༼བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་ཚིགས་ནས་འདྲེན་བཀོད་ཞུས།༽
ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༦ ཉིན་གྱི་ཉིན་གུང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ཇན་ཏར་མ་ཏར་རུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགོ་འཁྲིད་དེ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་དུ་ཚོགས་འདུར་སླེབས་ལ་ཉེ་བ་དང་བསྟུན་ནས། བོད་མི་སྟོང་ཕྲག་གཉིས་ལྷག་འདུ་འཛོམས་ཀྱིས་ངོ་རྒོལ་བྱེད་པའི་སྐབས། ཉིན་དེའི་ཆུ་ཚོད་ ༡༢ དང་སྐར་མ་ ༢༥ སྟེང་ཁམས་རྟའུ་ནས་ཡིན་པ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་གློ་བུར་ལུས་སྟེང་དུ་སྣུམ་བླུགས་ཏེ་རང་ལུས་མེ་སྲེག་བཏང་ཡོད་པ་དང་།




དེ་རིང་ཞོགས་པར་རྒྱལ་ས་ལྡི་ལི་ཇན་ཏར་མ་ཏར་ས་གནས་སུ་བོད་མི་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། ད་ལྟའི་ཆར་སྨན་ཁང་དུ་མྱུར་སྐྱོབ་བྱེད་ཀྱི་ཡོད་འདུག