སྤྱི་འཐུས་གྲོས་ཚོགས་ཀྱི་ལས་རིམ་ལ་ལེགས་བཅོས་གནང་ནས་དུས་ཚོད་དང་གཞུང་དངུལ་སྲི་ཚགས་གནང་དགོས།
གཞུང་པ་ཚེ་དབང་བསོད་ནམས། ད་ལམ་སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་རིམ་མཐོང་སྐབས་ད་ལྟའི་གྲོས་ཚོགས་ཀྱི་ལས་རིམ་ལ་འགྱུར་བ་གཏོང་མ་ཐུབ་ཚེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་ལ་ཉམས་ཆགས་འགྲོ་བའི་ཉེན་ཁ་ཞིག་མཐོང་སོང་། འཛིན་སྐྱོང་གི་ལས་བསྡོམས་དེ་སྤྱི་འཐུས་རྒྱུན་ལས་ལ་ཕུལ་ནས་རྒྱུན་ལས་ཀྱི་ཞིབ་འཇུག་གནང་བའི་སྙན་མཐོ་དང་འཛིན་སྐྱོང་གི་ལས་བསྡོམས་བཅས་མཉམ་དུ་སྤྱི་འཐུས་ཚོར་ཕུལ་ནས་སྤྱི་འཐུས་ཚོའི་འཛིན་སྐྱོང་ལ་འདྲི་བ་དང་དོགས་གཅོད་ཞུ་དགོས་པ་དང་། འཛིན་སྐྱོང་ནས་ལས་བསྡོམས་ཀློག་མ་དགོས་པ་རྒྱུན་ལས་ཀྱི་ཞིབ་འཇུག་གནང་བའི་སྐྱོན་གནད་ཐོག་འཛིན་སྐྱོང་ནས་ལན་འདེབས་གནང་རྒྱུའི་ལམ་ལུགས་བཟོ་ཐུབ་ན་དུས་ཚོད་དང་འགྲོ་སོང་གང་ཅིར་ཕན་ངེས་དང་། མང་གཙོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ལམ་ལུགས་ནང་ལོ་འཁོར་སྔོན་རྩིས་ཙམ་ལས་གཞན་ལས་བསྡོམས་ཁག་གྲོས་ཚོགས་ནང་འཛིན་སྐྱོང་ནས་ཀློག་པའི་ལུགས་སྲོལ་མེད་པ་དང་། འཛིན་སྐྱོང་གི་ལས་བསྡོམས་ཆ་ཚང་ཚོགས་དྲུང་ལས་ཁུངས་ལ་ཕུལ་ནས་འཐུས་མི་ཚོའི་ཚོགས་དྲུང་ལས་ཁུངས་ནས་ལེན་དགོས་པ་དང་། ལོ་འཁོར་སྔོན་རྩིས། ༼ Budget ༽དེ་དཔལ་འབྱོར་བཀའ་བློན་ནས་གྲོས་ཚོགས་ནང་ཡིག་ངག་གཉིས་ནས་འབྲེལ་བཤད་རྒྱབ་ནས་འཐུས་མི་ཚོའི་ཆ་ཤས་ལེན་དགོས་པ་དང་། ལས་བསྡོམས་དེ་འཛིན་སྐྱོང་ནས་ཀློག་མི་དགོས་པ་རྒྱུན་ལས་ནས་ཞིབ་འཇུགས་གནང་བའི་སྙན་མཐོའི་ཐོག་འཐུས་མི་ཚོའི་ཆ་ཤས་ལེན་དགོས་པ་ནི་དུས་ཚོད་དང་གཞུང་དངུལ་སྲི་ཚགས་སོགས་ལ་ཕན་ཐོག་ཡོང་རྒྱུ་དང་། དེ་མིན་ད་ལྟའི་ལམ་ལུགས་འདི་མུ་མཐུད་ནས་ལག་ལྟར་ཞུས་ཚེ་ཉིན་མ་གསུམ་བཞི་ནང་ཚར་རྒྱུའི་ལས་རིམ་དེ་བདུན་གཅིག་ལྷག་འགོར་སྲིད་པ་ནས་འགྲོ་སོང་འཕར་མ་ཙམ་ལས་གཞན་དགེ་ཚན་ཡོད་པ་མཐོང་མ་སོང་ལ་སྤྱི་འཐུས་རྒྱུན་ལས་ནས་འཛིན་སྐྱོང་གི་ལས་བསྡོམས་ཐོག་ཞིབ་འཇུག་གནང་བའི་སྙན་མཐོའི་འདྲི་ཤོག་ཐོག་འཛིན་སྐྱོང་ནས་གསལ་བཤད་གནང་དགོས་པ་དང་སྤྱི་འཐུས་ཚོའི་འཕྲོས་དོན་འདྲི་བ། ༼ Supplementary Question…