Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོ་སད་རན་འདུག

Posted on 2012-11-122012-11-12 By ཁ་བརྡ་ 21 Comments on ང་ཚོ་སད་རན་འདུག

རེབ་ཐོག་མདའ།

ཞི་བའི་བཅིངས་འགྲོལ་ཁ་ལ་འཁྱེར་བའི་ལོ་རབས་ལྔ་བཅུའི་སྣེ་མོ་ནས།།
དོན་ཚན་བཅུ་བདུན་མིང་གིས་ལྕིབས་པའི་མེ་མདའ་ཞིག་གི་སོ་ཁ་ནས།།
སྒང་བ་བོད་ལ་འཇབ་ནས་སླེབས་པའི་ཤར་ཕྱོགས་རྒྱ་ཡི་ལག་དམར་ཚོས།།
གཞིས་བྱེས་བོད་པ་ཁ་ཁ་བཟོས་པའི་ན་ཟུག་སྙིང་ལ་བརྐོས་ནས་ཡོད།།

དེ་ལས་མང་བ་། “ང་ཚོ་སད་རན་འདུག” »

སྙན་ངག

བཙོན་འོག་ཚུད་པའི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་བགྲོ་གླེང།

Posted on 2012-11-122012-11-12 By ཁ་བརྡ་ 18 Comments on བཙོན་འོག་ཚུད་པའི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་བགྲོ་གླེང།

སྨྲ་བརྗོད་རང་དབང་དང་བཙོན་འོག་གི་རྩོམ་པ་པོ།

༄༅།། བཀུར་འོས་སེར་སྐྱ་མི་དམངས་ཡོངས་ཀྱི་སྙན་ལམ་དུ།
ཆེད་གསོལ། འདི་ཟླའི་ཚེས་༡༥རེས་གཟའ་ཕུར་བའི་ཉིན་རྒྱལ་སྤྱིའི་བཙོན་འོག་ཏུ་ཚུད་པའི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་བྱེད་པའི་དུས་དྲན་ཐེངས་༣༡པའི་ཉིན་མོ་འཁེལ་ཡོད་སྟབས། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་དེའི་ཉིན་དུས་དྲན་སྲུང་བརྩི་དང་འབྲེལ་ནས་༼སྨྲ་བརྗོད་རང་དབང་དང་བཙོན་འོག་གི་རྩོམ་པ་པོ་༽ཞེས་པའི་བརྗོད་གཞིའི་སྟེང་མེག་གྷན་བོད་ཁྱིམ་ཉིན་མོའི་སློབ་གྲྭ་རུ་ཉིན་རྒྱབ་ཆུ་ཚོད་༤ཐོག་བགྲོ་གླེང་གོ་སྒྲིག་ཞུ་བཞིན་ཡོད་པས་རྒྱ་ཆེའི་མི་དམངས་རྣམས་ངེས་ཕེབས་ཡོང་བའི་གསལ་བརྡ་རུ།

དེ་ལས་མང་བ་། “བཙོན་འོག་ཚུད་པའི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་བགྲོ་གླེང།” »

གསལ་བསྒྲགས།

ལས་འདིར་གཟིགས་པའི་དུས་རེད།

Posted on 2012-11-12 By ཁ་བརྡ་ 3 Comments on ལས་འདིར་གཟིགས་པའི་དུས་རེད།

གངས་རིའི་སྲས་མོ།

འབྲོག་པ་གྲོང་བསྒྱུར་ཟེར་ནས།། ནོར་ལུག་མེད་པར་བཟོས་སོང།།
ཅང་མེད་ཁང་སྟོང་ཞིག་གིས།། ཁ་ཙམ་གསོ་ཐབས་ཡོད་དམ།།

འཆར་ལྡན་བུ་སྐྱེ་ཟེར་ནས།། བུད་མེད་སྐྱེ་སྒོ་བཀག་སོང་།།
ཕྲུ་གུ་འཕེལ་བ་བཀག་ན།། རིགས་རྒྱུད་ཇི་ལྟར་སྤེལ་ལམ།།

དེ་ལས་མང་བ་། “ལས་འདིར་གཟིགས་པའི་དུས་རེད།” »

སྙན་ངག

ཉིན་གཉིས་ཀྱི་བོད་གནས་མཁོ་སྤྲོད་ཀྱི་ལས་འགུལ། (པར)

Posted on 2012-11-12 By ཁ་བརྡ་ 10 Comments on ཉིན་གཉིས་ཀྱི་བོད་གནས་མཁོ་སྤྲོད་ཀྱི་ལས་འགུལ། (པར)

རས་པ།

ང་ཚོས་ཧིན་རྡི་དང་དབྱིན་ཡིག་གི་ནང་དུ་ཕྱི་ལོ ༢༠༠༩ ནས་ ༢༠༡༢ ཟླ་ ༡༡ ཚེས་ ༨ བར་བོད་ནང་གི་བོད་མི་༦༩ ཡིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་བྲིས་ཏེ། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་གཉིས་དང་། དམིགས་གསལ་གྱིས་ golden temple དང་ Jallianwala Bagh གཉིས་གཙོ་བོར་བྱས་པའི་མི་མང་འདུ་འཛོམས་ཆེ་ཤོོས་ཀྱི་ས་གནས་ཁག་ཅིག་ལ་བོད་ཀྱི་ད་ལྟའི་དངོས་ཡོད་གནས་ཚུལ་ངོ་སྤྲོད་ཀྱི་ཡིག་ཆ་བཀྲམས་པ་ཡིན།

དེ་ལས་མང་བ་། “ཉིན་གཉིས་ཀྱི་བོད་གནས་མཁོ་སྤྲོད་ཀྱི་ལས་འགུལ། (པར)” »

གསར་འགྱུར།

ཝཱ་ཎར་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞིག་འཚོགས་སོང་།

Posted on 2012-11-12 By ཁ་བརྡ་ 19 Comments on ཝཱ་ཎར་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞིག་འཚོགས་སོང་།

གནས་ཚུལ་མཁོ་སྤྲོད་པ། ཨ་རིག་དགེ་མཐོང་།

ཁ་སང་སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་གི་རེས་གཟའ་ཉི་མའི་གུང་སེང་དང་སྟབས་བསྟུན་གྱིས་ཝཱ་ཎའི་མཐོ་སློབ་ཀྱི་དགེ་ལུགས་ཚོགས་པས་གོ་བསྒྲིགས་གནང་སྟེ། བོད་ནང་གི་དཔའ་བོ་དཔའ་མོ་བོད་བསྟན་པ་ཆབ་སྲིད་ཀྱི་སླད་དུ་རང་སྲོག་བློས་གཏོང་གནང་མཁན་དག་གི་ཆེད་དུ་བསྔོ་བ་སྨོན་ལམ་དང་། མཆོད་འབུལ་ཞིག་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་འཛིན་སྐྱོང་བསྟི་གནས་ཁང་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་དུ་འཚོགས་སོང་ལ། དེར་ཝཱ་ཎའི་དགེ་སློབ་གཉིས་དང་གདན་ས་གསུམ་གྱི་འཐུས་ཚབ་དགེ་འདུན་པ་དག་གཙོས་སྐྱ་སེར་ཉིས་བརྒྱ་ལྷག་འཛོམས་ཏེ་སྐྱབས་འགྲོ་སེམས་སྐྱེད་དང་སྨོན་ལམ་རྣམ་ལྔ། དེ་བཞིན་བླ་མ་མཆོད་པའི་ཆོ་ག་དང་འབྲེལ་བའི་ཚོགས་རྒྱས་པ་ཞིག་བཏང་ཞིང་བསྔོ་བ་སྨོན་ལམ་གང་རྒྱས་གང་སོང་།

དེ་ལས་མང་བ་། “ཝཱ་ཎར་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞིག་འཚོགས་སོང་།” »

གསར་འགྱུར།

ནོར་གླིང་ས་ཁུལ་དུ་དཔའ་བོ་མགོན་པོ་ཚེ་རིང་ལགས་ཀྱི་ཆེད་དུ་མཆོད་འབུལ།

Posted on 2012-11-122012-11-12 By ཁ་བརྡ་ No Comments on ནོར་གླིང་ས་ཁུལ་དུ་དཔའ་བོ་མགོན་པོ་ཚེ་རིང་ལགས་ཀྱི་ཆེད་དུ་མཆོད་འབུལ།

སྤྱི་ལོ་ ༢༠༡༢ ཟླ་བ་ ༡༡ ཚེས་ ༡༡ ཉིན་ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་འཆི་མེད་དགའ་ཚལ་གླིང་གི་དགེ་འདུན་པ་དང་བཙུན་དགོན་སྒྲོལ་མ་གླིང་གི་དགེ་འདུན་པའི་གཙོས་ནོར་གླིང་ས་ཁུལ་གྱི་བོད་རིགས་སེར་སྐྱ་ཐུན་མོང་ནས་འཆི་མེད་དགའ་ཚལ་གླིང་དགོན་པར། སྤྱི་ཚེས་ ༡༠ ཉིན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མཆོད་མེར་ཕུལ་བའི་རྒྱལ་གཅེས་དཔའ་བོ་མགོན་པོ་ཚེ་རིང་ལགས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་ཡོད།

དེ་ལས་མང་བ་། “ནོར་གླིང་ས་ཁུལ་དུ་དཔའ་བོ་མགོན་པོ་ཚེ་རིང་ལགས་ཀྱི་ཆེད་དུ་མཆོད་འབུལ།” »

གསར་འགྱུར།

དེ་རིང་ཚེས་ ༡༢ ཉིན་རེབ་གོང་ནས་གཞོན་སྐྱེས་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཕྱོགས་བསྡུས། ༼རྗེས་འབྲེལ་གནས་ཚུལ་སྣོན་འདེབས་ཞུ་གི་ཡོད༽

Posted on 2012-11-122021-09-04 By ཁ་བརྡ་ 28 Comments on དེ་རིང་ཚེས་ ༡༢ ཉིན་རེབ་གོང་ནས་གཞོན་སྐྱེས་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཕྱོགས་བསྡུས། ༼རྗེས་འབྲེལ་གནས་ཚུལ་སྣོན་འདེབས་ཞུ་གི་ཡོད༽

༼༡༽ དཔའ་བོ་སྙིང་དཀར་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ།

༼༡༽ དཔའ་བོ་སྙིང་དཀར་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ།

དེ་རིང་རེབ་གོང་སྒྲོ་རོང་པོ་ནས་རང་ལོ་ ༢༤ ཡིན་པ་སྙིང་དཀར་བཀྲ་ཤིས་ཞུ་བ་ཞིག་གིས། “རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག” ”བོད་ལ་རང་དབང་དགོས”ཞེས་སྐད་འབོད་དང་བཅས་ཏེ། རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་ཕྱིན་འདུག
སྙིང་དཀར་བཀྲ་ཤིས་ནི་ཕ་བཀྲ་ཤིས་རྣམ་རྒྱལ་༼རང་ལོ་ ༤༧༽་དང་མ་མཁའ་འགྲོ་འཚོ་༼ལོ་བཞིའི་གོང་ཚེ་ལས་འདས་འདུག༽གཉིས་ཀྱི་བུ་ཡིན་པ་དང་། སྙིང་དཀར་བཀྲ་ཤིས་ཀྱི་སྐྱེས་དམན་གྱི་མིང་ལ་འབྲུག་མོ་ཚེ་རིང་༼ལོ་ ༢༣༽ཡིན་འདུག་ལ། སྙིང་དཀར་བཀྲ་ཤིས་ཀྱི་ཨ་མ་འདས་རྗེས་ཁོང་གི་ཨ་ཕས་སྐྱེས་དམན་གཞན་ཞིག་དང་གཉེན་སྒྲིག་ཡོད་པ་དེའི་མིང་ལ་ལྷ་མོ་མཁར་ཟེར་གྱི་ཡོད་འདུག

དེ་ལས་མང་བ་། “དེ་རིང་ཚེས་ ༡༢ ཉིན་རེབ་གོང་ནས་གཞོན་སྐྱེས་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཕྱོགས་བསྡུས། ༼རྗེས་འབྲེལ་གནས་ཚུལ་སྣོན་འདེབས་ཞུ་གི་ཡོད༽” »

གསར་འགྱུར།

མ་བཅོས་ཡིད་ཀྱི་རང་སྒྲ།

Posted on 2012-11-11 By ཆུ་སྐྱེས་སྒྲོལ་མ། 14 Comments on མ་བཅོས་ཡིད་ཀྱི་རང་སྒྲ།

བསམ་གླིང་ཚེ་རིང་ལྷ་མོ།

སྡོང་པོ་ལོ་མའི་འཁུར་གྱིས་རབ་ལྕི་ཞིང་།།
ལྡེམ་ལྡེམ་གར་སྟབས་སྤྲོ་བའི་ཤུགས་དང་བྲལ།།
ལྷིང་འཇགས་ནགས་ཀྱི་འཇོལ་མོའི་ཅ་ཅོ་ཡང་།།
མྱ་ངན་གདུང་བས་ཀྱི་ཧུའི་སྒྲ་དང་མཚུངས།།

དེ་ལས་མང་བ་། “མ་བཅོས་ཡིད་ཀྱི་རང་སྒྲ།” »

སྙན་ངག

ང་ཚོ་འདི་ལྟར་འགྲོ་མི་རུང་།

Posted on 2012-11-112012-11-11 By ཁ་བརྡ་ 25 Comments on ང་ཚོ་འདི་ལྟར་འགྲོ་མི་རུང་།

གངས་རིའི་ཉི་མས་བསྒྱུར། དཔལ་ལྡན་རྒྱལ་གྱིས་བརྩམས།(Duke University)

ཟླ་བ་ཁ་ཤས་ཀྱི་སྔོན་ནས། ངས་རྒྱུན་ལྡན་རང་ཉིད་གཉིད་དུ་མ་སོང་གོང་སང་ཉིན་བོད་ནང་དུ་འཇིགས་སྣང་ཆེ་བའི་རང་ལུས་མེར་སྲེག་གི་གནས་ཚུལ་ཡང་བསྐྱར་མི་ཡོང་བའི་སྨོན་ལམ་རྒྱབ་ཀྱི་ཡོད། ངའི་སྨོན་འདུན་ནི་ལན་གང་ཡང་མེད་པ་ཞིག་ཆགས་སོང་། དེ་རིང་སླར་ཡང་ངའི་ཕ་ཡུལ་རྔ་བ་སི་ཁྲོན་དུ་ན་གཞོན་གྲྭ་བ་ཞིག་གིས་རང་ལུས་མཆོད་མེར་ཕུལ་འདུག

དེ་ལས་མང་བ་། “ང་ཚོ་འདི་ལྟར་འགྲོ་མི་རུང་།” »

འགྱུར་རྩོམ།

ཉ་ལུག་མི་གསུམ་གྱི་སྐྱོ་གླུ

Posted on 2012-11-112012-11-11 By ཁ་བརྡ་ 2 Comments on ཉ་ལུག་མི་གསུམ་གྱི་སྐྱོ་གླུ

ནམ་མཁའ།

གངས་ལྗོངས་རྫ་ཆུ་བསིལ་མ།།
རྫས་སྦྱོར་དུག་ཆུས་སྒྱུར་སོང་།།
ཉམ་ཆུང་ཉ་མོ་སྐྱོ་ཡང་།།
སྐྱོབ་མཁན་གཅིག་ཀྱང་མི་འདུག །

དེ་ལས་མང་བ་། “ཉ་ལུག་མི་གསུམ་གྱི་སྐྱོ་གླུ” »

སྣ་ཚོགས།

རླུང་འཚུབ་ཁྲོད་ཀྱི་མི་ཚེ།

Posted on 2012-11-112012-11-11 By ཁ་བརྡ་ 1 Comment on རླུང་འཚུབ་ཁྲོད་ཀྱི་མི་ཚེ།

གྲིབ་གཟུགས།

དང་པོ།
དེ་རིང་ནི་ནམ་ཟླ་གྲང་མགོ་ཚུགས་ཟིན་པའི་སྟོན་མཇུག་གི་ཉི་མ་ཞིག་རེད། གཏེར་རི་ལུང་པའི་ཡུལ་མི་རྣམས་ནི་ནམ་ཟླའི་གྲང་ངར་ལ་མི་འཛེམ་པར་ཤག་ཐང་དཀྱིལ་གྱི་གཙང་ཆུ་ལ་ཟམ་པ་འཛུགས་པའི་ལས་ལ་བྲེལ་ཟིང་ངང་འགུལ་བཞིན་འདུག མ་གཞི་ཤག་ཐང་ནི་ཆུ་རྡོ་དང་བྱེ་མས་གང་ཞིང་དུས་བཞིའི་ཁྲོད་རྦ་རླབས་གནམ་ལ་འཕྱོ་བའི་གཙང་ཆུ་བཞུར་སའི་ཁོད་སྙོམས་པའི་ས་རྒྱ་ཆེན་པོ་ཞིག་ཡིན་མོད། དེ་ན་དབྱར་དུས་སུའང་རྩྭ་ལྗང་ཞིག་ཧ་ལམ་མཐོང་རྒྱུ་མེད།

དེ་ལས་མང་བ་། “རླུང་འཚུབ་ཁྲོད་ཀྱི་མི་ཚེ།” »

བརྩམས་སྒྲུང་།

ཕྱི་ཚེས་ ༧ ཉིན་ཨ་མདོ་རྔ་པར་རྒྱལ་གཅེས་དཔའ་བོ་གསུམ་གྱིས་མཉམ་དུ་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཁ་སྣོན།

Posted on 2012-11-112012-11-11 By ཁ་བརྡ་ 4 Comments on ཕྱི་ཚེས་ ༧ ཉིན་ཨ་མདོ་རྔ་པར་རྒྱལ་གཅེས་དཔའ་བོ་གསུམ་གྱིས་མཉམ་དུ་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཁ་སྣོན།

ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༡༠ ཉིན་གནས་ཚུལ་འབྱོར་གསལ་ལ། འདི་ཟླའི་ཚེས་༧ ཉིན་ཨ་མདོ་རྔ་པ་ནས་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་གསུམ་གྱི་ནང་ནས་རང་ལོ་༡༥ ཡིན་པའི་གྲྭ་རྡོ་རྗེ་ལགས་གནས་ཚུལ་བྱུང་ས་རང་ནས་སྐུ་གྲོངས་ཡོད་ཅིང་། ཁོང་གི་ཕུང་པོ་རྒྱ་གཞུང་གིས་བཙན་ཁྱེར་བྱས་ཏེ་ནང་མིར་སྤྲད་མེད་ལ། ཕྱི་ཚེས་༨ ཉིན་ཁོང་གི་རུས་ཐལ་ཡིན་ཟེར་ནས་ཐལ་ལ་ཞིག་ནང་མིར་སྤྲད་པ་མ་གཏོགས་གཞན་གང་ཡང་སྤྲད་མེད་པ་དང་།

དེ་ལས་མང་བ་། “ཕྱི་ཚེས་ ༧ ཉིན་ཨ་མདོ་རྔ་པར་རྒྱལ་གཅེས་དཔའ་བོ་གསུམ་གྱིས་མཉམ་དུ་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཁ་སྣོན།” »

གསར་འགྱུར།

ངོ་ལོག་པ་སླེབས་ཡོད།

Posted on 2012-11-112012-11-11 By ཁ་བརྡ་ 31 Comments on ངོ་ལོག་པ་སླེབས་ཡོད།

བཀྲ་ཤིས་དོན་འགྲུབ།

དགོན་མིན་དགོན་པར་བཏགས་པའི་གྲོང་བརྡལ་ནས།།
དབུ་སྐྲ་མཚོན་ལ་དྲངས་པའི་གྲྭ་རྒོད་དག།།
བྱེས་ལ་གཞིས་ཆགས་ཟེར་བའི་གྲོང་གསེབ་ཏུ།།
ངེས་འབྱུང་ཞལ་ཁ་བསྒྱུར་བ་ཇེ་མང་རེད། །

དེ་ལས་མང་བ་། “ངོ་ལོག་པ་སླེབས་ཡོད།” »

སྙན་ངག

ཆིག་ལབ་རིང་མོ། ༼ཚན་པ་དང་པོ༽

Posted on 2012-11-11 By ཁ་བརྡ་ 32 Comments on ཆིག་ལབ་རིང་མོ། ༼ཚན་པ་དང་པོ༽

——སློབ་གྲྭ་དང་སློབ་གྲོགས་གླེང་བ།

དོལ་སྨྱོན།
 ༡༽
 སྨུག་པ་འཐུལ་བའི་གནས་འདི་རུ།།
 ཆར་བ་འབབ་པའི་གནས་འདི་རུ།།
 གྲང་རླུང་སྐྱེན་པའི་གནས་འདི་རུ།།
 བདེ་དྲོད་བྲལ་བའི་གནས་འདི་རུ།།

དེ་ལས་མང་བ་། “ཆིག་ལབ་རིང་མོ། ༼ཚན་པ་དང་པོ༽” »

སྙན་ངག

ཚེས་ ༡༠ ཉིན མདོ་སྨད་ཨ་མཆོག་ཏུ་རང་ལུས་མེར་བསྲེགས།

Posted on 2012-11-102012-11-10 By ཁ་བརྡ་ 11 Comments on ཚེས་ ༡༠ ཉིན མདོ་སྨད་ཨ་མཆོག་ཏུ་རང་ལུས་མེར་བསྲེགས།

༼བོད་ཀྱི་དུས་བབ་དྲ་ངོས་ནས་འདྲེན་བཀོད་ཞུས།༽

ཕྱི་ཚེས་ ༡༠ ཉིན་མདོ་སྨད་ཨ་མཆོག་ཀླུ་ཤོད་སྐེད་སྡེ་བའི་རྒྱལ་གཅེས་དཔའ་བོ་མགོན་པོ་ཚེ་རིང་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་འདུག
ཁ་སང་ཕྱི་ཚེས་ ༡༠ ཉིན་གྱི་ཕྱི་དྲོ་བོད་ནང་ཆུ་ཚོད་ ༢ དང་སྐར་མ་ ༢༠ ཙམ་གྱི་སྟེང་། མདོ་སྨད་ཨ་མཆོག་སྨད་དམ་ཀླུ་ཤོད་སྐེད་སྡེ་བའི་རང་ལོ་ ༡༩ ཡིན་མགོན་པོ་ཚེ་རིང་ལགས་ཀྱིས། ཀླུ་ཤོད་ཁུང་རུ་ཐང་ངམ་བཤད་སྒྲུབ་དར་དགོན་པའི་གླིང་ནས་རང་ལུས་མེར་བསྲེགས་བཏང་སྟེ།

དེ་ལས་མང་བ་། “ཚེས་ ༡༠ ཉིན མདོ་སྨད་ཨ་མཆོག་ཏུ་རང་ལུས་མེར་བསྲེགས།” »

གསར་འགྱུར།

བུ་ལོས་ཕ་ལོར་ཕུལ་བའི་སེམས་འཕྲིན།

Posted on 2012-11-102012-11-10 By ཁ་བརྡ་ 1 Comment on བུ་ལོས་ཕ་ལོར་ཕུལ་བའི་སེམས་འཕྲིན།

སོག་མདའ་གཡུ་མགོན་པོ་སྐྱབས།

ཕྱི་དྲོ་མཚམས་སྤྲིན་ནུབ་རིའི་ཕར་ཕྱོགས་སུ་ཡོལ་དུས།།
ཨ་མའི་ནུབ་ཚ་སྐོལ་ནས་ཨ་ཕ་ལ་སྒུག་ཀྱང་།།
ཕ་ལོ་ཕྱིར་ཡོང་མེད་པའི་དགོང་མོ་དེ་བསམ་ན།།
ཡ་ཆུང་སྙིང་གི་དཀྱིལ་ལ་ཚ་ཤུར་ཞིག་བརྒྱབ་སོང་།།

དེ་ལས་མང་བ་། “བུ་ལོས་ཕ་ལོར་ཕུལ་བའི་སེམས་འཕྲིན།” »

སྙན་ངག

སྒེར་ལ་ཁེ་བཟང་ཡོད་ཀྱང་གཞུང་གི་འཛིན་སྐྱོང་དང་དཔལ་འབྱོར་ཐོག་གྱོང་ཆེན་པོ་འདུག

Posted on 2012-11-102012-11-10 By ཁ་བརྡ་ 5 Comments on སྒེར་ལ་ཁེ་བཟང་ཡོད་ཀྱང་གཞུང་གི་འཛིན་སྐྱོང་དང་དཔལ་འབྱོར་ཐོག་གྱོང་ཆེན་པོ་འདུག

ཉེ་ལམ་ངྷ་ས་དབུས་སྨན་རྩིས་ཁང་གི་འཛིན་སྐྱོང་སྡེ་ཚན་གྱིས་སྨན་རྩིས་ཁང་གི་དཔལ་འབྱོར་ཉམ་ཆག་དང་འཛིན་སྐྱོང་འཐུས་ཤོར་དུ་མི་འགྲོ་བར་སྔར་ལས་ཚཊ་ཚུད་ཡོང་ཆེད། སྨན་རྩིས་ཁང་གི་སྨན་པ་ཚོས་སྒེར་ངོས་ནས་ནད་པར་བརྟག་དཔྱད་གཏོང་བ་དང་སྨན་སྤྲོད་པ། སྒེར་ངོས་ནས་ཕྱི་རྒྱལ་དུ་བསྐྱོད་དེ་སྨན་ཚོང་འགྲེམས་བྱེད་བཞིན་པའི་གནས་བབ་ཐོག་བཅོས་བསྒྱུར་བཏང་ཡོད་སྟབས། ཁ་སང་ཕྱི་ཚེས་ ༧ ཉིན་འདི་གའི་གསར་འགོད་པས་སྨན་རྩིས་ཁང་གི་འགན་འཛིན་ཕུ་རི་ཚེ་རིང་བཀྲ་ཤིས་ལཊ་སུ་གནས་སྟངས་དེའི་ཐད་བཀའ་འདྲི་ཞུས་པ་ཞིག་བོད་ཀྱི་དུས་བབ་དྲ་ངོས་སུ་སྤེལ་འདུག གནས་ཚུལ་རྒྱས་པ་གཤམ་གྱི་སྦྲེལ་ཐག་འདི་ནས་གཟིགས་རོགས། 

གསོ་རིག

ལྷ་ཚོགས་དྲན་པ། ༼བོད་འབྱོར༽

Posted on 2012-11-102012-11-10 By ཁ་བརྡ་ 1 Comment on ལྷ་ཚོགས་དྲན་པ། ༼བོད་འབྱོར༽

ས་དཀྱིལ་ཚེ་བཀྲ།

ཉི་མ་འདི་ཚོར། གནམ་ངོ་རབ་རིབ་ཀྱིས་དཔྱིད་རླུང་ལྡང་གིན་འདུག
དཔྱིད་རླུང་ལྡང་བའི་ཉི་མ་འདི་ཚོར། ཉེ་འཁོར་འདིའི་ཡུལ་མི་ཚོས་བསུན་སྣང་དང་ཉམ་ཆུང་གི་མིག་ཟུང་གིས་སུ་ཞིག་ལ་ལེ་བདའ་བྱེད་ཀྱིན། སུ་ཞིག་ལ་དམོད་མོ་གཏོང་གིན། ཡང་ན། མཁར་གྲོང་དང་སྲང་ལམ་གྱི་བཞི་མདོ་རེ་རེ་ན་གཟེབ་ནང་གི་འདབ་ཆགས་ཚོགས་མིག་གིས་འཚོ་བའི་མེ་ལོང་དམར་པོ་དག་མེད་ས་ན། སྐྱོ་སྡུག་གི་མཆི་མ་ཁོག་ལ་བསྙིལ་ནས་སུ་ཞིག་ལ་ངུ་ངག་གིས་མཆིལ་ཞགས་འཕེན་སྙིང་འདུག

དེ་ལས་མང་བ་། “ལྷ་ཚོགས་དྲན་པ། ༼བོད་འབྱོར༽” »

སྙན་ངག

མགོ་ལོག་ཆེའམ་ཀྲུང་གོ་ཆེ།

Posted on 2012-11-102012-11-10 By སྤོབས་པ་མཐའ་ཡས། 15 Comments on མགོ་ལོག་ཆེའམ་ཀྲུང་གོ་ཆེ།

སྤོབས་པ་མཐའ་ཡས།
དེང་དུས་སུ་དམག་སྦྱོང་ལ་ཁ་གཡར་ནས་མགོ་ལོག་གི་ཚོ་སྡེ་འགའི་སྐྱེས་པ་ཚང་མར་དྲག་རྡུང་བྱས་འདུག དེ་ནི་རྒྱ་དམར་གཞུང་ཨུ་ཐུག་པའི་གཡོ་ཐབས་ཤིག་ཡིན། ནག་ཉེས་མེད་བཞིན་དུ་མི་མང་པོ་ཞིག་ལ་གཅར་རྡུང་བྱས་ན་མི་མང་པོ་ཞིག་ཁོང་ཁྲོའི་དབང་དུ་གྱུར་ནས་དྲག་པོའི་ཡ་ལན་རྒྱ་ཆེ་ཙམ་ཞིག་སློག་པའི་རེ་བ་རྒྱག་བཞིན་ཡོད། དེ་ནི་སྔོན་དུས་སུ་རྒྱ་གར་མི་མང་གིས་འཚེ་མེད་ཞི་བའི་ལས་འགུལ་ལ་དབྱིན་ཇིས་གཡོ་ཐབས་འདི་ཐེངས་མང་པོར་བྱས་པས་བྱང་ཆུབ་སེམས་དཔའ་གྷན་དྷེས་འཚེ་མེད་ཞི་བའི་ལས་འགུལ་ལ་བཟོད་སྒོམ་གལ་ཆེ་ཚུལ་གྱི་བཀའ་སློབ་མང་དུ་གནང་ཡོད། རྗེས་སུ་ལྷོ་ཨ་ཧྥི་རི་ཁར་ཡང་མི་མང་གི་ཞི་རྒོལ་ལ་སྲིད་གཞུང་གིས་རུ་སྒྲིག་མཚོན་ངོམ་རྒྱ་ཆེན་པོ་བྱེད། དེ་དག་ནི་དྲག་སྤྱོད་བཙན་འཛུལ་བ་ཨུ་ཐུག་པའི་རང་མདོག་སྟོན་བཞིན་ཡོད་པ་རེད།

དེ་ལས་མང་བ་། “མགོ་ལོག་ཆེའམ་ཀྲུང་གོ་ཆེ།” »

དཔྱད་རྩོམ།

གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།

Posted on 2012-11-102012-11-12 By ཁ་བརྡ་

བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། ། དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །  

པར།

Posts pagination

Previous 1 … 534 535 536 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ཇ་ཁང་ནང་གི་བཀའ་ཤག (12)
  • ཕྱག་ན་པདྨོ། (3)
  •        ཚན་རིག་གི་ཤེས་བྱ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme