ཨོ་རྒྱན་ཉི་མ།
བདེན་པའི་མེ་ལྕེས་བདེན་པའི་ལོ་རྒྱུས་བསྲེག །
བདེན་པའི་མེ་ལྕེས་ཤར་ནུབ་འུར་གྱིས་གང་། །
བདེན་པའི་ལ་རྒྱ་ཚོམས་ཆེན་ཡོངས་ནས་བསྒྲགས། །
བདེན་དོན་མེ་ཡི་ཞལ་ནས་སོས་ཐུབ་སམ། །
བདེན་དོན་ཞེས་པའི་གཡེར་གྲགས་ཆེ་བ་དེས། །
བདེན་པའི་མེ་ལྕེ་ཡོད་ཚད་བསྡུས་ནུས་ཀྱང་། །
བདེན་རྟགས་སྔོན་བྱོན་ལོ་རྒྱུས་ཡོད་གྱུར་ཀྱང་། །
བདེན་དོན་ཁྲིམས་ལ་གནས་པའི་གང་ཟག་ཅིག །

![383434_10151234832937792_1836358628_n[1]-1](https://www.khabdha.org/wordpress/wp-content/uploads/2012/09/383434_10151234832937792_1836358628_n1-1-300x225.jpg)
![560981_10151087420239825_810546171_n[2]](https://www.khabdha.org/wordpress/wp-content/uploads/2012/09/560981_10151087420239825_810546171_n2-300x225.jpg)
