Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀོ་རོ་ན།

Posted on 2020-05-20 By ཁ་བརྡ 1 Comment on ཀོ་རོ་ན།

བདག་མོ།

སྤྱི་ལོ་༢༠༡༩ལོའི་ལོ་མཇུག་ཏུ་རྒྱ་ནག་གི་ལྦུའུ་ཧྭན་གྲོང་ཁྱེར་ནང་རིམས་ནད་ཏོག་དབྱིབས་ནད་དུག་གསར་བ་ཞིག་ཁྱབ་ནས་ཟླ་གཅིག་ལྷག་གི་རིང་ལ་མི་བགྲངས་ཧ་ལས་འདས་པ་ཞིག་ནད་དུག་དེས་ཟིན། དེའི་ཁྲོད་མི་ཕལ་མོ་ཆེའི་ཚེ་སྲོག་ཤོར་ཡོད་ནའང་བློ་ཕམ་དང་བསམ་ཡུལ་ལས་འདས་པ་ཞིག་ལ་ས་གནས་དེའི་མིས་དྲང་བདེན་དང་ལྷག་བསམ་གྱིས་ཕྱུག་པའི་སྨན་པ་དང་གསར་འགོད་པ། མི་སྣ་བློ་སྤོབས་ཅན་ཁག་ཅིག་ལ་དམར་ཕྱོགས་གཞུང་གིས་གསང་བའི་རང་བཞིན་གྱི་བཀག་རྒྱའི་འོག་གནོན་ཤུགས་དང་མ་ཉེས་ཁ་གཡོགས་ཀྱིས་མནར་གཅོད་ཤུགས་ཆེན་སྤྲད་མཐར། ལ་ལ་ཞིག་ནད་དུག་ལ་ཁ་གཡར་ནས་དམར་གསོད་བཏང་། ལ་ལ་ཞིག་གར་སོང་ཆ་མེད་དུ་གྱུར་ཏེ་ཤུལ་མེད་དུ་སོང་། སྐབས་དེར་རིམས་ནད་ཀྱི་རྐྱེན་གྱིས་རྒྱ་ནག་ནང་གི་གྲོང་ཁྱེར་སོ་སོའི་འགྲུལ་བཞུད་ས་ཚིགས་ཁག་རྒྱ་དམར་གཞུང་གི་བཀའ་རྒྱ་ལྟར་དུས་ཐོག་ཏུ་

དེ་ལས་མང་བ་། “ཀོ་རོ་ན།” »

བསམ་ཚུལ།

འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་བཀླགས་པའི་བརྗེད་ཐོ་ཆགས་བཤད་ཨི་ཙི་ལུ་གུ།

Posted on 2020-05-20 By ཁ་བརྡ No Comments on འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་བཀླགས་པའི་བརྗེད་ཐོ་ཆགས་བཤད་ཨི་ཙི་ལུ་གུ།

གཞི་བདག
 
ཁ་བཙོག་བཤད་པར་ཡ་མི་ང་།།
སྟེང་ནས་ཞོན་པར་བག་མི་ཚ།།
འབྲུག་སྨྱོན་ཀུན་ལེགས་བག་རེ་སྤྲོ།།
རྫུ་བག་ཅན་ཚོ་ཁ་རེ་སྐྱེངས།།

རྟོག་པའི་མཐུ་རྩལ་མངའ་བས་ན།།
སྟོད་ཀྱི་རི་དྭགས་ལུག་བཞིན་དེད།།
མགོ་ལྤགས་ཡོད་ཚད་སོ་སོར་ཕྱེ།།
སེ་གོལ་གཅིག་གི་བསྐྱར་གསོན་བྱས།།

དེ་ལས་མང་བ་། “འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་བཀླགས་པའི་བརྗེད་ཐོ་ཆགས་བཤད་ཨི་ཙི་ལུ་གུ།” »

སྙན་ངག

བྱ་གཏོར །

Posted on 2020-05-20 By ཁ་བརྡ No Comments on བྱ་གཏོར །

ཆང་སྐྱེས།
 
ང་ཚོ་བོད་པའི་རིག་སྲོལ་ལ།།
མ་ཤི་གསོན་དུས་འཚོ་ལུགས་དང་།།
ཤི་རྗེས་དུར་འཇུག་བྱེད་སྟངས་སོགས།།
མི་རིགས་གཞན་དང་ཁྱད་པར་ཆེ།།
ལྷག་པར་བོད་ཀྱི་བྱ་གཏོར་འདི །།
རྒྱ་གར་འཕགས་པའི་ཡུལ་དང་ནི།།
བོད་ལ་མ་གཏོགས་མ་ཡོད་ཞེས།།
གནའ་དེང་མཁས་པ་ཀུན་གྱིས་གསུངས།།

དེ་ལས་མང་བ་། “བྱ་གཏོར །” »

སྙན་ངག

༧ རྗེ་བཙུན་མི་ལ་རས་པའི་རྣམ་ཐར་བཀླགས་པའི་བརྗེད་བྱང་མུ་ཏོ་བའི་སློང་བཟེད།*

Posted on 2020-05-20 By ཁ་བརྡ 1 Comment on ༧ རྗེ་བཙུན་མི་ལ་རས་པའི་རྣམ་ཐར་བཀླགས་པའི་བརྗེད་བྱང་མུ་ཏོ་བའི་སློང་བཟེད།*

གཞི་བདག
 
ངག་སྙན་མོ་ཁུ་བྱུག་འདྲ་ལེ་ཞིག།།
སྟོད་གངས་རི་རྫ་རིའི་ཁྲོད་ན་ཡོད།།
ནགས་དབེན་པའི་རྩྭ་རྩེའི་ཟིལ་བ་ལ།།
ལས་ཉམས་ལེན་སྒོམ་གྱི་དྭངས་བ་འཁྱིལ།།

ངག་མགྲིན་པའི་རྩ་མདུན་གྲོལ་བ་ན།།
ཆོས་ཟབ་མོའི་སྙིང་དོན་གླུ་རུ་ལེན།།
གླུ་སྙན་མོས་མི་སེམས་ཆོས་ལ་བཀུག།།
ཆོས་ཐར་པའི་ལམ་པ་ཁོང་གིས་བྱས།།

ཆོས་ཟབ་མོའི་སྙིང་དོན་མི་འཁྲོལ་ཡང་།།

དེ་ལས་མང་བ་། “༧ རྗེ་བཙུན་མི་ལ་རས་པའི་རྣམ་ཐར་བཀླགས་པའི་བརྗེད་བྱང་མུ་ཏོ་བའི་སློང་བཟེད།*” »

སྣ་ཚོགས།

གངས་ཁྱི__སོ་ལྟ་བ། 

Posted on 2020-05-20 By ཁ་བརྡ No Comments on གངས་ཁྱི__སོ་ལྟ་བ། 

རླུང་དམར།
 
གངས་ཁྱི འགྲོ་མིའི་འཚོ་རྟེན་གྱི་སྒོ་སྲུང་བ་ཞིག
ཁྱི་ལ་སུས་ཀྱང་རྒྱབ་གཏོད་མི་དགོས་པའི་དཔའ་སྙིང་གི་སྐད་སྒྲ་ཡོད་ལ
བདག་པོ་དང་བདག་པོའི་ནོར་རྫས་སྲུང་བའི་སྲུང་དམག་ཁེར་རྒོད་ཅིག་ཀྱང་ཡིན

སྔར་ནས་”ཁྱི”ལ་བརྙས་བཅོས་བྱེེད་མཁན་མང་པོ་ཞིག་ཡོད་ནའང
གངས་ཁྱི་དེ  རང་གིས་གཅེེས་ཉར་བྱས་པའི་རྩེད་གྲོགས་ཤིག་ཡིན་པ་བརྗེད་འདུག
རང་རང་གི་གཞིས་ཁྱིམ་ན་གསོས་ཡོད་པའི་ཁྱི་དང་ཁྱིའི་རང་གཤིས་དེ་ཅི་རེད

དེ་ལས་མང་བ་། “གངས་ཁྱི__སོ་ལྟ་བ། ” »

སྙན་ངག

ཨབ་ར་ཧེམ་ལེན་ཁུན་མཆོག་གི་གཏམ་རྒྱུད། རླབས་ཆེན་གྱི་ལོ་རྒྱུས་སྐྲུན་པའི་སྐྱེས་བུ།

Posted on 2020-05-19 By ཁ་བརྡ 1 Comment on ཨབ་ར་ཧེམ་ལེན་ཁུན་མཆོག་གི་གཏམ་རྒྱུད། རླབས་ཆེན་གྱི་ལོ་རྒྱུས་སྐྲུན་པའི་སྐྱེས་བུ།

ཨ་དོན་ཉིས་བོད་བསྒྱུར་བྱས། རྩོམ་པ་པོ། Jane A. Schott

གཅིག འཚར་ལོངས་བྱུང་བའི་རྒྱུད་རིམ།

སྤྱི་ལོ1809 ལོའི་ཟླ་གཉིས་པའི་ཚེས་12 ཉིན། ཞིང་ཆེན་ཁན་ཐཱ་ཀེ (Kentucky) ཡི་གྲོང་གསེབ་ཧཱ་ལྗིན (Hodgenville) ཉེ་འདབས་སུ་དགུན་གྱི་ལྷགས་རླུང་གྲང་མོ་ཞིག་ཤིང་སྡོང་གཅེར་བུ་མང་པོའི་ཁྲོད་དུ་ལྡང་བཞིན་ཡོད། ཤིང་ཁང་ཆུང་ཆུང་ཞིག་གི་དུ་ཁུང་ལས་དུ་བ་སྔོ་བྲེང་བྲེང་

དེ་ལས་མང་བ་། “ཨབ་ར་ཧེམ་ལེན་ཁུན་མཆོག་གི་གཏམ་རྒྱུད། རླབས་ཆེན་གྱི་ལོ་རྒྱུས་སྐྲུན་པའི་སྐྱེས་བུ།” »

འགྱུར་རྩོམ།

བརྩེ་དུང་གི་གཏམ་རྒྱུད་ཐུང་ངུ་།

Posted on 2020-05-19 By ཁ་བརྡ No Comments on བརྩེ་དུང་གི་གཏམ་རྒྱུད་ཐུང་ངུ་།

བློ་བཟང་རིན་ཆེན་གྱིས་བསྒྱུར།

དེ་རིང་ཨ་ཕ་ཁྱིམ་ལ་ལོག་སྐབས་ཨ་མ་དང་ངེད་གཉིས་ལ་རྒྱ་སེ་མེ་ཏོག་རེ་རེ་བྱིན་སོང་། ཅིའི་ཕྱིར་ངེད་གཉིས་ལ་རྒྱ་སེ་མེ་ཏོག་བྱིན་པ་ཡིན་ཞེས་ཨ་ཕ་ལ་དྲིས་དུས། དེ་རིང་ངའི་ལས་རོགས་འགས་རང་གི་ཆུང་མ་དང་ཕྲུ་གུ་ཚོ་ལ་ལེ་བདའ་བྱེད་བཞིན་འདུག རེད་དེ་ང་རང་ཧ་ཅང་བསོད་ནམས་ཆེན་པོ་རེད། གཉེན་སྒྲིག་བྱས་ནས་ལོ་ངོ་ཉི་ཤུ་སོང་ཞིང་། རང་གི་བུ་མོ་ལོ་ངོ་བཅུ་བདུན་ལ་སྙོར་སྐྱོང་བྱས་ནའང་ལེ་བདའ་བྱེད་དགོས་པ་ཅི་ཡང་མ་བྱུང་པས་ཡིན་ཞེས་ལན་འདེབས་བྱས།

མཆན། •མ་ཡིག་གཤམ་ལ་བཀོད་ཡོད། ཁྱེད་ཅག་གིས་

དེ་ལས་མང་བ་། “བརྩེ་དུང་གི་གཏམ་རྒྱུད་ཐུང་ངུ་།” »

འགྱུར་རྩོམ།

སྦལ་བ་གཉིས་ཀྱི་གཏམ་རྒྱུད།

Posted on 2020-05-18 By ཁ་བརྡ 1 Comment on སྦལ་བ་གཉིས་ཀྱི་གཏམ་རྒྱུད།

རྐ་སྲས་ཀྱིས་བསྒྱུར།

ཡུལ་ལུང་ཞིག་ན་སྦལ་བ་གཉིས་ཡོད་ཅིང་། ཁོ་གཉིས་སྤུ་མཆེད་ལྟ་བུའི་གྲོགས་པོ་ཡིན་ལ་ཕན་ཚུན་ཧ་ཅང་འདྲིས་པོ་ཡོད་པ་རེད། སྦལ་བ་གཅིག་རྒྱགས་པ་ཡོད་པ་དང་། སྦལ་བ་གཞན་དེ་སྐམ་པོ་ཡོད་པ་རེད།

ཁོ་གཉིས་ཉེན་ཁར་མི་འཛེམས་པར་གང་སར་འཁྱམ་ཉུལ་བྱེད་པ་ཧ་ཅང་དགའ་ཞིང་། རྒྱུན་དུ་གྲོང་གསེབ་ནས་ཡར་མཐོང་མར་བྱེད་བཞིན་སྡོད་ཀྱི་ཡོད།

དེ་ལས་མང་བ་། “སྦལ་བ་གཉིས་ཀྱི་གཏམ་རྒྱུད།” »

འགྱུར་རྩོམ།

རོགས་ཆུང་ལོ། (གཞས་ཚིག་གསར་བ།)

Posted on 2020-05-18 By ཁ་བརྡ No Comments on རོགས་ཆུང་ལོ། (གཞས་ཚིག་གསར་བ།)

ཆང་སྐྱེས།

དགུན་ནམ་ཟླ་རི་བོ་རྩེ་ནས་སླེབས།།
སྡོང་ལོ་མ་ཙག་གིས་ཁྱེར་དུས་རེད།།
རོགས་ཆུང་ལོ་བྱུ་རུ་རྣ་ཏོག་ཅན།།
མིག་ཆུ་མ་ཤོར་བའི་གཞི་མ་རེད།།

ས་ཐག་རིང་གཞན་ཡུལ་ལུང་པ་རེད།།
སྐྱིད་མེད་ལ་སེམས་པ་གྲང་མོ་རེད།།
སྦྲ་རོགས་འདབས་ཀྱི་ཆུང་འདྲིས་རོགས།།
དྲན་དང་ན་སེམས་ཀྱི་གཏིང་ཞིག་རེད།།

དེ་ལས་མང་བ་། “རོགས་ཆུང་ལོ། (གཞས་ཚིག་གསར་བ།)” »

སྣ་ཚོགས།

མཁས་དབང་ནམ་མཁའི་ནོར་བུ་ལ་བོན་དྲིས་པ།

Posted on 2020-05-18 By ཁ་བརྡ 3 Comments on མཁས་དབང་ནམ་མཁའི་ནོར་བུ་ལ་བོན་དྲིས་པ།

རྫ་ཚེ་རིང་བཀྲ་ཤིས།

གླེང་གཞི།

༢༠༡༡ཟླ༤ཚེས་༨ཉིན། ཁོ་བོ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་གྲོང་ཁྱེར་ལྟེ་བའི་བཞུགས་གནས་མགྲོན་ཁང་དུ་མཁས་དབང་ནམ་མཁའི་ནོར་བུ་མཆོག་གི་མདུན་དུ་ཆེད་བཅར་ཞུ་རྒྱུའི་གོ་སྐབས་བྱུང་ཞིང་། བཀའ་མོལ་ཡང་མང་པོ་ཞིག་ཡར་ཞུ་ཕྱིར་གསུངས་བྱས། སྐབས་དེར་སྐད་ཆའི་ནང་དོན་སྒྲ་འཇུག་ཏུ་ཡོད་པ་ཁག་ནམ་མཁའི་ནོར་བུས་གསར་རྙིང་གི་བོན་གླེང་བ། ནམ་མཁའི་ནོར་བུས་རང་ཉིད་ཀྱི་འདས་སོང་དྲན་པ། ནམ་མཁའི་ནོར་བུས་ཉེ་དུས་ཀྱི་ཕྱག་ལས་བརྗོད་པ་སྟེ་དོན་ཚན་གསུམ་དུ་བགོས་ནས་ཡི་གེར་བཀོད་པ་ཡིན་ལ། ཉེ་ཆར་དྲ་ཐོག་ཏུ་དུམ་ཚན་དང་པོ་ཙམ་ཞིག་འགྲོ་བཞིན་འདུག་མོད། དེ་ཡང་ཕྲིན་སྟེགས་འགའ་ཞིག་གིས་

དེ་ལས་མང་བ་། “མཁས་དབང་ནམ་མཁའི་ནོར་བུ་ལ་བོན་དྲིས་པ།” »

བཅར་འདྲི།

ཡིད་བརྙན་རིང་ལུགས་ཀྱི་གྲྭ་པ་ཞིག་དང་གྲྭ་ལོག་ཅིག

Posted on 2020-05-182020-05-18 By ཁ་བརྡ No Comments on ཡིད་བརྙན་རིང་ལུགས་ཀྱི་གྲྭ་པ་ཞིག་དང་གྲྭ་ལོག་ཅིག

བོན་རྒྱ་བསྟན་འཛིན་རབ་རྒྱས། (ཤེད་བུ། )

ཨེ་ཛི་རཱ་ཕཱོང་ཊི་དང་ལྗང་བུ་ཟུང་གི་ཁ་བྱང་འདྲ་བོའི་སྙན་ངག་ལས་འཕྲོས་པ།

ངས་སྙན་ངག་འདི་གཉིས་ལ་བསྡུར་དཔྱད་ཅིག་བྱ་དགོས་བསམ་མོད། སྙན་ངག་འདི་གཉིས་ཀྱི་ཚིག་ངོས་གོ་སླ་ནའང་། རྒྱབ་ལྗོངས་ནི་གཏེར་ཁ་སྔོག་པ་ལྟར་ཧ་ཅང་གོ་དཀའ་བས་ང་ལ་བསྡུར་དཔྱད་ཀྱི་ཤེས་རབ་མི་འདུག

དེ་ལས་མང་བ་། “ཡིད་བརྙན་རིང་ལུགས་ཀྱི་གྲྭ་པ་ཞིག་དང་གྲྭ་ལོག་ཅིག” »

དཔྱད་རྩོམ།, རྩོམ་རིག

ཏོག་དབྱིབས་ནད་དུག་གི་ནུས་པ་དང་། མིའི་བཟང་སྤྱོད་ལ་འགྱུར་བ།

Posted on 2020-05-18 By ཁ་བརྡ No Comments on ཏོག་དབྱིབས་ནད་དུག་གི་ནུས་པ་དང་། མིའི་བཟང་སྤྱོད་ལ་འགྱུར་བ།

ཨ་མྱེས་སྲས་ཆུང་གིས།

ཕྱི་ཟླ་༣/༡༥ ནས་༥/༡༡ བར་ཟླ་བ་གཉིས་མ་ཟིན་ཙམ་རིང་ཟ་ཉལ་གཉིས་ལས་བྱ་བ་གཞན་མེད་པར་ནང་མི་ཚོ་མཉམ་དུ་ཧ་ཅང་ལྷོད་ལྷོད་བསྡད་རྒྱུ་བྱུང་བའི་རྒྱུ་མཚན་ནི་གཅིག་རང་རེད། དེ་ནི་ཏོག་དབྱིབས་ཅན་གྱི་ནད་དུག་འདི་ལ་གཡོལ་ཐབས་ཤིག་རེད།སྤྱི་སྟངས་ད་རིང་གི་ནད་ཡམས་འདི་ལ་གཡོལ་ཐབས་དང་གདོང་ལེན་བྱེད་ཐབས་ནི་འཛམ་བུ་གླིང་གི་མི་ཚང་མའི་བསམ་བློ་གཅིག་མཚུངས་རེད། ཕྱོགས་གཅིག་ནས་སའི་གོ་ལའི་ཁྱིམ་ཚང་ཆེན་མོ་འདི་སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ་ཡིན་པའི་

དེ་ལས་མང་བ་། “ཏོག་དབྱིབས་ནད་དུག་གི་ནུས་པ་དང་། མིའི་བཟང་སྤྱོད་ལ་འགྱུར་བ།” »

བསམ་ཚུལ།

<< ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། >> ( 11 )

Posted on 2020-05-172020-05-17 By ཁ་བརྡ No Comments on << ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། >> ( 11 )

བློ་བཟང་རིན་ཆེན།
 
<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ས་བཅད་གཉིས་པའི་སྙིང་རྗེས་ཀུན་ནས་བསླངས་པའི་བཟང་སྤྱོད་ཅེེས་པའི་ལེའུར་བྲིས་པའི་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་མདོར་བསྡུས་ཤིག་འཆད་པར་བྱ།

བཅོས་མིན་གྱི་སྙིང་རྗེ།

སྙིང་རྗེ་ནི་ཆོས་ལུགས་ཚང་མས་གལ་ཆེན་རང་བཞིན་དུ་བརྩི་བའི་སེམས་ཀྱི་ཡོན་ཏན་གལ་ཆེན་ཡིན་པའི་འགྲེལ་བརྗོད་ལེའུ་སྔ་མ་དག་ཏུ་བྱས་པ་ལྟར་རེད། སྙིང་རྗེ་ལ་གནས་རིམ་འདྲ་མིན་ཞིག་ཡོད་ནའང་།

དེ་ལས་མང་བ་། “<> ( 11 )” »

སྣ་ཚོགས།

མཚོན་གྱི་མཚོ་མོ།

Posted on 2020-05-172020-05-17 By ཁ་བརྡ 1 Comment on མཚོན་གྱི་མཚོ་མོ།

ཁྲོ་གཏུམ། ༼ཨོ་གླིང་།
 

—ཁ་སང་ཞོགས་པར་པར་བཏབ་སྟེ་དེ་རིང་ཞོགས་པར་སེམས་པ་བྲིས།

 
ཞི་བདེ་རྒྱ་མཚོའི་ར་ལག་ཅིག
ཉིང་ལག་ཅིག
རྣ་ལུང་ཞིག
རྩིབས་རུས་ཤིག
ར་ལུ་ཞིག

འོན་ཀྱང འདི་ནི་མེ་ལོང་ཞིག་སྟེ
སྤྲིན་པ་དང་ཉི་མའི་མེ་ལོང

དེ་ལས་མང་བ་། “མཚོན་གྱི་མཚོ་མོ།” »

སྙན་ངག

ཨོ་གླིང་དང་འབྲེལ་བའི་ཡ་མཚན་དོན་བཞི།

Posted on 2020-05-172020-05-17 By ཁ་བརྡ 2 Comments on ཨོ་གླིང་དང་འབྲེལ་བའི་ཡ་མཚན་དོན་བཞི།

བོད་བསྒྱུར་བྱེད་མཁན། གངས་དཀར་སེམས།
 
(དྲ་རྩོམ་བོད་འགྱུར་མ།)

༡། ཨོ་གླིང་ལ་འཛམ་གླིང་ཐོག་ཆེས་རིང་ཤོས་ཀྱི་རྡོ་རིལ་དབྱུག་པའི་སྤོ་ལོའམ་གྷོལ་ཧྥུའུ་ Golf ཐང་ཆེན་ཡོད། དེའི་རིང་ཚད་ནི་ཀཱི་ལོ་མིས་ཊ་ Kilometers ༡༣༦༥ དང་། ཨོ་གླིང་ནུབ་ཕྱོགས་ཀྱི་གྷལ་གུ་གྲོང་ Kalgoorlie དང་ལྷོའི་གྲོལ་བརྡལ་སཱི་ཏུ་ Ceduna Town གཉིས་འཕྲེད་བརྒལ་ཞིང་། དེའི་དབར་ས་དུང་གྲངས་ ༡༨ ཡོད། སྤོ་ལོ་ཐང་འདིར་རྩེད་འགྲན་ཐེངས་གཅིག་བྱེད་པར་ཉིན་ ༤ འགོར་གྱི་ཡོད་པ་རེད།

དེ་ལས་མང་བ་། “ཨོ་གླིང་དང་འབྲེལ་བའི་ཡ་མཚན་དོན་བཞི།” »

སྣ་ཚོགས།

དྭ་ཕྲུག་དང་རྡོ་སྒྲོལ་ལྗང་གིས་མི་སེམས་སྒུལ་བའི་སྒྲུང་།

Posted on 2020-05-162020-05-16 By ཁ་བརྡ No Comments on དྭ་ཕྲུག་དང་རྡོ་སྒྲོལ་ལྗང་གིས་མི་སེམས་སྒུལ་བའི་སྒྲུང་།

ལུག་རྫིས་བསྒྱུར།

གནའ་གཏམ་ཆུང་ཆུང་ཞིག་ལ། སྔོན་ཆད་བོད་ན་ཕྲུ་གུ་དབུལ་ཞིང་ཕོངས་པ་ཞིག་ཡོད། ཆུང་དུས་ནས་ཕ་མ་གཉིས་མེད་པའི་དྭ་ཕྲུག་ཅིག་ཏུ་གྱུར། སྐབས་དེར་བྱིས་པ་མང་པོ་ཞིག་ལ་ཨ་མས་གཅེས་སྐྱོང་བྱེད་དུས་ཁོ་རང་ཧ་ཅང་སེམས་སྡུག་བྱེད་བཞིན་བསྡད། ཁོ་སྡོད་སའི་ཉེ་འགྲམ་དུ། སྒྲོལ་ལྗང་གི་རྡོ་སྐུ་ཆེན་པོ་ཞིག་ཡོད་པ་རེད། ཁོས་ཉིན་རྟག་པར་རྡོ་སྒྲོལ་ལྗང་སྐུའི་འགྲམ་ལ་བརྒྱུགས་སོང་ནས་སོ་སོའི་སེམས་པ་སྐྱིད་པོ་མེད་དུས་སེམས་ཀྱི་སྐད་ཆ་ཤོད་བཞིན་ཡོད། བུ་ཆུང་དེས་སྒྲོལ་ལྗང་དེ་སོ་སོ་ཨ་མ་ནང་བཞིན་རྩིས་ནས་། སྒྲོལ་ལྗང་འགྲམ་དུ་ཡར་རྒྱུག་མར་རྒྱུག་བྱེད་ནས་རྩེད་མོ་རྩེས་པ་དང། རྩེད་མོ་རྩེས་ནས་ཐང་ཆད་པ་ན་སྒྲོལ་ལྗང་ལ་སྐད་ཆ་བཤད་བཞིན་

དེ་ལས་མང་བ་། “དྭ་ཕྲུག་དང་རྡོ་སྒྲོལ་ལྗང་གིས་མི་སེམས་སྒུལ་བའི་སྒྲུང་།” »

འགྱུར་རྩོམ།

སེམས་ཀྱི་མེ་ཏོག་དམར་པོ།

Posted on 2020-05-14 By ཁ་བརྡ No Comments on སེམས་ཀྱི་མེ་ཏོག་དམར་པོ།

ཆང་སྐྱེས།

བུ་མོ་ཕ་ཁྱིམ་བདག་མོ་ལ
རྒྱུ་སྐར་དབུས་ཀྱི་རི་བོང་འཛིན་པ་དང་།།
བརྒྱ་བྱིན་དྲུང་གི་ལྷ་མོ་ཚོགས་རྣམས་ཀྱི།།
མཛེས་སྡུག་མ་ལུས་གཅིག་ཏུ་སྤུངས་ན་ཡང་།།
བུ་མོ་ཕ་ཁྱིམ་བདག་མོའི་འཇོ་སྒེག་གི།
ཆ་ཤས་ཙམ་ཡང་འགྲན་པར་མ་ནུས་སོ།།

དེ་ལས་མང་བ་། “སེམས་ཀྱི་མེ་ཏོག་དམར་པོ།” »

སྙན་ངག

ལོ་ངོ་བརྒྱའི་རིང་སྐོར་བ་བརྒྱབ་པའི་གླུ་དབྱངས། El Condor Pasa*

Posted on 2020-05-142020-05-16 By ཡེ་ཤེས་ No Comments on ལོ་ངོ་བརྒྱའི་རིང་སྐོར་བ་བརྒྱབ་པའི་གླུ་དབྱངས། El Condor Pasa*

ཀླུ་སྨྱོན།

ཁ་སང་ཉིན་གུང་། ངས་ཉི་མར་ལྡེ་བཞིན་གནམ་སྔོན་པོའི་དཀྱིལ་དུ་ཅེར་ནས་སྡོད་སྐབས། གློ་བུར་དུ་རང་གི་དཔེ་ཁྲིའི་སྟེང་དུ་བཀྲ་ཤིས་ཟླ་བའི་བརྩམས་སྒྲུང་ཕྱོགས་བསྒྲིགས་ཀྱི་དབྱིན་དེབ་ཅིག་ཡོད་པ་དྲན་བྱུང་བས། མྱུར་དུ་ནང་ལ་སོང་ནས་དེབ་དེ་ཁྱེར་ཡོང་ནས་རོབ་ཙམ་བཀླགས་པ་ཡིན། དེབ་དེ་སྤྱི་ལོ་ ༡༩༩༢ ལོར་པེ་ཅིན་རྩོམ་རིག་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས། དེའི་གླེང་བརྗོད་པེ་ཅིན་དུ་སྡོད་པའི་བོད་རིགས་རྩོམ་པ་པོ་གྲགས་ཅན་དོན་འགྲུབ་དབང་འབུམ་གྱིས་བྲིས་པ་དང་། ཁྱོན་བསྡོམས་བརྩམས་སྒྲུང་

དེ་ལས་མང་བ་། “ལོ་ངོ་བརྒྱའི་རིང་སྐོར་བ་བརྒྱབ་པའི་གླུ་དབྱངས། El Condor Pasa*” »

ངོ་སྤྲོད།

རྩོམ་ཉོག་རྒྱ་ནད19པ།  

Posted on 2020-05-14 By ཁ་བརྡ No Comments on རྩོམ་ཉོག་རྒྱ་ནད19པ།  

བཀྲ་ཤིས་དོན་གྲུབ།
 
རྒྱ་ནད་བཙན་པོ་རྒྱ་ནག་ཡུལ་ནས་ཐོན།།
རྒྱ་ཆེན་གོ་ལའི་ཁྱོན་ལ་ཁྱབ་བྱས་ཏེ།།
རྒྱ་ཙམ་མིན་པར་ཐམས་ཅད་ཨར་ལ་གཏད།།
རྒྱ་མིན་རྒྱ་བླ་རྣམས་ལའང་ཁོམ་པ་བྱིན།།

འཛམ་གླིང་བང་མཛོད་སྟོངས་ལ་ཉེ་འདུག་སྐད།།

དེ་ལས་མང་བ་། “རྩོམ་ཉོག་རྒྱ་ནད19པ།  ” »

སྙན་ངག

རིན་ཐང་བྲལ་བའི་རྡོ།

Posted on 2020-05-13 By ཁ་བརྡ 1 Comment on རིན་ཐང་བྲལ་བའི་རྡོ།

རྐ་སྲས་ཀྱིས་བསྒྱུར།

ཉིན་ཞིག་གཞོན་ནུ་ཞིག་གིས་རང་གི་ཨ་ཕ་ལ་རང་ཉིད་ཀྱི་མི་ཚེའི་རིན་ཐང་ཅི་འདྲ་ཞིག་ཡིན་ནམ་ཞེས་དྲི་བ་དྲིས་པ་རེད།

དྲི་བར་ལན་འདེབ་རྒྱུའི་ཚབ་ཏུ་ཁོས་རང་གི་བུ་ལ “རྡོ་འདི་ཁྱེར་ནས་ཁྲོམ་ལ་བཙོང་དུ་སོང་། གལ་ཏེ་རིན་གོང་འདྲི་མཁན་བྱུང་ན། མཛུབ་མོ་གཉིས་སྟོན་ལ་སྐད་ཆ་གཞན་ཅི་ཡང་མ་ཤོད”་ཅེས་བཤད།

དེ་ལས་མང་བ་། “རིན་ཐང་བྲལ་བའི་རྡོ།” »

འགྱུར་རྩོམ།

Posts pagination

Previous 1 … 68 69 70 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།
  • གཤིན་རྗེའི་རྒྱལ་པོར་སྤྲིངས་པ།
  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • གཤིན་རྗེའི་རྒྱལ་པོར་སྤྲིངས་པ། (119)
  • མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ། (68)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme