རྨ་ཆུའི་དོན་ཁོ།
ཨེ་མ།
ཇི་འདྲའི་སྙན་འཇེབས་ལྡན་པའི་དབྱངས་རྟ་ཞིག
ཇི་འདྲའི་ཡིད་དུ་འོང་བའི་སྒྲ་དབྱངས་ཤིག
སེམས་ཀྱི་གཏིང་རིམ་ལ་འཐིམ་པའི་འགྱུར་ཁུགས་ཤིག
རྐང་གི་ཁོང་དུ་ཟུག་པའི་གསུང་སྐད་ཅིག
དེ་ནི། ཚངས་སྲས་རྒྱུད་མངས་དང་། ཁུ་བྱུག་གསུང་སྙན་སོགས་གང་ཡང་མིན་པར། དེ་ནི་སྐྱེས་བུའི་ཤེས་རྒྱུད་ཀྱིས་ཟིན་ཅིང་། ཟབ་མོ་དབུ་མའི་ལྟ་གྲུབ་དབྱངས་སུ་གྱེར་བའི་རྒྱལ་བའི་བཞད་སྒྲ་སྟེ། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་མིའི་རྣམ་པར་རོལ་བའི་བཞད་སྒྲ་རེད།
ཁྱེའུ་ལྷ་མོ་དོན་འགྲུབ།
ང་ནི་བུད་མེད་ཅིག་སྟེ་ང་ནི་བོད་མོ་ཞིག་ཡིན།
རྨ་ལྷོ། ངྷ་ན་ཀོ་ཤ།
ང་ནི་བུད་མེད་ཅིག་སྟེ་གནམ་གྱི་ཕྱེད་ཀ་ཡིན།
ང་ནི་བོད་མོ་ཞིག་སྟེ་གཡའ་དག་པའི་མཁའ་དབྱིངས་ཡིན།
ཡིན་ནའང་། ངས་བུད་མེད་ཅིག་གམ་བོད་མོ་ཞིག་གིས་བསྒྲུབ་འོས་པའི་འགན་ཁུར་ཡོངས་སུ་འགྲུབ་མེད་པ་འདྲ། དེ་ནི་ངས་བཞོ་ལོང་བཏགས་ཤིང་བཞོ་ཟེའུ་བསྐྱོར་ཏེ་འབྲི་དང་མཛོ་མོའི་ནུ་མགོར་འཇུས་མ་མྱོང་ལ། ངས་འོ་འཁོར་ཐོགས་ནས་སྟོང་བཤིགས་མར་ལོ་རིལ་བུར་ཡང་ཕབ་མ་མྱོང་། ངས་ད་དུང་དར་བ་བསྐོལ་ཏེ་ཆུར་བ་བཙགས་མ་མྱོང་ལ། ངས་དཀར་ཡོལ་ནང་འབྲུ་མར་མར་ལོ་འཕངས་ནས་སྦྲང་དཀར་རྩམ་པ་ཡང་བརྫི་མི་ཤེས་པའི་ཚོད་རེད། ཐ་ན་ངས་ལྕི་བ་བསྒྲུགས་ཏེ་ཨོང་བའི་འབར་རྫས་བརྩིག་མི་ཤེས་ལ། “རིལ་མར་མེ་བསྒོས་ཤིང་ཡུ་ཏོར་ཁྲབ་བསྐོན་ཏེ་ཧོར་དམག་བསྐྲད་པ་གླིང་འབྲུག་མོའི་ཐབས་རྩལ”ལྟ་ཞོག
གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན་གྱི་བཀླགས་བྱང་། ( 17 )
བློ་བཟང་རིན་ཆེན།
<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ས་བཅད་གསུམ་པའི་ཞི་བདེ་དང་གོ་མཚོན་བཀག་སྡོམ་ཞེས་པའི་ལེའུར་བྲིས་པའི་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་མདོར་བསྡུས་ཤིག་འཆད་པར་བྱ།
དམག་འཁྲུག
ང་རང་ཆུང་ཆུང་སྐབས་མི་མང་པོ་ཞིག་དམག་འཁྲུག་གི་ལྟད་མོར་ལྟ་རྒྱུ་དགའ་བོ་འདུག འོན་ཀྱང་ང་ནི་དེ་ལ་ལྟ་རྒྱུར་ཁྱོན་ནས་དགའ་བོ་མེད། སྐབས་དེ་དུས་ཀྱི་དམག་འཁྲུག་གི་ལྟད་མོ་མང་པོ་ཞིག་རྒྱ་ནག་དང་ཉི་ཧོང་གི་སྐོར་གྱི་ལྟད་མོ་ཤ་སྟག་རེད། མ་ཟད་
དེ་ལས་མང་བ་། “གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན་གྱི་བཀླགས་བྱང་། ( 17 )” »
ཁྱོད་ནི་ངའི་ཚེ་སྲོག་གི་རིན་ཐང་།
ཆང་སྐྱེས།
མཐོན་མཐིང་ཨ་སྔོན་དགུང་གི་རྒྱུ་སྐར་གྱི་དབུས་ནས།།
དཀར་གསལ་བཅོ་ལྔའི་ཟླ་བ་ཡིད་འོང་གིས་འཛུམ་དུས།།
བརྩེ་སེམས་ཁྱོད་ལ་ཞོགས་པའི་བདག་སེམས་ཀྱི་རྟ་ཕོས།།
དྲན་གདུང་ལྕགས་སྒྲོག་གཅོད་ལ་ཐེ་ཚོམ་ཞིག་མི་འདུག།
མེ་ཏོག་སྤང་ལ་བཞད་པ་དུས་ཚིགས་ཀྱི་ལང་ཚོ།།
སྤྲིན་པ་རླུང་གིས་འཁུར་བ་སྐྱོ་གདུང་གི་ན་ཟུག།
སྣང་བ་ཆང་གིས་མྱོས་པའི་འཆར་ཡན་གྱི་ཀློང་ནས།།
ཁྱོད་ཞལ་པད་མོ་བདག་གི་སྙིང་ག་རུ་བཞད་སོང་།།
ངོ་ཚ་བྲལ་བའི་བོད་མི་ཁག་ཅིག
ཨ་མྱེས་སྲས་ཆུང་གིས།
འཛམ་གླིང་ཡར་ཐོན་ཅན་གྱི་རྒྱལ་ཁབ་དང་བསྡུར་ན་ང་ཚོ་རྗེས་ལུས་རེད། རྒྱལ་ཁབ་དེ་ཚོའི་གྲལ་དུ་ཚུད་ཐུབ་པའི་འབད་བརྩོན་བྱེད་ལོས་དགོས། ཡིན་ན་ཡང་ང་ཚོས་ཡོད་ཚད་ཁོ་ཚོར་ལད་མོ་བྱེད་ནས་གཅེར་རྒྱུགས་བྱེད་མི་ཉན། ང་ཚོའི་མི་རིགས་འདི་ཕ་མ་བུ་ཕྲུག་བར་ལ་ངོ་ཚ་ཤེས་མཁན་དང་། ཕུ་ནུ་གཅེན་གཅུང་བར་ལ་ཞེ་ཁྲེལ་ཤེས་མཁན། ཁྱོ་ག་སྐྱེས་དམན་བར་ལ་གུས་ཞབས་བཟོ་ཤེས་མཁན་གྱི་མི་རིགས་ཤིག་རེད། འདི་ང་ཚོའི་ཐུན་མོང་མ་ཡིན་པའི་གཤིས་ཀ་ཞིག་དང་ལུགས་སྲོལ་ཞིག་རེད། རང་ཚུགས་ཤོར་མི་ཉན། ངས་སྐད་ཆ་འདི་འདྲའི་ཞིག་བཤད་དགོས་པའི་རྒྱུ་མཚན་ནི། དེང་སང་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བཞུགས་མཁན་ཐད་གཏོང་ངམ།
《 Live》ཟེར་བའི་གཟུགས་མཐོང་བརྙན་འཕྲིན་ཐད་སྟོན་
ཨ་མ་བཀའ་དྲིན་ཅན་གྱི་ངང་ཚུལ་ངེས་པར་བརྗོད་པའི་གཏམ།
རྩོམ་པ་པོ། རྫ་ཚེ་རིང་བཀྲ་ཤིས།
——འགྲན་ཟླ་མེད་པའི་མ་སེམས་ཞེས་བྱ་བ།
སྤྱན་རས་གཟིགས་གར་གྱི་དབང་ཕྱུག་ཐུགས་རྗེ་ཅན་ལ་གུས་པས་ཕྱག་འཚལ་ལོ། །
ཀྱེ་ཀྱེ་རྒྱལ་བའི་འཕྲིན་ལས་མ། །གདུང་བ་ཀུན་སེལ་ཏཱ་རེ་ཡུམ། །
བཀའ་དྲིན་ཅན་གྱི་ཨ་མ་ལ། །ཐུགས་རྗེའི་དཔུང་གཉེན་མཛད་དུ་གསོལ། །
རྒྱལ་པོའི་ཆད་པས་བཅད་པ་ཡི། །བུ་ངའི་སེམས་ལ་ཨ་མ་འཁྲེང༌། །
དེ་ལས་མང་བ་། “ཨ་མ་བཀའ་དྲིན་ཅན་གྱི་ངང་ཚུལ་ངེས་པར་བརྗོད་པའི་གཏམ།” »
མཐོ་རྒྱུགས་ལ་ཞུགས་པའི་འབྲོག་གྲོང་གི་སློབ་མ། ཡིག་འཕྲིན།
འདྲེ་གླེན་པ།
སྙིང་ནས་བརྩེ་བའི་ནུ་བོ་མགོན་པོ་ཚེ་བརྟན། ད་ཁྱོད་ལོ་ག་ཚོད་རེད་གོ ། ངས་གསལ་བོ་ཞིག་མི་དྲན་གི ། འོན་ཀྱང་། ངས་ད་དུང་ཡང་གསལ་བོ་དྲན་པ་ནི་ང་འགྲོ་ཁར་ཁྱོད་ཀྱིས་དོར་མ་ཐེད་པོ་ཞིག་གྱོན་ནས་ང་ལ་མིག་ཅེར་ནས་བལྟས་འདུག་པ་དྲན་སོས། གཏན་ནས་བརྗེད་ཐབས་མི་འདུག ཁྱེད་རང་དེ་དུས་ཧ་ཅང་ཆུང་། སློབ་ཆུང་ལོ་རིམ་གཉིས་གསུམ་ཙམ་ཡིན་ངེས། འོན་ཀྱང་། ངས་བསམ་པར་ཁྱེད་ཀྱིས་དེ་དུས་ནས་སེམས་ཁྲལ་བྱ་ཤེས་ཀྱི་འདུག་དྲན་ནས།
དེ་ལས་མང་བ་། “མཐོ་རྒྱུགས་ལ་ཞུགས་པའི་འབྲོག་གྲོང་གི་སློབ་མ། ཡིག་འཕྲིན།” »
བོད་ཕྲུག་ལོང་བ་རྣམས་ལ་ཤེས་རབ་ཀྱི་མིག་སྦྱིན་པའི་ཕྱི་གླིང་མཛངས་མ།
ཨ་ལགས་རྗེ་སྤྲུལ་གྱིས། (རོང་བོ་ཐང་དཀར་གྱིས་འོས་སྦྱོར་བྱས།)
ཀླད་ཀྱི་གཏམ།
ཉིན་ཤས་སྔོན། རྒྱུན་ལྡན་ལྟར་ངན་གོམས་སུ་སོང་བའི་གཤིས་ངན་དེ། སྟངས་འཛིན་གྱི་བྱ་རའི་རྒྱ་ལས་ཡོངས་སུ་ཤོར་ནས། འཇིག་རྟེན་གསར་པའི་དྲ་ངོས་སུ་འཁྱམ་ཉུལ་བྱས་སྐབས། འདྲེན་བྱེད་དབང་པོའི་ཡུལ་དུ་ལྷགས་པ་ནི་བོད་ཀྱི་སྐྱེས་པ་ན་གཞོན་ཞིག་གིས་བོད་ཡིག་ཀློག་བཞིན་པའི་
དེ་ལས་མང་བ་། “བོད་ཕྲུག་ལོང་བ་རྣམས་ལ་ཤེས་རབ་ཀྱི་མིག་སྦྱིན་པའི་ཕྱི་གླིང་མཛངས་མ།” »
མཁས་དབང་བསེ་ཚང་མཆོག་གི་གསུང་བཤད།
རོང་བོ་ཐང་དཀར་གྱིས་འོས་སྦྱོར་བྱས།
༄༅།། ཞིང་ཆེན་སོ་སོའི་མཁས་དབང་ཚང་མ་ལྷན་དུ་འཛོམས་ཏེ། ང་ཚོའི་བོད་ཀྱི་མི་རིགས་སློབ་གསོའི་བྱ་བ་འདི་ལ་གྲོས་བསྡུར་གཏིང་ཟབ་མོ་བྱས་ནས་ལྷག་པར་དུ་དེང་སྐབས་ང་ཚོའི་བོད་ཀྱི་རིག་གནས་འདི་འཕེལ་རྒྱས་སུ་སོང་ཟེར་རྒྱུ་དཀའ་མོད། ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་གཏོང་རྒྱུ། དེང་སྐབས་འཛམ་གླིང་ན་མཚན་སྙན་གྲགས་ཆེ་བའི་ང་ཚོའི་ལོ་རྒྱུས་ལ་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་དང་ལྡན། ང་ཚོའི་མི་རིགས་འདི་ད་སྐབས་ཉི་མ་ལྟ་བུ་ཞིག་ཡིན་ན་ནུབ་ལ་ཉེ་ཡོད་པའི་སྐབས་འདིར། ང་ཚོ་རང་གི་རིག་གནས་འདི་ཡུན་རིང་བོའི་བར་དུ་
འབྱུང་བ་བཞི།
བློ་བཟང་རིན་ཆེན།
མཁས་དབང་དངུལ་ཆུ་དྷརྨ་བྷ་དྲ་ཡིས།།
ཀུ་ཤའི་རྩེ་མོས་བླངས་པའི་ཆུ་ཐིགས་ལས།།
ཁོ་བོས་པིར་གྱིས་བླངས་པའི་ཆུ་རྡུལ་གྱིས།།
མངོན་བརྗོད་ལྷ་མོའི་བཞིན་རས་འབྲི་བར་བྱ།།
འོག་ཕྱོཊ་ལྷ་མོས་འཁོན་སེམས་མ་བཅངས་ཀྱང་།།
ནོར་འཛིན་བུ་མོས་ཉམ་ཐག་གཙེས་པ་ཡིས།།
གཞུང་ལུགས་ཀུན་ཏུ་བསྟོད་བསྔགས་བྱེད་པའི་གཞི།།
སུམ་རྩེན་ལྷ་ཡི་ཞིང་ཁམས་དྲན་དུ་བཅུག།
སྲིད་སྐྱོང་བློ་བཟང་སེང་གེ་དང་ཁོང་གི་བཀའ་ཤག་ཡང་བསྐྱར་ལོ་ལྔར་བསྡད་ན་བཟང་།
ཅོག་རོང་བས།
ཏོག་དབྱིབས་ནད་དུག་ཁྱབ་བརྡལ་དུ་འགྱུར་བཞིན་པ་དང་རྒྱ་གར་རྒྱ་ནག་བར་གྱི་ས་རྩོད་ཤིན་ཏུ་ཐུ་བར་གྱུར་དང་འགྱུར་བཞིན་པའི་རྐྱེན་གྱིས། བོད་མིའི་བདེ་སྡུག་གཙིགས་སུ་འཛིན་པ་དང་བཙན་བྱོལ་བོད་གཞུང་ལ་རྒྱུན་ལྡན་གྱི་འཁོར་བསྐྱོད་ཡོང་ཆེད་ངས་བལྟས་ན་༢༠༢༠་ལོའི་སྲིད་སྐྱོང་འོས་བསྡུའི་ལས་གཞི་ནར་འགྱང་གིས་ལོ་ལྔ་རྗེས་སུ་སྟེ་༢༠༢༥་ལོར་སྲིད་སྐྱོང་གདམ་བསྐོ་བྱས་ན་བཟང་བར་འདོད། རྩ་ཁྲིམས་ཀྱི་དོན་ཚན་ཉེར་གཅིག་ནང་དུ་སྲིད་སྐྱོང་གི་ཡུན་ཚད་ལ་ཚད་བཀག་ཡོད་ཀྱང་། གནས་སྟངས་ཤིན་ཏུ་ཚབས་ཆེན་དང་རྒྱུན་ལྡན་མིན་པའི་རྐྱེན་ངན་བར་ཆད་ཚབས་ཆེན་རིགས་བྱུང་ན་རྩ་ཁྲིམས་ཚད་བཀག་དེ་ལ་དམིགས་བསལ་ཡོད་ཆོག་པ་ཞིག་ཡིན། ཐོག་མར་ཏོག་དབྱིབས་ནད་དུག་གིས་མི་མང་པོ་ཞིག་གིས་འོས་ཤོག་འཕེན་པར་འགལ་རྐྱེན་དང་བར་ཆད་བཟོས་དང་བཟོ་ངེས་པའི་རྐྱེན་གྱིས་འོས་ཤོག་འཕེན་མི་ཐུབ་
དེ་ལས་མང་བ་། “སྲིད་སྐྱོང་བློ་བཟང་སེང་གེ་དང་ཁོང་གི་བཀའ་ཤག་ཡང་བསྐྱར་ལོ་ལྔར་བསྡད་ན་བཟང་།” »
སྒང་ཏོག་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།
གནས་ཚུལ་མཁོ་སྤྲོད་པ་ཨཱཅརྱ་ཚུལ་ཁྲིམས་རྒྱ་མཚོ།
༄༅།། འཛམ་གླིང་ཞི་བདེའི་དེད་དཔོན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་ལྔར་ཕེབས་པའི་༸སྐུ་འཁྲུངས་སྐར་འདི་བཞིན་གནས་དུས་དང་འཚམས་པར་སྲུང་བརྩི་གཟབ་རྒྱས་ཞུས། སྒང་ཏོག་སེར་བྱེས་འགྲོ་ཕན་གླིང་དགོན་དུ་འཚོགས་པའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གི་དབུ་འཛིན་འབའ་ཉག་རིན་པོ་ཆེ་བཀྲ་ཤིས་གདན་ས་པ་མཆོག་དང་། འབྲས་གཞུང་དྲུང་ཆེ་ཟུར་པ་ཚེ་མཆོག་གླིང་རིན་པོ་ཆེ་བསྟན་འཛིན་དགེ་ལེགས། འབྲས་གཞུང་དྲུང་ཆེ་ཟུར་པ་ཚེ་རྒྱལ་བཀྲ་ཤིས་རྣམ་གསུམ་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་རྩ་གཞིས་ཚེ་རིང་དབང་ཕྱུག་དང་རྒྱུན་ལས་རྣམ་པ། རང་གཞུང་བོད་མིའི་སྒྲིག་འཛུགས་ཀྱི་ས་གནས་འགོ་འཛིན་མི་འགྱུར་གཡུ་སྒྲོན། རིས་མེད་དགོན་སྡེ་ཁག་གི་སྐུ་ཚབ་རྣམ་པ། སྒང་ཏོག་བོད་ཀྱི་སྐད་ཡིག་གཅེས་འཛིན་ཚོགས་ཆུང་
དེ་ལས་མང་བ་། “སྒང་ཏོག་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།” »
༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་བཅུ་བཞི་བ་ཆེན་པོ་མཆོག་གི་མཛད་པ་ལས་བརྩམས་ཏེ་རང་བཞིན་བརྗོད་པའི་སྒོ་ནས་བསྟོད་ཅིང་བསྔགས་པ་གསེར་གྱི་ཕྲེང་བ་ཞེས་བྱ་བ།
དཀོན་མཆོག་རྒྱ་མཚོ།
ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡེ།
རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་ཡེ་ཤེས་ཀུན།། གཅིག་ཏུ་བསྡུས་པའི་སྡོམ་བརྩོན་ཆོས་ཀྱི་རྒྱལ།། འཇིག་རྟེན་ཡོངས་ཀྱི་ཞི་བདེའི་དེད་དཔོན་ཆེ།། བླ་མ་སྤྱན་རས་གཟིགས་ལ་མགོས་ཕྱག་འཚལ།། གསར་རྙིང་མདོ་རྒྱུད་དུ་མར་མགོན་པོ་ཁྱོད།། སངས་རྒྱས་གཉིས་པར་ལུང་གིས་བསྟན་པ་ལྟར།། ས་སྟེང་རྒྱལ་བསྟན་ཡོངས་ཀྱི་བདག་པོར་བཞེངས།། ༸གོང་ས་ལྷ་མིའི་སྟོན་པར་ཕྱག་འཚལ་ལོ།། སྔོན་བྱོན་དམ་པས་བྱིན་བརླབས་སྟག་འཚེར་དུ།། རིགས་རུས་ཕུན་ཚོགས་ཡབ་ཡུམ་
ལག་པའི་ཕྱི་ནང་ཚང་གིས་༧སྐུའི་འཁྲུངས་སྐར་གྱ་ལྔ་བར་ཕུལ་བའི་མཉམ་བྲིས་སྙན་ངག
རྩོམ་འབྲི་བ། རྫ་ཚེ་རིང་བཀྲ་ཤིས། ལྷ་ཆབ་སྦྱིན་པ། ཞོ་ར་བསྟན་པ་དར་རྒྱས། འདྲེ་གླེན་པ། ནགས་ཤོད་ཅོང་བརྡ། མགལ་དུམ།
༧སྐུའི་འཁྲུངས་སྐར་གྱ་ལྔ་བར་ཕུལ་བའི་ཤིས་ཚིག
རྫ་ཚེ་རིང་བཀྲ་ཤིས།
ཞི་བ་རྒྱ་མཚོའི་རླབས་ཀྱི་རྩེ་དགའ་ལ། །
སྙིང་རྗེ་འོད་ཟེར་ཕྲེང་བ་འབུམ་བརྡལ་བའི། །
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོའི་དཔལ། །
གསང་གསུམ་གངས་རིར་བཞད་པའི་དུས་ཆེན་བསུ། །
དེ་ལས་མང་བ་། “ལག་པའི་ཕྱི་ནང་ཚང་གིས་༧སྐུའི་འཁྲུངས་སྐར་གྱ་ལྔ་བར་ཕུལ་བའི་མཉམ་བྲིས་སྙན་ངག” »
འཁྲུངས་སྟོན་བསྟོད་པ་ཁྱད་འཕགས་མ།
ཨ་འདུས་པས།
བསླུ་མེད་ལུང་གིས་ཟིན་པའི་བྱིས་པ་ཞིག །
མདོ་སྨད་ས་ཡི་བཅུད་དུ་འཁྲུངས་པ་ན། །
གངས་རིའི་ལྷ་མི་དགའ་བའི་དགོད་སྒྲ་ཡིས། །
རི་བོ་ཧི་མ་ལ་ཡ་འདར་བར་བྱས། །
པོ་ཏ་ལ་རུ་འཕགས་པ་སྤྱན་མི་འཛུམ། །
མ་ཎི་ཁྲི་གཅིག
ཀླུ་སྨྱོན་ཧེ་རུ་ཀ
ཁ་སང་དང་དེ་རིང་གཉིས་ཀར་བགྲངས་པ་དེ་ཚོ་བསྡོམས་ན་མ་ཎི་ཁྲི་གཅིག་ལ་ལོངས་འདུག
མ་ཎི་ཁྲི་གཅིག་སྐར་མའི་གཟུགས་སུ་སྤྲུལ་ནས་ནམ་མཁར་གཏོར་བ་ཡིན་ན།
གནམ་སྔོན་པོ་དང་ཟླ་བ་དཀར་པོ་དེར་ཆེས་མཛེས་པའི་རྒྱན་ཆ་ཞིག་གྲུབ་འདུག་ལ།
དེས་སྙན་ངག་མཁན་ཁྲི་སྟོང་གི་སྨྱུ་གུའི་རྩེ་ནས་སྒྱུ་རྩལ་གྱི་སྣང་བརྙན་དུ་མ་ཞིག་ཐོལ་གྱིས་འཕྱུར་བར་བྱེད་ཀྱང་སྲིད།
མ་བརྗེད་ཅིག
ཨ་འདུས་པས།
སང་ཉིན་ཁྱོད་རང་ཇི་ལྟར་བྲེལ་ནའང་།
འཁྲུངས་སྟོན་བསུ་རྒྱུ་མ་བརྗེད། བོད་པ་ཚོ།
རང་ལ་ནོར་བུ་ཡོད་པ་ཤེས་བཞིན་དུ།
གང་སར་གཡམ་རྒྱུག་མ་བྱེད། བོད་པ་ཚོ།
མཛད་འཕྲིན་བརྗོད་མཐའ་བྲལ་བའི་འཛམ་གླིང་གི་དགོས་འདོད་ཀུན་འབྱུང་།
གཡུ་སྒང་དགེ་འདུན།
(ཕྱི་ལོའི་དགུང་གྲངས་ ༨༥ ཕེབས་པའི་སྐུའི་འཁྲུངས་སྐར་ལ་ཕུལ།)
༡༽དྲི་མེད་རྒྱལ་བསྟན་ཉི་ཟླའི་དཀྱིལ་འཁོར་ས་སྟེང་སྐྱེ་འགྲོའི་མགོན་དུ་སྩལ།།
ལོག་སྨྲའི་སྲིན་བྱ་ལོང་བར་མི་བྱེད་ལེགས་ལམ་འཇིག་རྟེན་གཟིགས་མོར་འགྲེམས།།
གསེར་མངལ་ཅན་དང་མིག་སྟོང་ལྡན་སོགས་འཇིག་རྟེན་དྲེགས་པའི་ཚོགས་ཀྱིས་ཀྱང་།།
སྤྱི་བོར་བཀུར་ཞིང་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་མཛད་གང་སྲིད་ན་མཐོ།།
༢༽གང་གི་ཞབས་ཟུང་རྩིབས་སྟོང་ལྡན་པས་སྟོབས་ལྡན་རྒྱལ་ཁབ་གྲངས་མེད་བསྐོར།།
རྒྱལ་སྤྱིའི་དཀའ་རྙོག་དུག་མཚོ་ཁོལ་མ་ཞི་བྱེད་ཆོས་ཀྱི་ལམ་ཆེན་བསྟན།།
དེ་ལས་མང་བ་། “མཛད་འཕྲིན་བརྗོད་མཐའ་བྲལ་བའི་འཛམ་གླིང་གི་དགོས་འདོད་ཀུན་འབྱུང་།” »
བཀའ་དྲིན་རྗེས་དྲན།
བདེ་སྐྱིད་དབང་མོ། དཔེ་སྟོན་སློབ་གྲྭ། འཛིན་གྲྭ་༦ཀ རང་ལོ་༡༡
མདོ་སྨད་ས་ཡི་ཐིག་ལི།།
ཙོང་ཁའི་ཡུལ་ལུང་ཕྱུག་མོར།།
མཚན་དཔེ་མེ་ཏོག་མཛད་པའི།།
༸རྒྱལ་བ་ཡིད་བཞིན་ནོར་བུ།།
བྱམས་དང་བརྩེ་བ་སྣུམ་པོས།།
ཐུགས་རྒྱུད་ཡོངས་སུ་བརླན་པས།།
རིས་མེད་འགྲོ་བའི་སྙིང་ལ།།
ཆོས་ཀྱི་བདུད་རྩི་ཕབ་བྱུང།།
སྐུ་ཡི་འཁྲུངས་སྐར་ལ་ཕུལ།
བསྟན་འཛིན་ནོར་འཛིན། དཔེ་སྟོན་སློབ་གྲྭ། འཛིན་རིམ་༦ཁ རང་ལོ་༡༡
སྐྱབས་མགོན་ཡིད་བཞིན་ནོར་བུ།།
གངས་ཅན་བོད་ཀྱི་བླ་མ།།
འཛམ་གླིང་ཞི་བདེའི་དེད་དཔོན།།
སྐུ་ཚེ་སྐལ་བརྒྱར་བརྟན་ཤོག།
ཁྱེད་ཞལ་མཁའ་ཡི་ཟླ་གཞོན།།
སྐུ་ནི་གངས་རི་ལྷུན་པོ།།
གསུང་ནི་རིན་ཆེན་གདམ་ངག།
ཐུགས་ནི་སྙིང་རྗེའི་རང་གཤིས།།