ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ནི། ལོ་གསར་པའི་ནང་སེམས་ཅན་གྱི་རེ་སྨོན་བདེ་སྐྱིད་ཡོང་བའི་རྟེན་འབྲེལ་བསྒྲིགས་པ་སྟེ། འཇིག་རྟེན་འདིར་ནམ་གནས་རིང་ཞི་བདེའི་འཚོ་བ་ལ་རོལ་ཐུབ་ན་སྙམ་པའི་རེ་སྨོན་ཕྱིར་མངོན་པ་ཡིན་ཕྱིར། ཚིག་འདིས་ཀྱང་སེམས་ཅན་གྱི་བདེ་སྡུག་ལ་དོ་ཁུར་བྱ་མཁན་ཚོར་སེམས་ཚོར་དམིགས་བསལ་བ་རེ་བསྐྱེད་ཀྱིན་ཡོད། སེམས་ཀྱི་ཆོས་ཉིད་དུ་ཡོད་པའི་ཚོར་བའི་དབང་གིས་བདེ་སྡུག་འདོར་ལེན་བྱེད་ལ། བདེ་སྡུག་ཅི་ཞིག་འབྱུང་མིན་ནི་རྒྱུ་རྐྱེན་བཟང་ངན་ལ་རག་ལུས་ཤིང་། རྒྱུ་རྐྱེན་བཟང་ངན་ནི་རང་གིས་བསྒྲུབས་པ་ཉག་གཅིག་ཡིན་པས་ན་བླང་དོར་བྱ་དགོས།
ལོ་སར་བཀྲ་ཤིས་བདེ་ལེགས། སྐྱོ་བྲག་དགའ་དབང་།

བོད་གཞུང་མང་ལ་བཀའ་དྲིན་ཆེ་བ་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་ནི། ཡབ་བྲག་གཡབ་མཛེས་ཆུ་ཚང་ཀུན་བཟང་ཚེ་བརྟན་དང་། ཡུམ་ཆབ་མདོ་ཡབ་ཚང་གི་སྲས་མོ་ཨ་ཡག་ལྷ་མོ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༣༥ ལོར་ཆབ་མདོ་རི་ཐུང་དུ་སྐུ་འཁྲུངས་ཤིང་། གཞིས་བྱེས་སྤྱི་ཚོགས་གཉིས་ནང་སློབ་གཉེར་དང་ཕྱག་ལས་ཆེ་ཕྲ་གནང་མྱོང་མཁན་ཞིག་དང་། བོད་བསྟན་སྲིད་ཀྱི་གནས་བབ་ཤིན་ཏུ་ནས་གཉན་འཕྲང་ཆེ་བའི་སྐབས་སུ། ཕན་དགེའི་དྲངས་པའི་ཕྱག་ལས་ཆེ་ཕྲ་རིམ་ཅན་གནང་བའི་མཛད་རྗེས་ཅན་ཞིག་ཡིན།