སེམས་གཏིང་ནས་གཅེས་མོ་དྲན་པ།
ཆ་མདོ་ངག་ཕུན། གཤིས་རྒྱུད་འཇམ་ལ་བག་ཡོད་ལྡན།། དོན་མེད་ངག་འཁྱལ་མི་སྨྲ་ཞིང་།། ལས་ལ་བརྩོན་ཞིང་ངག་རྒྱུན་རིང་།། བཟང་སྤྱོད་ལྡན་པའི་གཅེས་མོ་དྲན།། ཕ་མས་ཅི་གསུང་དང་ལེན་ལས།། མི་འདོད་རྣམ་འགྱུར་སྟོན་པ་ཞིག།། བདག་གིས་མིག་མདུན་མཐོང་མྱོང་མེད།། བཟང་སྤྱོད་ལྡན་པའི་གཅེས་མོ་དྲན།། ཞོགས་པ་སྔ་པོ་ཡར་ལ་བཞེངས།། ལུས་ལ་བོད་ཆས་མགྱོགས་མྱུར་གྱོན།། སླེ་པོ་འཁྱེར་ནས་རི་ལ་ཐོན།།…