ལོ་གསར་པའི་ཐོག་མའི་རྩོམ་ཕུད།
རྩེ་སྐར།
༡ ཁ་བ་དང་ལོ་གསར།
ད་ལོ་ཁ་བ་བབས་བྱུང༌།
མི་རྣམས་ཀྱིས་སྤྲོ་སྣང་ཞིག་རུམ་ནས་བྲེལ་བ་ཧ་ཅང་ཆེ་དུས།
ཡང་ན། མྱ་ངན་ཞིག་མིད་ནས་སེམས་པ་འཁྱག་ཤི་ཐེབས་དུས།
ཁ་བའང་བྲེལ་ཟང་ཟིང་མི་ཡུལ་ལ་ཁད་ཀྱིས་བབས།
ད་ལོའི་ཁ་བ་འབབ་སྟངས་དེ་ནམ་རྒྱུན་དང་མི་མཚུངས་པར།
རོ་ལ་རྔམ་པའི་བྱ་རྒོད་ཀྱི་ཚོགས་བཞིན་བསྙིལ་ཏེ།
དགུན་གཞུང་ན་ཙག་གིས་བསྡམས་པའི་ས་གཞི་དེ་དང༌།
མི་ཚོགས་ཀྱིས་གོས་ཧྲུལ་བཞིན་ཕུད་པའི་ལོ་རྙིང་དེར།
རྐང་བཅག་གིས་དག་ཁྲུས་ཡང་ཡང་མཛད་ཅིང༌།