འདྲེ་མགོ་རྡོ།
བོད་རྒྱ་ཞི་མོལ་ཞེས་པའི་སྐད་ཆ་འདིར་འཁྱུག་ལྟ་ཙམ་ཞུས་ན། དེ་ནི་ལོ་རབས་བདུན་བཅུའི་ནང་དངོས་ཡོད་དུ་གྱུར་འགོ་ཚུགས་ཤིང་། བརྒྱུད་ལམ་རིགས་འདྲ་མིན་གྱིས་ཏིན་རྒྱལ་གཉིས་ཀྱི་སྐད་ཆའི་འཕྲོ་མཐུད་བྱས་ཡོད་པས་ཟམ་གདོང་གཞུང་གི་འབྲེལ་མོལ་དུས་ཡུན་ལས་སྐུ་ཞབས་རྒྱལ་དོན་གྱི་ཞི་མོལ་ལ་ལོ་ངོ་མང་པོ་འགོར་ཡོད་པ་རེད། ཡིན་ནའང་། སྐུ་ཞབས་རྒྱལ་དོན་གྱིས་མཐའ་མར་ཨེ་ཤའི་ཡ་རང་དབང་རླུང་འཕྲིན་བརྒྱུད་ལམ་ནས་འདར་འདར་ཆེ་བའི་སྐད་ཀྱིས་འགན་ཁུར་ཐབས་བྲལ་བའི་གནས་ཚུལ་ཁབ་བསྒྲགས་བྱས་ཤིང་། ༧ཏཱ་ལའི་བླ་མར་མཚན་སྨད་ཞུས་རབས་ཤིག་ལ་ཧང་སང་མདོག་གིས་ཞི་མོལ་གྱི་ནང་དོན་སྦུག་སྦུག་ངང་འཇོག་མ་ཐུབ་ཚུལ་གནང་བ་ནི། དོན་དངོས་བྱས་ན།






