རྔ་བ་ཀུན་བཟང་སྒྲོལ་མ།།
ཚན་པ་གཉིས་པ།
ལུས་སེམས་དམར་པའི་དར་ཆའི་འོག་ནས།།
རང་ལུས་རིན་ཆེན་མེ་རུ་སྒྲོན་ཐལ།།
རྒན་གཞོན་སེར་སྐྱའི་སྙིང་ནད་འོག་ནས།།
མ་འོངས་རང་བཙན་སླར་གསོ་བྱས་ཐལ།།
ཨ་མའི་ཟུངས་ཁྲག་མཆོད་མེ་ཕུལ་སོང་།།
བྱིས་པའི་སྲོག་རྩ་མུ་གེས་བཅད་ཐལ།།
རྒྱ་འདྲ་དམར་པོས་ཧམ་སེམས་འོག་ནས།།
ས་ཡ་དྲུག་པོའི་མེ་ལྕེ་འབར་ཐལ།།

