གནས་ཚུལ་མཁོ་གཏོང་བཿ བསོད་ནམས།
ཕྱི་ཟླ་༡༡པའི་ཚེས་༨ཉིན་རེབ་གོང་མདོ་བ་ལྡོང་ངེ་སྡེ་བའི་ཕ་གཅོད་པ་སྐྱབས་དང་མ་བདེ་མཆོག་སྐྱིད་གཉིས་ཀྱི་བུ་སྐལ་བཟང་སྦྱིན་པ་ལགས་ཀྱི་ཁྱིམ་དུ་ཡུལ་ཕྱོགས་གང་ས་ནས་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཆེད་མི་མང་གང་མང་ཕེབས་དང་ཕེབས་བཞིན་འདུག་ལ། དེ་ཡང་བོད་ནང་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཉིན་འདི་གར་རེབ་གོང་མདོ་བ་ཞང་ཐོག་ཏུ་མདོ་བ་སྡོང་ངེ་སྡེ་བའི་རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པ་མཆོག་ལ་ནང་མི་ནས་འདས་མཆོད་རྒྱ་ཆེན་པོ་སྒྲུབ་བཞིན་འདུག་ལ།
གནས་ཚུལ་མཁོ་གཏོང་བ། བསོད་ནམས།
འདི་ཟླའི་ཚེས་ ༥ ་རེས་གཟའ་ཟླ་བའི་ཉིན་ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་གྲུབ་ལགས་ཀྱི་ཆེད་དུ་མཆོད་འབུལ་ཞིག་བྱས་ཡོད།

གནས་ཚུལ་ཕྱོགས་སྒྲིག་པ། བོན་རྒྱ་བསྟན་འཛིན་རབ་རྒྱས།