Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

 བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་འགན་དབང་འདྲ་མཉམ་ཐ་དད་དུ་ཡོད་པ་ནས་མཐར་ཐུག་གིས་དབང་ཆ་དེ་སུ་ལ་ཡོད་གཤམ་དུ་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ནས་གསལ་པོ་ཤེས་ཐུབ་པ།

Posted on 2024-06-17 By ཁ་བརྡ་ No Comments on  བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་འགན་དབང་འདྲ་མཉམ་ཐ་དད་དུ་ཡོད་པ་ནས་མཐར་ཐུག་གིས་དབང་ཆ་དེ་སུ་ལ་ཡོད་གཤམ་དུ་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ནས་གསལ་པོ་ཤེས་ཐུབ་པ།

གཞུང་པ་ཚེ་དབང་བསོད་ནམས། སྤྱི་ལོ་ ༡༩༩༡ སྤྱི་ཟླ་ ༥ པའི་ཚེས་ ༢༩ ཉིན་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་སྐབས་བཅུ་གཅིག་གིས་ཁྲིམས་བཟོའི་འགན་འཁུར་བླངས་ནས་བར་རྒལ་གྱི་ཚོགས་གཙོ་ཐད་བསྐོས་སྤྱི་འཐུས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་ཚོགས་གཞོན་བོན་པོའི་སྤྱི་འཐུས་བྱ་དུར་བསོད་ནམས་བཟང་པོ་མཆོག་ཚོགས་གཙོ་སྦྲེལ་པོའི་དབུ་ཁྲིད་འོག་བཅའ་ཁྲིམས་དོན་ཚན་བརྒྱ་དང་བཅོ་ལྔ་ཅན་གཏན་འབེབས་གནང་ནས་༧གོང་ས་མཆོག་གི་ཆོག་མཆན་མཚན་རྟགས་དེ་སྤྱི་ལོ་ ༡༩༩༡ སྤྱི་ཟླ་ ༦ པའི་ཚེས་ ༢༨ ཉིན་ཕེབས་པ་ནས་བཅའ་ཁྲིམས་ཀྱི་ནུས་པ་འཐོན་ནས་བཅའ་ཁྲིམས་ལེའུ་བཞི་པ། སྒྲིག་འཛུགས་ཀྱི་འགན་འཛིན།…

དེ་ལས་མང་བ་། “ བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་འགན་དབང་འདྲ་མཉམ་ཐ་དད་དུ་ཡོད་པ་ནས་མཐར་ཐུག་གིས་དབང་ཆ་དེ་སུ་ལ་ཡོད་གཤམ་དུ་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ནས་གསལ་པོ་ཤེས་ཐུབ་པ།” »

བསམ་ཚུལ།

བོར་ཟིན་པའི་རྒྱལ་གཅེས་བོད་ཀྱི་དཔའ་མོ་ཞིག་ལ་རྗེས་དྲན་ཞུས་པ།

Posted on 2024-06-13 By ཁ་བརྡ་ No Comments on བོར་ཟིན་པའི་རྒྱལ་གཅེས་བོད་ཀྱི་དཔའ་མོ་ཞིག་ལ་རྗེས་དྲན་ཞུས་པ།

ཉག་རོང་དོན་གྲུབ་ནས། ཨ་མ་ལ་བཀའ་དྲིན་རྗེས་དྲན་ཞུས་པ། ཕྱི་ཟླ་ ༠༦ པའི་ཚེས་ ༠༦ ཉིན་ཨ་རིར་གནས་བཞུགས་ཉག་རོང་བ་ཕ་ཡུལ་གཅིག་པའི་ངོས་ནས། ས་གནས་ནེའུ་ཡོག་དཔལ་ཡུལ་དགོན་པ་གུ་རུའི་ལྷ་ཁང་ནང་དུ། རྒྱལ་གཅེས་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་མཆོག་སྐུ་གཤེགས་ནས་ཞག་པོ་བཞི་བཅུ་ཞེ་དགུ་ཟིན་པའི་ཉིན་མོར། ༧སྐྱབས་རྗེ་མདོ་རིན་པོ་ཆེ་སྐུ་རབས་དྲུག་པ་དཔལ་ལྡན་ཡེ་ཤེས་མཆོག་དབུ་བཞུགས་ཐོག །དཔལ་ཡུལ་མཁན་པོ་ནོར་རྒྱས་སོགས་བླ་གྲྭ་ཉི་ཤུ་ལྷག་གིས། མཐོ་རིས་དང་ཐར་བའི་གནས་སུ་འདྲེན་པའི་ཀར་གླིང་ཞི་ཁྲོའི་ཆོ་གའི་སྒོ་ནས། སྡིག་པ་སྦྱངས་བ་དང་ཚོགས་བསགས་སྒྲིབ་པ་འདག་པའི་དགོངས་རྫོགས་སྨོན་ལམ་དང་ཚོགས་ཀྱི་འཁོར་ལོ་བསྐོར། གཞན་འཕགས་ཡུལ་ཨོ་རྒྱན་སྨིན་གྲོལ་གླིང་དགོན་པ་རུ། ༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག…

དེ་ལས་མང་བ་། “བོར་ཟིན་པའི་རྒྱལ་གཅེས་བོད་ཀྱི་དཔའ་མོ་ཞིག་ལ་རྗེས་དྲན་ཞུས་པ།” »

ངོ་སྤྲོད།

མ་ཎི་རྡོ་ཕུང་།

Posted on 2024-06-13 By ཁ་བརྡ་ No Comments on མ་ཎི་རྡོ་ཕུང་།

  གཞིས་རྩེ་བུ་ཆུང་ཚེ་རིང་། ང་ནི་མ་ཎི་རྡོ་ཕུང་ཞིག་ཡིན། གཏམ་རྒྱུད་སྙན་པའི་མ་ཎིའི་རྡོ་ཕུང་ཞིག་དང་། མཐོ་སྒང་ཡུལ་ན་འགྱིངས་པའི་གཡོ་མེད་ཀྱི་དཔང་པོ་ཞིག ཡིད་དུ་འོང་བའི་ངའི་བང་རིམ་རེ་རེ་ན། མི་རབས་སྟོང་གི་དར་རྒུད་བརྩིགས་ཡོད་ཅིང་། ལྷམ་མེར་འཛུམ་པའི་ཡིག་འབྲུ་རེ་རེ་ལ། མི་རབས་དུ་མའི་ལོ་རྒྱུས་མེ་ལོང་གསལ།   གསོན་དང་། གངས་ཅན་གྱི་གཞོན་ནུ་ཚོ། གལ་ཏེ་ཁྱེད་ཀྱིས་ཉན་ཤེས་ན་མེས་པོའི་ཁ་ཆེམས་ཐོས་ངེས་ལ། གཟིགས་ཐུབ་ན་ཕ་མེས་ཡང་མེས་ཀྱི་མཛུབ་རིས་ཀྱང་མཐོང་། མ་ཟད།…

དེ་ལས་མང་བ་། “མ་ཎི་རྡོ་ཕུང་།” »

བསམ་ཚུལ།, སྙན་ངག

ཉིན་ཤས་སྔོན་རྒྱ་གར་གྱིས་གྲོས་ཚོགས་འོག་མའི་འཐུས་མིའི་འོས་བསྡུའི་ལས་རིམ་ནང་རྡ་ས་ཁུལ་གྱི་བོད་མི་བཙན་བྱོལ་བ་ཁག་ཅིག་ནས་འོས་འཕེན་གྱི་ཆ་ཤས་བླངས་པའི་སྐོར་ལ་དཔྱད་པའི་གཏམ།

Posted on 2024-06-04 By ཁ་བརྡ་ 1 Comment on ཉིན་ཤས་སྔོན་རྒྱ་གར་གྱིས་གྲོས་ཚོགས་འོག་མའི་འཐུས་མིའི་འོས་བསྡུའི་ལས་རིམ་ནང་རྡ་ས་ཁུལ་གྱི་བོད་མི་བཙན་བྱོལ་བ་ཁག་ཅིག་ནས་འོས་འཕེན་གྱི་ཆ་ཤས་བླངས་པའི་སྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས། སྤྱི་ལོ་ ༡༩༥༩ ལོར་བོད་ལ་རྐྱེན་ངན་འཕྲད་ནས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆོས་སྲིད་གཉིས་ཀྱིས་དབུ་ཁྲིད་༧ སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་ཁོང་གི་བཀའ་ཤག་ལྷན་རྒྱས་དང་ཞི་བའི་ཞིང་འབྲོག་མི་མང་ཁྲི་ཚོ་བརྒྱད་ལྷག་ཙམ་བཅས་ཁོང་གི་ཕེབས་རྗེས་སུ་འབྲང་ནས་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་དུ་འབྱོར་ནས་དུས་ད་ལྟ་བར་བོད་མི་བཙན་བྱོལ་བ་རང་ལོ་བཅུ་བཞི་ཡན་མི་རེའི་ལག་ཏུ་གནས་ཡུལ་ལུང་པའི་ཁྲིམས་མཐུན་གྱི་ཡིག་ཆ། ༼ Registration Certificate RC ༽ རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་ལོ་ལྟར་དུས་འགྱངས་བཀའ་ཁྲོལ་བརྒྱུད་ང་ཚོའི་ལག་ཏུ་ཡོད་པ་ནས་ང་ཚོ་རྒྱ་གར་གྱི་ཡུལ་མི་དང་ཁ་ཁ་ཡིན་པ་དང་ང་ཚོ་ནི་རང་བཙན་བརྩོད་མཁན་གྱི་བོད་མི་རིགས་ཞིག་ཡིན་པ་འཛམ་གླིང་མི་མང་ནས་གསལ་པོ་མཁྱེན་བཞིན་པ་མ་ཟད་རྒྱ་གར་གཞུང་མང་གཉིས་ནས་ཀྱང་དུས་ཚོད་ལ་སྔ་ཕྱི་མ་གཏོགས་བོད་པ་ཚོ་བོད་ལ་ལོག་མཁན་ཡིན་པའི་ངོས་འཛིན་གནང་བཞིན་པ་ནས་ཉེ་ལམ་རྒྱ་གར་གྱི་འོས་བསྡུའི་ལས་རིམ་ནང་བོད་མི་བཙན་བྱོལ་བ་རྒྱ་གར་ནང་གནས་སྡོད་བྱེད་མཁན་ RC ལག་ཏུ་བཟུང་ནས་ཡུལ་མིའི་མཉམ་འོས་འཕེན་པ་འདིའི་མ་འོངས་རྒྱ་གར་གཞུང་དང་མི་མང་གི་ང་ཚོར་ལྟ་སྟངས་ག་འདྲ་ཆགས་མིན་དེ་ཡང་ང་ཚོའི་བསམ་བློའི་ནང་བང་སྒྲིག་དགོས་པ་ནི་ང་ཚོའི་ལག་ཏུ་ཕྱི་མི་རྒྱ་གར་ནང་གནས་སྡོད་ཆོག་པའི་ཁྲིམས་མཐུན་གྱི་ཡིག་ཆ་…

དེ་ལས་མང་བ་། “ཉིན་ཤས་སྔོན་རྒྱ་གར་གྱིས་གྲོས་ཚོགས་འོག་མའི་འཐུས་མིའི་འོས་བསྡུའི་ལས་རིམ་ནང་རྡ་ས་ཁུལ་གྱི་བོད་མི་བཙན་བྱོལ་བ་ཁག་ཅིག་ནས་འོས་འཕེན་གྱི་ཆ་ཤས་བླངས་པའི་སྐོར་ལ་དཔྱད་པའི་གཏམ།” »

བསམ་ཚུལ།

ཉེ་ལམ་ཐེ་ཝན་གྱི་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོའི་སྐུ་མགྲོན་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གཉིས་ཀྱིས་མཐོ་རིམ་མི་སྣ་མཉམ་ཞུགས་གནང་བའི་སྐོར་ལ་དཔྱད་པའི་གཏམ།

Posted on 2024-06-04 By ཁ་བརྡ་ No Comments on ཉེ་ལམ་ཐེ་ཝན་གྱི་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོའི་སྐུ་མགྲོན་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གཉིས་ཀྱིས་མཐོ་རིམ་མི་སྣ་མཉམ་ཞུགས་གནང་བའི་སྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས། ཐེ་ཝན་ནི་རྒྱ་ནག་སྐམ་ས་དང་རྙོགས་གཞི་ཅན་གྱི་མཚོ་གླིང་གི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་པ་དང་། ཨ་རྒྱ་གཉིས་མི་མཐུན་པའི་ཕྱོགས་མང་པོ་ཡོད་པ་ནས་གཅིག་ཐེ་ཝན་གྱི་སྐོར་དེ་ཡིན་པ་དང་། ང་ཚོ་བཙན་བྱོལ་དུ་འབྱོར་རྗེས་ལོ་རབས་དྲུག་བཅུའི་ནང་ཐེ་ཝན་བོད་སོག་ལས་ཁུངས་ཟེར་བའི་མིང་སྦྱང་གི་འོག་ནས་བཙན་བྱོལ་བོད་མི་ནང་ཁུལ་དཀྲུགས་ཐབས་མང་པོ་བྱས་པའི་ལོ་རྒྱུས་མང་པོ་ཡོད་ན་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་ཐེ་ཝན་དང་འབྲེལ་བ་དེ་ལོ་རབས་དགུ་བཅུའི་ནང་འབྲེལ་ལམ་གསར་དུ་བཙུགས་པ་དེ་ནི་ཆོས་དང་། རིག་གཞུང་། སྤྱི་ཚོགས་ཀྱི་འབྲེལ་པ་ཙམ་ལས་ཆབ་སྲིད་ཀྱི་འབྲེལ་བ་མིན་པ་དང་། རྒྱལ་ཁབ་ག་འདྲ་ཞིག་ཡིན་ཀྱང་རྒྱལ་ཁབ་དེའི་སྲིད་འཛིན་དང་། སྲིད་བློན། གཞུང་གསར་པ་བརྗེ་ལེན་སྐབས་མགྲོན་བརྡ་ཕུལ་ནས་རང་གི་མཐུན་ཕྱོགས་རྒྱལ་ཁབ་ཚོའི་སྲིད་འཛིན་དང་། སྲིད་བློན། གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་གནད་ཡོད་མི་སྣ་ལ་མགྲོན་བརྡ་ཕུལ་ནས་གདན་ཞུ་བྱེད་པའི་ལམ་ལུགས་ཡོད་པ་དང་། ཐེ་ཝན་དང་རྒྱ་ནག་བར་རྩོད་གཞི་ལོ་རེ་ནས་ལོ་རེ་བཞིན་ཆེ་རུ་འགྲོ་བཞིན་པ་ནས་དེང་སྐབས་ཐེ་རྒྱ་གཉིས་དྲག་པོའི་གདོང་ཐུག་ག་དུས་བྱས་ཡོང་བསམ་པའི་འཛམ་གླིང་གི་མི་མང་པོ་ཞིག་སེམས་ཚབ་བྱེད་བཞིན་པའི་སྐབས་འདིར་ང་ཚོའི་ཐེ་ཝན་དང་ཆབ་སྲིད་ཀྱིས་འབྲེལ་བ་བྱ་རྒྱུ་དེ་དུས་ཚོད་རན་ལོད་ག་འདྲ་ཞིག་ཡིན་མིན་དེ་ཡང་བསམ་བློ་སྐྱར་ཞིབ་གནང་དགོས་པ་ནི་དབུ་མའི་ལམ་གྱིས་སྲིད་ཇུས་འོག་ནས་བོད་རྒྱའི་འབྲེལ་ལམ་ལ་མ་འོངས་ནུས་པ་ག་ཚོད་ཐོན་གྱི་ཡོད་དེ་ཡང་གསལ་པོ་ཤེས་མ་སོང་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་མཐོ་རིམ་མི་སྣ་ཐེ་ཝན་གྱི་སྲིད་འཛིན་གསར་པའི་ཁྲི་འདོན་མཛད་སྒོ་ལ་མཉམ་ཞུགས་གནང་བ་དེ་ཐེ་རྒྱ་གཉིས་དྲག་དམག་དཔུང་ངོམས་བྱེད་པའི་དུས་ཚོད་ངན་པ་དང་གདོང་ཐུག་འཁེལ་བ་འདིའི་བོད་དོན་བདེན་མཐའ་སེལ་ཐབས་ལ་བར་ཆད་བཏང་བ་མ་རེད་དམ། གཉིས་སྨན་དབུ་མའི་ལམ་གྱི་དགོས་འདུན་ནི། ༼ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་གི་དགོས་འདུན་སྟོན་ཡོད་པ་དང་།…

དེ་ལས་མང་བ་། “ཉེ་ལམ་ཐེ་ཝན་གྱི་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོའི་སྐུ་མགྲོན་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གཉིས་ཀྱིས་མཐོ་རིམ་མི་སྣ་མཉམ་ཞུགས་གནང་བའི་སྐོར་ལ་དཔྱད་པའི་གཏམ།” »

བསམ་ཚུལ།

ཉེ་ལམ་སྤྱི་ཟླ་གཉིས་པའི་ནང་ཀོ་ལི་གྷལ་གཞིས་ཆགས་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་བསྲུངས་བརྩིའི་ཐོག་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་ནས་གསུང་འཕྲིན་ཕེབས་པའི་ཐོག་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱིས་འགན་འཁུར་ག་རེ་བཞེས་ཡོད་དམ།

Posted on 2024-05-20 By ཁ་བརྡ་ No Comments on ཉེ་ལམ་སྤྱི་ཟླ་གཉིས་པའི་ནང་ཀོ་ལི་གྷལ་གཞིས་ཆགས་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་བསྲུངས་བརྩིའི་ཐོག་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་ནས་གསུང་འཕྲིན་ཕེབས་པའི་ཐོག་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱིས་འགན་འཁུར་ག་རེ་བཞེས་ཡོད་དམ།

གཞུང་པ་ཚེ་དབང་བསོད་ནམས། ༧ གོང་ས་མཆོག་གི་གསུང་འཕྲིན་ཆ་ཚང་འདིར་བཀོད་ཡོད། ༼ ༄༅ །ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཚུགས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་བསྲུང་བརྩི་བྱེད་བཞིན་ཡོད་པར་གཞིས་མི་ཡོངས་དང་ཕྱི་ནང་གི་སྐུ་མགྲོན་བཅས་པར་མཛའ་བརྩེའི་འཚམས་འདྲི་ཡོད། རང་ཅག་བཙན་བྱོལ་དུ་འབྱོར་རྗེས་གཞིས་ཆགས་ཟུར་འཛུགས་དགོས་པའི་དམིགས་དོན་ནི། མི་འབོར་ཆེ་ཞིང་ས་རྒྱ་ཆེ་བའི་རྒྱ་གར་གྱི་ཡུལ་གྲུ་ཁག་ནང་རིམ་གྱིས་སིམ་སྟེ་ཁ་འཐོར་དུ་མི་འགྲོ་བ་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་། ཡུལ་གོམས་གཤིས་ལུགས་བཅས་པ་མི་ཉམས་རྒྱུན་འཛིན་དང་། ངེས་བརྟན་མེད་པའི་འཚོ་བའི་དཀའ་ངལ་སེལ་ཐབས་བཅས་ཀྱི་ཆེད་དུ་ཡིན་པ་ལྟར་ཕྱོགས་ཚང་མ་ནས་ངལ་ཁུར་དང་ལེན་ཕྱར་གྲུ་མཉམ་འདེགས་བྱས་པའི་འབྲས་བུ་རང་རེའི་མིག་གི་སྤྱོད་ཡུལ་དུ་གྱུར་པ་འདི་ཡིན། སླད་གཞིས་ཆགས་ཁག་ནང་རྒན་རྒོན་ནད་གཅོང་ཉམ་ཐག་ཧྲེང་པོ་ཡོད་རིགས་ཀྱི་འཚོ་བའི་གནས་སྟངས་ཐོག་དམིགས་བསལ་དོ་སྣང་ལྟ་རྟོག་རོགས་རམ་དང་འབྲེལ།…

དེ་ལས་མང་བ་། “ཉེ་ལམ་སྤྱི་ཟླ་གཉིས་པའི་ནང་ཀོ་ལི་གྷལ་གཞིས་ཆགས་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་བསྲུངས་བརྩིའི་ཐོག་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་ནས་གསུང་འཕྲིན་ཕེབས་པའི་ཐོག་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱིས་འགན་འཁུར་ག་རེ་བཞེས་ཡོད་དམ།” »

བསམ་ཚུལ།

སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་བརྡ་ཐོ་མཐོང་སྐབས་ང་ལ་ཚོར་བ་གང་བྱུང་བ་དེ་འདིར་གསལ་སྟོན་ཞུས་ཡོད།

Posted on 2024-05-13 By ཁ་བརྡ་ No Comments on སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་བརྡ་ཐོ་མཐོང་སྐབས་ང་ལ་ཚོར་བ་གང་བྱུང་བ་དེ་འདིར་གསལ་སྟོན་ཞུས་ཡོད།

གཞུང་པ་ཚེ་དབང་བསོད་ནམས། དང་པོ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་བཙན་བྱོལ་བོད་མིའི་ཁྲིམས་ཡིག་བླ་ན་མེད་པ་དང་གོང་ན་མེད་པ་དེ་ཡིན་པ་དང་། ང་ཚོ་མི་ཡུལ་དུ་སྡོད་པའི་རིང་ཁྲིམས་ཡིག་འདིའི་འོག་ཏུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་བཅའ་ཁྲིམས་དགོངས་དོོན་འགན་དབང་འདྲ་མཉམ་ཐ་དད་དུ་གནས་དགོས་པ་ནི་བཅའ་ཁྲིམས་ལེའུ་བཞི་པ། སྒྲིག་འཛུགས་ཀྱི་འགན་འཛིན། ལེའུ་ལྔ་པ། ཁྲིམས་བཟོའི་དབང་འཛིན། ལེའུ་དྲུག་པ། ཁྲིམས་ལུགས་དབང་འཛིན་བཅས་སྡེ་ཚན་འདི་གསུམ་གྱི་འགན་འཁུར་འོག་བཙན་བྱོལ་བོད་མི་འཚོ་དགོས་པ་ནས་སྤྱི་འཐུས་སྐབས་བཅུ་དྲུག་དང་བཀའ་ཤག་སྐབས་བཅོ་ལྔ་ནས་སྡིག་པ་མིག་བཙུམ་གྱིས་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་བའི་འོག་ཏུ་འཕོ་འགྱུར་བཏང་བའི་འཇུག་འབྲས་སྤྱི་འཐུས་སྐབས་བཅུ་བདུན་པ་དུས་ཐོག་ཚོགས་མ་ཐུབ་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ལས་མེད་པ་དང་། བཙན་བྱོལ་སྤྱི་ཚོགས་ནང་དགོས་མེད་ཀྱིས་ལབ་རྒྱུ་གླེང་རྒྱུ་མང་པོ་ལྷག་པ་དང་། ཉེ་ལམ་སྤྱི་འཐུས་སྐབས་བཅུ་བདུན་གྱིས་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་ཞི་བའི་མི་མང་གཅིག་སྟོང་ལྷག་གི་བསམ་འཆར་ལ་འགན་མ་འཁུར་བར་མང་གཙོ་སྤྱིའི་ལྟ་གྲུབ། ༼Democracy…

དེ་ལས་མང་བ་། “སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་བརྡ་ཐོ་མཐོང་སྐབས་ང་ལ་ཚོར་བ་གང་བྱུང་བ་དེ་འདིར་གསལ་སྟོན་ཞུས་ཡོད།” »

བསམ་ཚུལ།

སེམས་གཏིང་ནས་གཅེས་མོ་དྲན་པ།

Posted on 2024-05-062024-05-06 By ཁ་བརྡ་ 2 Comments on སེམས་གཏིང་ནས་གཅེས་མོ་དྲན་པ།

ཆ་མདོ་ངག་ཕུན།   གཤིས་རྒྱུད་འཇམ་ལ་བག་ཡོད་ལྡན།། དོན་མེད་ངག་འཁྱལ་མི་སྨྲ་ཞིང་།། ལས་ལ་བརྩོན་ཞིང་ངག་རྒྱུན་རིང་།། བཟང་སྤྱོད་ལྡན་པའི་གཅེས་མོ་དྲན།།   ཕ་མས་ཅི་གསུང་དང་ལེན་ལས།། མི་འདོད་རྣམ་འགྱུར་སྟོན་པ་ཞིག།། བདག་གིས་མིག་མདུན་མཐོང་མྱོང་མེད།། བཟང་སྤྱོད་ལྡན་པའི་གཅེས་མོ་དྲན།།   ཞོགས་པ་སྔ་པོ་ཡར་ལ་བཞེངས།། ལུས་ལ་བོད་ཆས་མགྱོགས་མྱུར་གྱོན།། སླེ་པོ་འཁྱེར་ནས་རི་ལ་ཐོན།།…

དེ་ལས་མང་བ་། “སེམས་གཏིང་ནས་གཅེས་མོ་དྲན་པ།” »

བསམ་ཚུལ།, སྙན་ངག

བྱ་རྒན་གོ་བོ་ཚོ་ལ་བཟློ་བ།

Posted on 2024-04-29 By ཁ་བརྡ་ 2 Comments on བྱ་རྒན་གོ་བོ་ཚོ་ལ་བཟློ་བ།

བློ་གྲོས་རབ་བརྟན། ཆོས་འཐུས་ཚོར་བལྟས་པས་རྙེད་དོན་གང་བྱུང་མ་བྱུང་། ཀྭ་ཡེ་ཆོས་འཐུས་མིང་འཛིན་མགོ་རིལ་ཨ་ཕོ་འདི་ཚོས།། ཁ་འདོན་བཞག་སྟེ་ནང་འཁྲུག་རྒྱག་པར་སྤྱི་འཐུས་རེད་འདུག ། ག་ལེར་ཁྱོད་ཚོའི་ལས་སྟངས་བྱེད་སྟངས་དག་ལ་བལྟས་ན།། ང་ཚོ་བོད་མི་ཡོངས་ཀྱི་སེམས་ལ་དོགས་འདྲི་ཇེ་མང་།། ཅ་ཅོ་སྒྲོག་ལ་གྲོས་ཚོགས་ར་བར་སྒོ་ཁའི་ཁྱི་རེད།། ཆ་མེད་ཡིན་ཡང་བསྙོན་འཛུགས་བྱེད་ལ་གུང་ཁྲན་ཏང་རེད།། ཇ་ཆང་མང་ན་རྙོག་དྲ་བཟོ་བ་ར་བཟིའི་སྤུན་རེད།། ཉ་བ་རྒན་པོའི་ལས་ཀྱང་སྡུག་པ་གྲྭ་བའི་མཚང་རེད།། ཏཱ་ལའི་བླ་མའི་གཞུང་རྒྱུན་སྐྱོང་ལ་གནོད་སྐྱེལ་དཔོན་རེད།། ཐ་ཆད་ཚིག་གིས་སྤྱི་ཚོགས་དཀྲུག་ལ་སྤྲུལ་བའི་སྐུ་རེད།། ད་ལྟ་་ཁྱོད་ནི་་བོད་མིའི་མིག་ལ་གཟན་པའི་ཚེར་རེད།། ན་མོའི་ཡུལ་ནས་རྐང་འོག་འདམས་པ་དགེ་བཤེས་རྟགས་རེད།།…

དེ་ལས་མང་བ་། “བྱ་རྒན་གོ་བོ་ཚོ་ལ་བཟློ་བ།” »

བསམ་ཚུལ།

ཁྲིམས་ལུགས་དབང་འཛིན། ༼ Judiciary ༽ མེད་པའི་མང་གཙོའི་སྒྲིག་འཛུགས་ཞིག་གི་གཞི་རིམ་མི་མང་གི་འཚོ་བ་ལ་ཁྲིམས་མཐུན་གྱིས་འགན་འཁུར་ཐུབ་ཀྱི་ཨ་ཡོད།

Posted on 2024-04-26 By ཁ་བརྡ་ 1 Comment on ཁྲིམས་ལུགས་དབང་འཛིན། ༼ Judiciary ༽ མེད་པའི་མང་གཙོའི་སྒྲིག་འཛུགས་ཞིག་གི་གཞི་རིམ་མི་མང་གི་འཚོ་བ་ལ་ཁྲིམས་མཐུན་གྱིས་འགན་འཁུར་ཐུབ་ཀྱི་ཨ་ཡོད།

གཞུང་པ་ཚེ་དབང་བསོད་ནམས། མང་གཙོའི་རྒྱལ་ཁབ། ༼ Democracy Nation ༽ ག་འདྲ་ཞིག་ཡིན་ཀྱང་མི་མང་གིས་འཚོ་བ་ལ་འགན་འཁུར་མཁན་གྱིས་སྒྲིག་འཛུགས་གསུམ།༼ Three Organ of Democracy Government ༽ སྒྲིག་འཛུགས་ཀྱི་འགན་འཛིན། ༼…

དེ་ལས་མང་བ་། “ཁྲིམས་ལུགས་དབང་འཛིན། ༼ Judiciary ༽ མེད་པའི་མང་གཙོའི་སྒྲིག་འཛུགས་ཞིག་གི་གཞི་རིམ་མི་མང་གི་འཚོ་བ་ལ་ཁྲིམས་མཐུན་གྱིས་འགན་འཁུར་ཐུབ་ཀྱི་ཨ་ཡོད།” »

བསམ་ཚུལ།

དྲང་གཏམ་ཚངས་ཐིག་མ།

Posted on 2024-04-22 By ཁ་བརྡ་ 1 Comment on དྲང་གཏམ་ཚངས་ཐིག་མ།

རིགས་ཞེན། ཆོལ་གསུམ་སྤྱི་ཡིས་འདོད་པ་ནི་བོད་ལ་རང་བཙན་ཐོབ་ན་སྙམ་པ་དེ་ཡིན་མོད། དེ་ནི་སྤྱི་ལོ་1978ལོ་ནས་ཏིན་ཞའོ་ཕིན་གྱིས་བཀག་ཟིན་པ་རེད། སྟོབས་དང་དབང་ཚད་གང་གི་ཆ་ནས་ཀྱང་ཏིན་ཞའོ་ཕིན་གྱི་ཆ་རྐྱེན་དེ་ལ་རྒོལ་ལན་སྤྲོད་པའི་ནུས་པ་ང་ཚོ་ལ་མ་མཆིས་པས། ང་ཚོས་༸གོང་ས་མཆོག་གི་དགོངས་གཞི་ལས་འཕྲོས་ཤིང་མི་མང་གིས་མང་མོས་འདམས་ཁ་བྱུང་བའི་དབུ་མའི་ལམ་ཐོག་དེད་ནས་རྒྱ་ནག་དང་གྲོས་མོལ་བྱེད་དགོས་པ་ཆགས་ཀྱི་ཡོད་ལ་སྔོན་ཆད་ཀྱང་ལམ་ཐིག་འདི་ལས་གྲོལ་མོལ་བྱེད་མྱོང་བ་རེད། དོན་དག་ཆེ་ཕྲ་གང་ཞིག་ཡིན་རུང་ཕྱོགས་གཉིས་ཀྱིས་གྲོས་ཁ་བྱེད་དགོས་པ་ལས་བཙན་པོས་དབང་ཡོད་བྱས་ན་ཕྱིའི་རྣམ་པ་འགྲིག་པ་ལྟར་སྣང་ཡང། ནང་གི་དད་མོས་དང་རིགས་ཞེན་འདི་དོན་དག་གལ་ཆེན་ལ་ཕྲད་དུས་རང་ཉིད་གང་ལ་ཞེན་ཅིང་དད་པའི་ཕྱོགས་ལ་འགྲོ་བ་ལས་བཙན་གྱིས་དབང་འོག་ཏུ་བཅུག་པའི་གནས་དེ་ནས་འཁུམས་ནས་མི་འདུག་པ་ནི་འདས་པའི་མི་ལོ་དྲུག་ཅིའི་རིང་ལ་ཡང་དང་བསྐྱར་ཏུ་ཟིང་འཁྲུག་ལང་མྱོང་བ་དེ་འདྲ་རེད། བོད་མི་བཙན་བྱོལ་བའི་ཁྲོད་དུ་རང་བཙན་དགོས་ཟེར་བའི་སྐོར་གཞོན་ནུ་ཚོགས་པ་སོགས་གང་མང་ཞིག་ཡོད་ཀྱང་ཁོ་ཚོ་ལ་རང་བཙན་ལེན་ཐུབ་པའི་ཐབས་དང་ནུས་པ་གང་ཡང་མེད་པ་མངོན་སུམ་ཡིན་ཡང། སྟོང་འདང་རིང་མོ་ཞིག་ལ་འཇུས་ཏེ་ཕྱི་རྒྱལ་གྱི་རྒྱལ་ཁབ་ག་གེ་མོས་རོགས་པ་བྱས་ནས་བོད་ཀྱི་ཆེད་དུ་རྒྱ་ནག་ལ་དམག་བརྒྱབ་ཡོང་བའི་རྨི་ལམ་སྐྱིད་པོ་རྨིས་ནས་ནམ་ཡང་སད་མ་མྱོང་བ་དེ་རེད། སྲིད་བློན་ནེའུ་ཧ་རུས་༸གོང་ས་མཆོག་ལ་བོད་ཀྱི་ཆེད་དུ་ཨ་རིས་རྒྱ་ནག་ལ་དམག་རྒྱག་གི་མ་རེད་ད་ཞེས་པ་འདི་གོ་རྒྱུ་ཅན་གྱི་གཏམ་རེད། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གང་ཞིག་ཡིན་ཡང་ཁེ་བཟང་མེད་པའི་དམག་འཁྲུག་སློང་གི་མ་རེད། འོ་ན་ཕྱི་རྒྱལ་གྱི་རྒྱལ་ཁབ་དེ་དག་གིས་རོགས་མ་བྱས་ན་བཙན་བྱོལ་དུ་ཡོད་པའི་གཞོན་ནུ་ཚོགས་པ་ལྟ་བུའི་ཐབས་དང་སྟོབས་ཤུགས་གང་ཡང་མེད་པའི་མི་ཁ ཅིག་ལ་རང་བཙན་ཇི་ལྟར་རེག་གི་རེད། རང་ཉིད་འཐབ་གི་ཡིན་ཟེར་ན་སྟོབས་མེད། སློང་གི་ཡིན་ཟེར་སྔ་མོ་ཉིད་ནས་རང་བཙན་མ་གླེང་ཞེས་ལམ་ལ་དེ་སྐད་ཆ་འགྲོ་ས་མེད།…

དེ་ལས་མང་བ་། “དྲང་གཏམ་ཚངས་ཐིག་མ།” »

བསམ་ཚུལ།

སྤྱི་འཐུས་སྐབས་བཅུ་དྲུག་གིས་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་བ་དེ་ཁྲིམས་མཐུན་ཡིན་དང་ཁྲིམས་འགལ་ཡིན་གཤམ་འོག་བཅའ་ཁྲིམས་ཀྱི་དོན་ཚན་སོ་སོར་དཔྱད་ན་ཤེས་ཐུབ།

Posted on 2024-04-22 By ཁ་བརྡ་ No Comments on སྤྱི་འཐུས་སྐབས་བཅུ་དྲུག་གིས་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་བ་དེ་ཁྲིམས་མཐུན་ཡིན་དང་ཁྲིམས་འགལ་ཡིན་གཤམ་འོག་བཅའ་ཁྲིམས་ཀྱི་དོན་ཚན་སོ་སོར་དཔྱད་ན་ཤེས་ཐུབ།

གཞུང་པ་ཚེ་དབང་བསོད་ནམས། དང་པོ། ཆེས་མཐོའི་ཁྲིམས་ཞིབ་པ་ཚོ་འཕོ་འགྱུར་གཏོང་རྒྱུའི་འགན་དབང་དེ་སྤྱི་འཐུས་གྲོས་ཚོགས་ཡོད་པ་བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་གསུམ་པའི་ནང་གསེས་བཞི་པའི་ནང་གསལ་ཡོད་པ་འདི་ལྟར། ༼ བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས། ནང་གསེས་བཞི་པའི་ནང་འདི་ལྟར། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས་དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་ཡུན་ལོ་ལྔ་འམ་རང་ལོ་དྲུག་བཅུ་རེ་ལྔ་ཧྲིལ་པོ་ལོན་པ་གང་སྔའི་བར་ཡིན། ཁྲིམས་ཞིབ་པ་གཞན་གཉིས་རང་ལོ་དྲུག་བཅུ་རེ་ལྔ་ཧྲིལ་པོ་མ་ལོན་བར་ལས་འཁུར་རྒྱུན་འཛིན་བྱ་རྒྱུ། ཅེས་གསལ་བ་ནས་དོན་ཚན་འདི་ཁྲིམས་ཞིབ་ཚོའི་ལས་ཡུན་ལོ་ཚད་དང་ཞབས་ལོ་སྐོར་ཡིན་པ་ལས་ཁྲིམས་ཞིབ་ཚོ་འཕོ་འགྱུར་གཏོང་རྒྱུའི་དོན་ཚན་དེ་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བཞི་ཡིན་པ་འདི་ལྟར། ༼ དོན་ཚན་ང་བཞི་པ། གྲོས་བསྡུར་བཀག་སྡོམ།…

དེ་ལས་མང་བ་། “སྤྱི་འཐུས་སྐབས་བཅུ་དྲུག་གིས་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་བ་དེ་ཁྲིམས་མཐུན་ཡིན་དང་ཁྲིམས་འགལ་ཡིན་གཤམ་འོག་བཅའ་ཁྲིམས་ཀྱི་དོན་ཚན་སོ་སོར་དཔྱད་ན་ཤེས་ཐུབ།” »

བསམ་ཚུལ།

སྤྱི་འཐུས་སྐབས་བཅུ་བདུན་གྱིས་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།

Posted on 2024-04-16 By ཁ་བརྡ་ No Comments on སྤྱི་འཐུས་སྐབས་བཅུ་བདུན་གྱིས་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།

 གཞུང་པ་ཚེ་དབང་བསོད་ནམས། དང་པོ། ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་དང་འབྲེལ་བའི་སྐོར།  ཡོངས་ཁྱབ་གསལ་བསྒྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་མང་མོས་གཞུང་འབྲེལ་གྲོས་ཆོད་ཨང་ ༢༠༢༣/༡༧/༥/༥ དགོངས་དོན་ཚོགས་གཙོ་སྦྲེལ་པོས་བསྐོ་བཞག་གནང་བའི་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་དོན་དངོས་སུ་འགོ་འཛུགས་ཞུས་ཡོད་པས་ཚོགས་པ་དང་མི་སྒེར་སུ་ཐད་ནས་ཁྲིམས་སྒྲིག་བསྐྱར་བཅོས་དང་འབྲེལ་བའི་དགོངས་ཚུལ་མཆིས་ཚེ་ཡིག་ཐོག་ནས་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢ མང་གཙོའི་དུས་ཆེན་བར་ཚོགས་དྲུང་ལས་ཁུངས་བརྒྱུད་གཤམ་གསལ་གློག་འཕྲིན་ཁ་སྦྱང་ཐོག་འདི་ག་ཚོགས་ཆུང་དུ་འབུལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༣ ཟླ་བ་༧…

དེ་ལས་མང་བ་། “སྤྱི་འཐུས་སྐབས་བཅུ་བདུན་གྱིས་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།” »

བསམ་ཚུལ།

བོད་པ་ལོང་བ་གཅིག་གི་སེམས་གཏམ།

Posted on 2024-04-08 By ཁ་བརྡ་ No Comments on བོད་པ་ལོང་བ་གཅིག་གི་སེམས་གཏམ།

(ངའི་རེ་བ་དང་རྨི་ལམ་ནི་ཉིན་གཅིག་ངའི་བུ་མོ་དང་། ཨ་མ་ལགས་ཀྱི་ཞལ་རས་མཇལ་རྒྱུ་དེ་ཡིན།) བདེ་སྐྱིད། དེ་རིང་ནི་རེས་གཟའ་པ་སངས་རེད། ཕྱི་ཟླ་བཞི་པ་ཟིན་ནའང་ཕྱི་རོལ་དུ་གངས་མཐུག་པོ་བབ་ནས་ས་གཞི་ཡོངས་ཁ་བས་གཡོག་ནས་དཀར་པོ་དཀར་རྐྱང་ཆགས་འདུག མཐོ་སློབ་ཀྱི་དཔྱིད་ཀའི་གུང་གསེང་རྫོགས་ནས་འཛིན་གྲྭ་མུ་མཐུད་ནས་འགྲོ་བཞིན་ཡོད་སྟབས་ནང་སྦྱོང་ཧ་ཅང་མང་བ་དང་། ད་དུང་ཡིག་ཚད་སླེབས་ལ་ཉེ་བས་བྲེལ་ཟིང་དང་སེམས་ངལ་གཉིས་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་ཡོད་ནའང་། ཞོགས་པ་ཚིགས་ཇ་ཁང་ནས་རང་ཉིད་ཀྱིས་དགའ་ཤོས་བྱེད་པའི་ཚིགས་ཇ་གཅིག་ཉོས་ནས་ཕྱིར་ཁང་པར་སླེབས་མ་ཐག་གློག་ཀླད་ནས་ A Blind Parent’s Entrepreneurial Journey | Gendun…

དེ་ལས་མང་བ་། “བོད་པ་ལོང་བ་གཅིག་གི་སེམས་གཏམ།” »

བསམ་ཚུལ།

བསམ་ཚུལ།

Posted on 2024-04-042024-04-04 By ཁ་བརྡ་ No Comments on བསམ་ཚུལ།

༄ དཔལ་ལྡན་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་གྲོས་ཚོགས་ཀྱིས་ཚོགས་གཙོ་སྦྲེལ་པོའི་དབུས་པའི་གྲོས་ཚོགས་ཀྱིས་འཐུས་མི་༧ ལྷན་རྒྱས་མཆོག་གིས་དྲུང་དུ། ཆེད་ཞུ། གུས་པ་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་གྲོང་ཨེལ་ཁང་པ་ཨང་ ༢༩ ནང་སྡོད་གཞུང་པ་ཚེ་དབང་བསོད་ནམས། དཔྱ་དངུལ་ལག་དེབ་ཨང་ ༼ IN 7661005 ། ཅན་ནས་ཞུ་གསོལ་འདེབས་སྙིང་། ལམ་ཙམ་དགོངས་མངའ་བཞིན་ཉེ་ལམ་འདི་ག་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཚུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་བསྲུང་བརྩིའི་ཐོག་༧ སྤྱི་ནོར་༧…

དེ་ལས་མང་བ་། “བསམ་ཚུལ།” »

ངོ་སྤྲོད།

ཆིངས་ཡིག་དོན་ཚན་ ༡༧ གྱི་རྒྱབ་ལྗོངས་གསར་པ།

Posted on 2024-04-012024-04-01 By ཁ་བརྡ་ 1 Comment on ཆིངས་ཡིག་དོན་ཚན་ ༡༧ གྱི་རྒྱབ་ལྗོངས་གསར་པ།

  ཉག་རོང་དོན་གྲུབ།    ལྐོག་གཡོའི་མགོ་སྐོར་ཐེབས་པ། ཁ་སང་བོད་ཟླ་ ༠༢ པའི་ཚེས་ ༢༡ དང་ཕྱི་ཟླ་ ༠༣ པའི་ཚེས་ ༣༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༠༤ པའི་ཐོག…

དེ་ལས་མང་བ་། “ཆིངས་ཡིག་དོན་ཚན་ ༡༧ གྱི་རྒྱབ་ལྗོངས་གསར་པ།” »

ངོ་སྤྲོད།, བསམ་ཚུལ།

བཙན་བྱོལ་བའི་སེམས་ནང་ནས་གཏིང་བརྗེད་དུ་འགྲོ་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ།

Posted on 2024-03-28 By ཁ་བརྡ་ No Comments on བཙན་བྱོལ་བའི་སེམས་ནང་ནས་གཏིང་བརྗེད་དུ་འགྲོ་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ།

ཉག་རོང་དོན་གྲུབ། ནེའུ་ཡོག་མཐོ་སྒང་ཨེ་ཤ་ཡའི་དཔེ་མཛོད་ཁང་དུ་བོད་ཟླ་ ༠༡ པོའི་ ༢༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦:༣༠ ཐོག །ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་ནས། བོད་རང་བཙན་གྱི་ལས་འགུལ་སྤེལ་མཁན་ཆབ་སྲིད་བཙོན་པ་ཆོས་དབྱིངས་མཁས་གྲུབ་སྐོར་ལ་མྱོང་ཚོར་ཅན་གྱི་གཏམ་བཤད་ཅིག་གནང་སོང་། སྐབས་དེར་ཁོང་གིས་ཆོས་དབྱིངས་མཁས་གྲུབ་ངོ་ཤེས་སྟངས་དང་། བཙོན་ཁང་ནང་གི་དཀའ་སྡུག་གི་གནས་སྟངས་སོགས་ཕལ་ཆེར་ང་ཚོས་ཡང་མིག་ལམ་ལ་མཐོང་ཐུབ་པ་འདྲ་པོ་ཞིག་བཤད་སོང་། དེ་བཞིན་རྒྱ་མིས་བོད་མི་ཆབ་སྲིད་བཙོན་པ་ཚོ་ལ་མཐོང་ཆུང་དང་བསྙས་བཅོས་བྱས་ནས། “ཨེ་ཡོང་མགོ་དཀར་”ཞེས་ཞེ་ཁྲེལ་ཀྱི་ཚིག་མཚོན་ཞིག་འདེབས་ཀྱི་རེད་ཟེར། རྒྱ་མི་ཚོས་”ཁྱོད་རང་ཚོས་དཀའ་སྡུག་མྱོང་བ་རང་སྡུག་རེད།…

དེ་ལས་མང་བ་། “བཙན་བྱོལ་བའི་སེམས་ནང་ནས་གཏིང་བརྗེད་དུ་འགྲོ་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ།” »

བསམ་ཚུལ།

བཙན་བྱོལ་བོད་མིའི་གྲོས་ཚོགས་ནས་ཇོ་ནང་བའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་ངེས་པར་དུ་བྱེད་དགོས།

Posted on 2024-03-202024-03-20 By ཁ་བརྡ་ 2 Comments on བཙན་བྱོལ་བོད་མིའི་གྲོས་ཚོགས་ནས་ཇོ་ནང་བའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་ངེས་པར་དུ་བྱེད་དགོས།

བེ་རི་རིག་པའི་རྡོ་རྗེ། འགྲོ་བ་མིའི་ཐོབ་ཐང་ཟེར་བ་ནི། ཁྲིམས་ཀྱིས་བསྐུར་བའི་གནས་སྟངས་ཙམ་མ་ཡིན་པར་འགྲོ་བ་མིར་ལྷན་སྐྱེས་སུ་ཡོད་པའི་ཐུན་མོང་གི་གཞི་རྩའི་ཐོབ་ཐང་ཞིག་ཡིན། དེར་བརྟེན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། དམངས་གཙོའི་རྒྱལ་ཁབ་ཁག་གིས་རྩ་ཁྲིམས་ཡང་འདི་ཉིད་གཞི་རྩར་བཞག་ནས་གཏན་ལ་ཕབ་ཏེ། ཁྲིམས་ཐོག་ནས་འགྲོ་བ་མི་ཡོངས་ལ་ཐོབ་ཐང་འདྲ་མཉམ་སྤྲད་ནས་ཁྲིམས་ཀྱི་མདུན་སར་འདྲ་མཚུངས་བྱས་ཡོད། དེ་ལྟ་ན་ཡང་ཡིད་སྐྱོ་བ་ཞིག་ལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་ཆོས་བརྒྱུད་བར་ལ་དབྱེ་འབྱེད་བྱས་ཡོད། འདི་ནི་ཁྲིམས་ཐོག་གི་དབྱེ་འབྱེད་ཡིན་པས་དབྱེ་འབྱེད་གཞན་དང་བསྡུར་ཐབས་མེད་པའི་དབྱེ་འབྱེད་ཚབ་ཆེན་ཞིག་ཡིན། གལ་ཏེ་གནད་དོན་འདི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་འཚོགས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་གཙོས་དམངས་གཙོའི་རྒྱལ་ཁབ་ཁག་ལ་ཤེས་སུ་བཅུག་པ་ཡིན་ན། དེའི་མཇུག་འབྲས་ཇི་འདྲ་ཡོང་མིན་བཤད་མི་དགོས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་ཆོས་བརྒྱུད་བར་ལ་དབྱེ་འབྱེད་བྱས་ནས། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་ཐོབ་ཐང་འདྲ་མཉམ་མེད་པ་བྱས་ཡོད། གནད་དོན་འདི་འདྲ་ཨ་རི་དང་། རྒྱ་གར་སོགས་དམངས་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ཞིག་ཏུ་འབྱུང་མི་སྲིད་པ་ལྟ་བུ་ཞིག་ཡིན།…

དེ་ལས་མང་བ་། “བཙན་བྱོལ་བོད་མིའི་གྲོས་ཚོགས་ནས་ཇོ་ནང་བའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་ངེས་པར་དུ་བྱེད་དགོས།” »

བསམ་ཚུལ།

བུ་མོ་ལོ་གསུམ་ཅན་ཞིག་དང་འཕྲད།

Posted on 2024-03-14 By ཁ་བརྡ་ No Comments on བུ་མོ་ལོ་གསུམ་ཅན་ཞིག་དང་འཕྲད།

–རྔ་བ་ཀུན་བཟང་། ངའི་མིང་ལ་བསྟན་འཛིན་པད་མ་ཟེར་ཞིང་། ད་ལྟ་ལོ་གསུམ་ཡིན། ངའི་ཕ་མ་གཉིས་ཀ་ཡུལ་འཁྱམ་པ་ཡིན་ལ། ང་ཡང་ཕ་ཡུལ་མེད་པའི་བྱིས་པ་ཞིག་ཡིན། ཁ་སང་དགུང་མོ་ནས་བཟུང་ཕ་མ་གཉིས་ཀའི་བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་སོགས་གྲ་སྒྲིག་བྱས་ནས་ང་ལ་ཞོགས་པ་སྔ་མོ་ནས་ཡར་ལངས་དགོས་པ་བཤད་སོང་།། འོན་ཀྱང་རྒྱུ་མཚན་ཅི་ཡིན་མིན་དང་གང་ལ་འགྲོ་དགོས་བ་བཤད་མ་སོང་། གང་ལྟར་དེ་རིང་ང་མི་མང་བརྒྱ་ཕྲག་འགའ་འཛོམས་ས་ཞིག་ལ་སླེབས་འདུག། མི་དེ་དག་གི་ནང་དུ་སློབ་མ་དང་། གྲྭ་བ། ན་གཞོན་ཕོ་མོ། རྒན་རབས་པ། ད་དུང་བོད་པ་མ་ཡིན་པའི་མགོ་སེར་དང་རྒྱ་གར་བ་ཡང་རེ་འགའ་ཞིག་མཐོང་སོང་།། ལྷག་པར་ཏུ་བོད་རིགས་རེ་རེའི་ལག་ལ་བོད་རྒྱལ་དར་རེ་བཟུང་འདུག་ལ། “གདོང་ལ་བོད་རང་དབང་བཙན།”…

དེ་ལས་མང་བ་། “བུ་མོ་ལོ་གསུམ་ཅན་ཞིག་དང་འཕྲད།” »

བསམ་ཚུལ།

སྤྱི་ཚོགས་དྲ་རྒྱ་དེ་ཕྱོགས་གཏོགས་ཆབ་སྲིད་ལ་དུས་ནམ་ཡང་ཁ་ཕྱོགས་མི་ཉན་ནོ།

Posted on 2024-03-142024-03-14 By ཁ་བརྡ་ No Comments on སྤྱི་ཚོགས་དྲ་རྒྱ་དེ་ཕྱོགས་གཏོགས་ཆབ་སྲིད་ལ་དུས་ནམ་ཡང་ཁ་ཕྱོགས་མི་ཉན་ནོ།

གཞུང་པ་ཚེ་དབང་བསོད་ནམས།   སྤྱི་ཚོགས་འཕེལ་རིམ་གྱིས་བརྒྱུད་ནས་སྤྱི་ཚོགས་ཡར་རྒྱས་འགྲོ་དགོས་པ་དང་སྤྱི་ཚོགས་ཡར་རྒྱས་བརྒྱུད་ནས་ཡ་རབས་དང་བཟང་སྤྱོད་ལ་འགན་འཁུར་ནས་སྤྱི་ཚོགས་ཀྱིས་འཚོ་བ་དང་སྒྲིག་འཛུགས་ལ་འགན་འཁུར་དགོས་པ་ནི་དུས་རབས་ཀྱི་ཁ་ཕྱོགས་དང་མ་ནོར་བ་ཞིག་དགོས་པ་ནས་དུས་རབས་ཉི་ཤུ་རྩ་གཅིག་འདི་འཆམ་མཐུན་དང་ཞི་བདེ་མཉམ་གནས་ཀྱིས་འཛམ་གླིང་ཞིག་བཟོ་དགོས་པའི་འགན་དེ་འཛམ་གླིང་འདིའི་སྟེང་འཚོ་བཞིན་པའི་ང་ཚོ་མི་ཚང་མ་ལ་ལས་འགན་ཡོད་པ་ནས་རང་རེ་བཙན་བྱོལ་བོད་མི་ཚོ་སྤྱི་ཚོགས་དྲ་རྒྱ་ལ་འགན་འཁུར་ནས་ཕྱོགས་གཏོགས་ཆབ་སྲིད་ལ་དུས་ནམ་ཡང་ཁ་ཕྱོགས་མི་ཉན་པ་དང་། དྲ་རྒྱའི་དུས་རབས་ནང་མི་ཚང་མས་དྲ་རྒྱ་བཀོལ་སྤྱོད་བྱེད་ཆོག་པའི་གཞི་རིམ་གྱི་ཐོབ་ཐང་ཡོད་པ་ནས་ཡ་རབས་བཟང་སྤྱོད་དང་ཁ་མ་བྲལ་བའི་ཐོག་ནས་དྲ་རྒྱ་བེད་སྤྱོད་གཏོང་དགོས་པ་ལས་དྲ་རྒྱའི་སྟེང་ཕྱོགས་གཏོགས་ཆབ་སྲིད་ལ་འགན་འཁུར་ནས་བཙན་བྱོལ་བོད་མིའི་ཆིག་སྒྲིལ་ལ་གནོད་གཞིའི་ཟུར་ཟའི་ཚིག་དུས་ནམ་ཡང་བཀོད་མི་ཉན་པ་ནི་ཉེ་ལམ་འདི་ག་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་ཐོག་༧ གོང་ས་༧ སྐྱབས་མགོན་ཆེན་པོས་གསུང་འཕྲིན་ཕེབས་པའི་ནང་འདི་ལྟར། ༼ ༄༄ ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཚུགས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་བསྲུང་བརྩི་བྱེད་བཞིན་ཡོད་པར་གཞིས་མི་ཡོངས་དང་ཕྱི་ནང་གི་སྐུ་མགྲོན་བཅས་པར་མཛའ་བརྩེའི་འཚམས་འདྲི་ཡོད། རང་ཅག་བཙན་བྱོལ་དུ་འབྱོར་རྗེས་གཞིས་ཆགས་ཟུར་འཛུགས་དགོས་པའི་དམིགས་དོན་ནི། མི་འབོར་ཆེ་ཞིང་ས་རྒྱ་ཆེ་བའི་རྒྱ་གར་གྱི་ཡུལ་གྲུ་ཁག་ནང་རིམ་གྱིས་སིམ་སྟེ་ཁ་འཐོར་དུ་མི་འགྲོ་བ་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས་བཅས་པ་མི་ཉམས་རྒྱུན་འཛིན། ངེས་བརྟན་མེད་པའི་འཚོ་བའི་དཀའ་ངལ་སེལ་ཐབས་བཅས་ཀྱི་ཆེད་དུ་ཡིན་པ་ལྟར་ཕྱོགས་ཚང་མ་ནས་ངལ་ཁུར་དང་ལེན་ཕྱར་གྲུ་མཉམ་འདེགས་བྱས་པའི་འབྲས་བུ་རང་རེའི་མིག་གི་སྤྱོད་ཡུལ་དུ་གྱུར་པ་འདི་ཡིན།…

དེ་ལས་མང་བ་། “སྤྱི་ཚོགས་དྲ་རྒྱ་དེ་ཕྱོགས་གཏོགས་ཆབ་སྲིད་ལ་དུས་ནམ་ཡང་ཁ་ཕྱོགས་མི་ཉན་ནོ།” »

བསམ་ཚུལ།

Posts pagination

Previous 1 … 4 5 6 … 908 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme