལས་ཀྱང་འཇིགས་སུ་རུང་བ་དེ།” »

སྙན་ངག

དགྱ་ནག་མ་གཞི་ནས་ནད་ཀྱི་ཕུང་བོ་ཡིན།

Posted on 2020-05-102020-05-10 By ཁ་བརྡ No Comments on དགྱ་ནག་མ་གཞི་ནས་ནད་ཀྱི་ཕུང་བོ་ཡིན།

མགལ་དུམ། (ཨོ་གླིང་།)
 
དགྱ་ནག་དགྱ་ནད་*གཉིས་ངོ་བོ་གཅིག་པ་ཡིན།།
དགྱ་ནད་འགོས་ཡོང་ལ་བློ་དོགས་ཆེ་བ་བཞིན།།
དགྱ་ནག་གང་ཡོད་ལ་སྔོན་འགོག་གྲ་སྒྲིག་དགོས།།
དགྱ་ནད་སྔོན་འགོག་ཀྱང་དེ་ལས་ལྷག་ཅིག་མེད།།

དགྱ་ནག་གར་ཡོང་ལ་སྔོན་ནས་གཟབ་རྒྱུ་ན།།
བོད་པའི་རང་བཙན་ཡང་ད་ལྟ་ཡོད་ཚོད་ཡིན།།

དེ་ལས་མང་བ་། “དགྱ་ནག་མ་གཞི་ནས་ནད་ཀྱི་ཕུང་བོ་ཡིན།” »

སྙན་ངག

ཨ་རིའི་བོད་པར་ཕུལ་བའི་བསམ་ཚུལ།

Posted on 2020-05-10 By ཁ་བརྡ 1 Comment on ཨ་རིའི་བོད་པར་ཕུལ་བའི་བསམ་ཚུལ།

མི་རྐྱང་སྨྱོན་པ།
 
དེ་རིང་བདག་གིས་འདི་ནས་ཨ་རིའི་བོད་པ་ཁ་ཤས་ལ་བསམ་ཚུལ་ཞིག་བརྗོད་ན་འདོད། ད་ལན་གུང་ཁྲན་ཏང་གི་ནད་དུག་འདིས་ཨ་རིའི་གཞུང་མང་གཉིས་ལ་དཀའ་ངལ་སྔར་ཨ་རིའི་ལོ་རྒྱུས་ཐོག་བྱུང་མྱུང་མེད་པ་ཞིག་འབྱུང་བཞིན་པའི་སྐབས་འདིར། ཨ་རིའི་བོད་པ་ཁ་ཤས་ཀྱིས་རང་རང་སོ་སོའི་ནུས་ཚོད་ལ་དཔགས་ནས་ཨ་རིའི་གཞུང་མང་གཉིས་ལ་དངུལ་དངོས་ཀྱི་ཞལ་འདེབས་དབུལ་དགོས་པའི་བསམ་ཚུལ་བརྗོད་བཞིན་པ་དེར། ཨ་རིའི་བོད་པ་ཁ་ཤས་ཀྱིས་ང་ཚོའི་དངུལ་དངོས་རྡོ་སྦིས་ཁོག་གི་བོང་རྒན་ཞིག་གི་རྒྱབ་ཁལ་ཙམ་དེས་ཨ་རིའི་གཞུང་མང་ལ་ཕན་ཐོགས་ག་རེ་ཡོད་དམ། ང་ཚོས་མ་ཕུལ་ནའང་ཨ་རིའི་གཞུང་མང་

དེ་ལས་མང་བ་། “ཨ་རིའི་བོད་པར་ཕུལ་བའི་བསམ་ཚུལ།” »

བསམ་ཚུལ།

དེང་དུས་ཐོན་པའི་བྱ་ཚིག་སོགས་བརྗོད་ཚུལ་མ་དག་པ་ཡོ་བསྲང་བྱ་ཐབས་བཤད་པ།

Posted on 2020-05-082020-05-08 By ཁ་བརྡ No Comments on དེང་དུས་ཐོན་པའི་བྱ་ཚིག་སོགས་བརྗོད་ཚུལ་མ་དག་པ་ཡོ་བསྲང་བྱ་ཐབས་བཤད་པ།

རྡོ་དགོན་གསང་བདག་རྡོ་རྗེ། (རོང་བོ་ཐང་དཀར་གྱིས་འོས་སྦྱོར་བྱས།)

སྐད་ཡིག་གང་འདྲ་ཞིག་ཡིན་རུང་དུས་གསུམ་གྱི་རྣམ་གཞག་ནི་ཤིན་ཏུ་གལ་ཆེར་འཛིན་པ་ལྟར་རང་རེ་བོད་ཀྱི་སྐད་ཡིག་ལའང་ཕྲད་རྣམ་དབྱེ་དང་དུས་གསུམ་སོགས་ཀྱི་རྣམ་གཞག་ཁ་གསལ་ལ་ཆ་ཚང་བ་ཞིག་ཡོད་ལ་སློབ་གྲྭ་འབྲིང་བའི་སྐབས་སུ་སུམ་རྟགས་དག་གསུམ་ཅུང་ཆ་ཚང་བ་ཞིག་སློབ་ཁྲིད་བྱེད་བཞིན་ཡོད་པ་མ་ཟད། བོད་ཡིག་ཆེད་ལས་སློབ་ཆེན་ལྟ་བུར་མཚོན་ན་སློབ་ཆེན་ལོ་རིམ་དང་པོའི་ནང་དུ་སླར་ཡང་སུམ་རྟགས་ཞིབ་ཕྲ་སློབ་ཁྲིད་བྱེད་སྲོལ་ཡོད་པས་སློབ་ཆེན་སློབ་མ་ལྟ་ཅི་མཐོ་རིམ་སློབ་འབྲིང་ཐོན་པ་ཞིག་ཡིན་ནའང་དུས་གསུམ་གྱི་རྣམ་གཞག་ཤོད་རྒྱུ་མེད་པ་མི་སྲིད། འོན་ཏེ་ལག་ལེན་གྱི་ཁྲོད་དུ་ནི་བོད་ཡིག་ཆེད་ལས་སློབ་ཆེན་ཐོན་པ་མང་པོ་ཞིག་གིས་ཀྱང་ནོར་འཁྲུལ་ཅན་མང་པོ་ཞིག་བྲིས་དང་འབྲི་བཞིན་པ་

དེ་ལས་མང་བ་། “དེང་དུས་ཐོན་པའི་བྱ་ཚིག་སོགས་བརྗོད་ཚུལ་མ་དག་པ་ཡོ་བསྲང་བྱ་ཐབས་བཤད་པ།” »

སྣ་ཚོགས།

སེམས་དཔའ་སྦྱིན་བདག

Posted on 2020-05-08 By ཁ་བརྡ 1 Comment on སེམས་དཔའ་སྦྱིན་བདག

རླུང་དམར།

རྒྱ་ནད་ཏོག་དབྱིབས་ནད་དུག་ཁྱབ་པའི་སྣེ།།
རི་གྲོང་རྡ་སའི་ནངས་དགོང་སྐྱ་ཟད་སྡུག།
ཕྱི་བཀག་ནང་བཀག་ཆེ་རུང་ཁྲིམས་སྲུང་ནས།།
དོ་ཕོག་འཚོ་བ་ཇེ་བཟང་ཇེ་བདེར་བསྒྱུར།།

མགོན་མེད་དཔུང་མེད་ཉམ་ཆུང་བཙན་བྱོལ་བ།།
ནད་དུག་གཡོལ་ཕྱིར་ཁྱིམ་སྡོད་ཟས་སྐལ་ཉུང་།།

དེ་ལས་མང་བ་། “སེམས་དཔའ་སྦྱིན་བདག” »

སྙན་ངག

ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། ( 9 )

Posted on 2020-05-07 By ཁ་བརྡ No Comments on ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། ( 9 )

བློ་བཟང་རིན་ཆེན

<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ས་བཅད་གཉིས་པའི་གཅུན་སྡོམ་གྱི་བླང་དོར་ཞེས་པའི་ལེའུར་བྲིས་པའི་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་མདོར་བསྡུས་ཤིག་འཆད་པར་བྱ།

སྔོན་གླེང་།

ལེའུ་འདི་ལ་ལས་ཀའི་བྲེལ་ཟིང་འོག་ནས་འདོད་བློ་ཚིམ་པའི་ལྟ་ཀློག་

དེ་ལས་མང་བ་། “ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། ( 9 )” »

སྣ་ཚོགས།

ཅིའི་ཕྱིར་ང་ཡེ་ཤུ་བ་ཞིག་མིན་ནམ། (5)

Posted on 2020-05-07 By ཁ་བརྡ No Comments on ཅིའི་ཕྱིར་ང་ཡེ་ཤུ་བ་ཞིག་མིན་ནམ། (5)

སྐྱེས་སར་ཀླུ་སྒྲུབ་ཀྱིས་རང་གི་སློབ་སྦྱོང་ཆེད་བོད་སྒྱུར་བྱས།

ལྔ་པ། ཇུས་འགོད་ནས་བྱུང་བའི་རྩོད་སྒྲུབ།

བརྒྱུད་རིམ་འདིའི་གོ་རིམ་རྗེས་མའི་ནང་ང་ཚོས་ཇུས་འགོད་ནས་བྱུངབའི་རྩོད་སྒྲུབ་གླེང་རྒྱུ་དང་། ཁྱེད་ཚོ་ཚང་མས་ཇུས་འགོད་ནས་བྱུང་བའི་རྩོད་སྒྲུབ་ཤེས་ངེས་རེད། འཛམ་གླིང་ཐོག་གི་བྱ་དངོས་ཐམས་ཅད་ནི། ང་ཚོས་འཇིག་རྟེན་འདིའི་ཐོག་འཚོ་བ་སྐྱེལ་ཐུབ་པའི་ཆེད་དུ་ཇུས་འགོད་བྱས་པ་ཡིན་ཞིང་། གལ་ཏེ་འཇིག་རྟེན་འདི་སྔ་མོ་ནས་ཕྲན་བུའི་མི་འདྲ་བ་ཞིག་ཡོད་ན། ང་ཚོས་འཇིག་རྟེན་འདིའི་ཐོག་འཚོ་བ་སྐྱེལ་ཐབས་མེད། འདི་ནི་ཇུས་འགོད་

དེ་ལས་མང་བ་། “ཅིའི་ཕྱིར་ང་ཡེ་ཤུ་བ་ཞིག་མིན་ནམ། (5)” »

འགྱུར་རྩོམ།

གནམ་སའི་ལྕེ།

Posted on 2020-05-07 By ཁ་བརྡ No Comments on གནམ་སའི་ལྕེ།

རླུང་དམར།

ཁ་བའི་ལས་དོན་སྙིང་ལ་གཅེས་སུ་འཛིན།།
དམ་ལོག་དོལ་འདྲེ་སྔར་ནས་རྒོལ་པ་པོ།།
རྨོངས་སེལ་དཔྱོད་ཤེས་ཆེ་བའི་གནམ་སའི་ལྕེ།།
ནམ་མཁའི་ཐོག་མདའ་འདྲ་བའི་སྐྱེས་ཕོ་ཁྱེད།།

མ་རིག་མུན་ལ་མཆོངས་བའི་བོད་མྱི་ཚོར།།
ལེགས་སྟོན་ལམ་བཟང་རྟག་ཏུ་སྨྲ་བར་བྲེལ།།

དེ་ལས་མང་བ་། “གནམ་སའི་ལྕེ།” »

སྙན་ངག

༄༅།།ཏོག་དབྱིབས་གཉན་རིམས་ཀྱི་བྱུང་རྐྱེན་དང་མ་འོངས་ཁ་ཕྱོགས་སྐོར་ལ་ཅུང་ཟད་ལྟ་བ།

Posted on 2020-05-052020-05-05 By འཚོ་བྱེད་བུ No Comments on ༄༅།།ཏོག་དབྱིབས་གཉན་རིམས་ཀྱི་བྱུང་རྐྱེན་དང་མ་འོངས་ཁ་ཕྱོགས་སྐོར་ལ་ཅུང་ཟད་ལྟ་བ།

ཨེ་ཝམ།

ཕྱི་ལོ་ ༢༠༡༩ ལོ་མཇུག་ཙམ་དུ་རྒྱ་ནག་ལྷོ་ཕྱོགས་ཝུ་ཧན་ནས་བྱུང་བའི་ཏོག་དབྱིབས་གཉན་རིམས་(covid 19)ཟེར་བ་དེ་ད་ལྟ་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་སྟེ། ཕྱི་ལོ་༢༠༢༠ ཟླ་ ༥ ཚེས་༣ བར་ནད་རིམས་དེ་ཉིད་མི་3,356,205 ཙམ་ལ་འགོས་ཤིང་། མི་གྲངས་238,730འཆི་སྐྱོན་བྱུང་བའི་ཆེས་ཛ་དྲག་གི་མཐོ་རླབས་ཀྱི་སྐབས་འདིར། ནད་རིམས་འདིའི་བྱུང་རྐྱེན་ལ་ཕྱི་མིག་བལྟས་ནས་འབྱུང་འགྱུར་ལ་བསམ་གཞིགས་

དེ་ལས་མང་བ་། “༄༅།།ཏོག་དབྱིབས་གཉན་རིམས་ཀྱི་བྱུང་རྐྱེན་དང་མ་འོངས་ཁ་ཕྱོགས་སྐོར་ལ་ཅུང་ཟད་ལྟ་བ།” »

གསོ་རིག, འཕྲོད་བསྟེན།

ལྗང་བུ་དང་ཁོ་རོ་ན། ད་དུང་སྙན་ངག

Posted on 2020-05-052020-05-05 By ཡེ་ཤེས་ 2 Comments on ལྗང་བུ་དང་ཁོ་རོ་ན། ད་དུང་སྙན་ངག

ཀླུ་སྨྱོན་ཧེ་རུ་ཀ

ཉིག་ཡོར་ན་ཁོན་ཡུན་སི་Queensཟེར་བའི་ས་གནས་ཤིག་ཡོད།
དེ་རུང་བོད་པ་དང་རྒྱ་གར་བར་འཚང་ཀ་བྱས་ནས་བསྡད་ཡོད།
ངའི་གྲོགས་པོ་ཞིག་གི་འབོད་སྟངས་བཞིན་བྱས་ནས་མེག་སི་ཀན་སྐེ་ཐུང་ཚོ་ཡང་དེར་འཚངས་བསྡད་ཡོད།

དེ་རུ་སྔོན་མ་ནས་ཁང་གླ་ཆེན་པོ་ཡིན་མོད། དེ་ནི་ས་འོག་མེ་འཁོར་འབབ་ཚིགས་ལ་ཐག་ཉེ་ཞིང་།
ཇག་སིན་ཧ་ཡེ་ཟེར་བའི་ཤར་ཕྱོགས་པ་ཚོ་འདུ་ས་ཞིག་དང་།
ཧྥུ་ལ་ཞིན་ཟེར་བའི་རྒྱ་མོ་ཚོའི་ཨོང་དོར་ཅེར་ས་ཞིག་ཀྱང་ཡོད།

དེ་ལས་མང་བ་། “ལྗང་བུ་དང་ཁོ་རོ་ན། ད་དུང་སྙན་ངག” »

སྙན་ངག

ཆུང་འདྲིས།

Posted on 2020-05-05 By ཁ་བརྡ No Comments on ཆུང་འདྲིས།

ཆང་སྐྱེས།

མཐོན་མཐིང་ཨ་སྔོན་དགུང་གི་སྤྲིན་དཀར་གྱི་མགྲོན་པོ།།
ཕ་ཡུལ་ཨ་མདོ་ཆབ་ཆའི་གྲོང་ཁྱེར་ལ་འགྲོ་ན།།
ཁོ་བོའི་གངས་དཀར་སེམས་ཀྱི་གཞི་ཁྱིམ་ན་བཞུགས་པའི།།
ཆུང་འདྲིས་སྙིང་གི་མཛའ་མོར་འཚམས་འདྲི་ཞིག་བྱེད་རོཊ།།

ཚེ་སྔོན་ལས་ཀྱིས་གྲུབ་པའི་གོ་སྒྲིག་གི་བར་ནས།།
ང་དང་ཁོ་མོ་ཆབ་ཆའི་གྲོང་ཁྱེར་ན་ཐུག་བྱུང་།།

དེ་ལས་མང་བ་། “ཆུང་འདྲིས།” »

སྙན་ངག

ལྗང་བུའི་༼Queens རྒྱལ་མོའི་ལམ་ཀ་༽རོགས་མཐུན་ཞིག་རེད་དམ།

Posted on 2020-05-042020-05-04 By ཁ་བརྡ No Comments on ལྗང་བུའི་༼Queens རྒྱལ་མོའི་ལམ་ཀ་༽རོགས་མཐུན་ཞིག་རེད་དམ།

ཁྲོ་གཏུམ།

རོགས་མཐུན་གཞས་ཚིག་འབྲི་སྟངས་ཤིག ཡང་ན་དོག་དབྱིབས་ནད་དུག་གིས་ལམ་ཁ་བཀག་པའི་ཝར་བ་ཞིག་གི་སེམས་པ། ཝར་བ། ཁྱི་ཁ་རྩེད་པ། ཧོ་ཉུག་གམ་ཕོ་ཉུལ་བྱེད་པ། འདི་ནི་རྩྭ་ཐང་གི་རྫི་བོ་གསར་བུ་རྣམས་ཀྱི་སྣང་བ་སྣ་རྩེར་འཛིན་པའི་དུས་ཤིག ལྗང་བུའི་ Queens, རྒྱལ་མོའི་ལམ་ཀ འདི་ཀློག་གིན་ཀློག་གིན་ཧོ་ཉུག་ལ་འགྲོ་སྟངས་ཤིག་གི་ཚོར་བ་ཡོང་ལ། རྩྭ་ཐང་ནས་ཧོ་ཉུག་ལ་འགྲོ་བའི་སྲོལ་དེ་དེང་རབས་ཀྱི་རླབས་མཐོ་བའི་ཨ་རིའི་ཚན་རིག་ལྡན་པའི་གྲོང་ཁྱེར་ནས་ཧོ་ཉུག་བྱེད་འགོ་བཙུགས་ཤིང་། སྣང་འགྲོ་བུ་མོ་ཞིག་གི་སྒོ་སྟེགས་ཨང་ཀི་ཚུན་ཆད་བཙལ་སྟེ། རེ་སྒུག་གང་ཞིག་ལ་དམིགས་པའི་དུས་དེར་ཏོག་དབྱིབས་ནད་དུག་གི་ཁྱབ་རྒྱས་ནང་སྡོད་བཀའ་བཏང་བའི་ལེ་ལན་གྱིས་ཧོ་ཉུག་ལ་འགྲོ་བའི་ལམ་ཁ་བཀག་ཅིང་།

དེ་ལས་མང་བ་། “ལྗང་བུའི་༼Queens རྒྱལ་མོའི་ལམ་ཀ་༽རོགས་མཐུན་ཞིག་རེད་དམ།” »

བསམ་ཚུལ།

ཁྱིམ་སྡོད་སྐབས་ཀྱི་སྙན་ངག་པའི་འཆར་སྣང་།

Posted on 2020-05-022020-05-03 By ཡེ་ཤེས་ 21 Comments on ཁྱིམ་སྡོད་སྐབས་ཀྱི་སྙན་ངག་པའི་འཆར་སྣང་།

ཀླུ་སྨྱོན།

ང་ཡོད་སའི་ཝ་ཞིང་ཁྲོན་ཞིང་ཆེན་སྲིད་གཞུང་གིས་ཁྱིམ་སྡོད་བཀའ་རྒྱ་དེ་ཟླ་ལྔ་བའི་ཟླ་མཇུག་བར་དུ་རྒྱུན་སྲིང་བྱེད་རྒྱུའི་ཐག་གཅོད་བྱས་སོང་། དེ་རིང་ཞོགས་པར་ཉི་མ་ཤར་བ་དང་ཉིན་གུང་རྗེས་སུ་ཆར་བ་བབས། ཁང་པའི་ཐོག་སྟེང་དུ་ཆར་ཐིགས་ལྷུང་བའི་སྒྲ་སྣ་ཚོགས་ཐོས། ང་ཕལ་ཆེར་ཟླ་བ་གཉིས་ཀྱི་རིང་ལ་ཕྱི་སྒོའི་ཐེམ་པ་མ་བརྒལ། རང་སློབ་ཚོའི་བཀའ་དྲིན་གྱིས་ཟ་མ་སྣ་ཚོགས་བསྐྱལ་ཡོང་ནས་ཟོས་མི་ཚར་བའི་ཚད་དུ་འདུག སྔོ་ཚལ་ཁ་ཤས་བཟའ་ཁོམ་མ་བྱུང་བར་རུལ་འདུག
ཁྱིམ་སྡོད་འདིའི་སྐབས་སུ་དཔེ་ཆ་མང་པོ་ཞིག་བཀླགས་པ་ཡིན།

དེ་ལས་མང་བ་། “ཁྱིམ་སྡོད་སྐབས་ཀྱི་སྙན་ངག་པའི་འཆར་སྣང་།” »

དྲན་ཐོ།

Posts pagination

Previous 1 … 69 70 71 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།
  • གཤིན་རྗེའི་རྒྱལ་པོར་སྤྲིངས་པ།
  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • གཤིན་རྗེའི་རྒྱལ་པོར་སྤྲིངས་པ། (127)
  • མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ། (69)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme