སྐྱོ་བྲག་དགའ་དབང་།
གྲོགས་པོ་ཚོ་དགོངས་སམ། ང་ཚོའི་སྤྱོད་ཡུལ་དུ་གྱུར་པའི་དངོས་པོ་གང་ཞིག་ཡིན་ནའང་། རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པ་ལས་བྱུང་བ་མ་གཏོགས་རྒྱུ་མེད་རྐྱེན་མེད་དུ་བྱུང་བ་ཞིག་ནི་མི་སྲིད་པ་ཡིན། རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པ་ནི་ལས་སླ་བོ་ཞིག་མིན་ཏེ། ང་ཚོའི་སློབ་སྦྱོང་ལ་བསམ་ནའང་། ལོ་ན་གཞོན་པ་ཡིན་ཐོག །སྦྱང་བྱའི་རིག་གནས་ཡོད་དགོས་ལ། སློབ་མཁན་གྱི་དགེ་རྒན་ཡོད་དགོས།

