
སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན།
དམ་པའི་ཆོས་འཆད་ཉན་བྱས་པ་དང་། ཆོས་ཀྱི་དོན་ཤེས་པ་ནི་ཉོན་མོངས་པ་སྤོང་པའི་ཐབས་ཁོ་ན་ཡིན་པས། ལམ་གྱི་བདེན་པ་ལ་བརྟེན་ནས་ཀུན་ནས་འབྱུང་པ་སྤངས་པ་ཡིན་ཞིང་། དེ་ལ་བརྟེན་ནས་སྡུག་བསྔལ་བདེན་པ་རྒྱུ་འབྲས་དང་བཅས་པ་ཟད་ནས་འགོག་པའི་བདེན་པ་མངོན་དུ་གྱུར་པ་ཡིན་ནོ།། དེ་ལ་བཅོམ་ལྡན་འདས་ཀྱིས། འདོད་ཆགས་ཀྱི་ཕུང་པོ་རི་རབ་ཙམ་ཡང་སླ་ཡིས། ཞེ་སྡང་ནི་སྐད་ཅིག་གཅིག་ཀྱང་དེ་ལྟ་མ་ཡིན་ནོ།། ཞེས་གསུངས་པ་བཞིན་ཞེ་སྡང་ནི་ཉོན་མོངས་པ་རྣམས་ཀྱི་ནང་ནས་ཆེས་གདུག་རྩུབ་ཅན་གྱི་ཉོན་མོངས་པ་ཞིག་པས། ཐོག་མར་གདུག་རྩུབ་ཅན་གྱི་དགྲ་བོ་འདི་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས་གཞོམ་པར་བྱའོ།།


