བཙན་གཡེམ་དང་མགོ་བསྐོར་བཏང་ནས་སྤྱོད་པ་གཉིས་ལ་ཁྱད་པར་འདུག་གམ། བཙན་གཡེམ་དང་ལོངས་སུ་སྤྱད་རྗེས་གཡུག་པ་གཉིས་ལ་ཁྱད་པར་འདུག་གམ། བཙན་གཡེམ་དང་བཤང་བཙོང་བུ་མོ་སྤྱོད་པ་གཉིས་ལ་ཁྱད་པར་འདུག་གམ། བཙན་གཡེམ་དང་ཆུང་མ་གསང་ནས་གོ་སྐབས་བཙལ་བ་ཁྱད་པར་འདུག་གམ། བཙན་གཡེམ་དང་བུ་མོ་ཡིན་ན་སྤྱོད་བྱ་ཁོ་ནར་ངོས་འཛིན་བྱེད་པ་ཁྱད་པར་འདུག་གམ། བཙན་གཡེམ་དང་བུ་མོ་མང་པོ་སྤྱད་རྗེས་ངོམས་སོ་བྱེད་པ་ཁྱད་པར་འདུག་གམ། བཙན་གཡེམ་དང་བུད་མེད་ལ་མཐོང་མི་འཇོག་པ་ཁྱད་པར་འདུག་གམ། བཙན་གཡེམ་དང་གཞན་གྱི་བུད་མེད་རྐུ་བ་གཉིས་ལ་ཁྱད་པར་འདུག་གམ།




