རེབ་ཐོག་མདའ།
སྔོ་བསང་ནམ་མཁའི་དྭངས་གཙང་བཞིན་ལ་ལྷོ་ཡི་སྤྲིན་པ་མགྲོན་དུ་སླེབས།།
ཉི་མའི་འོད་ཐིགས་ས་གཞིར་འཕྲོས་པས་ས་ཆེན་གོ་ལ་རྔུལ་ཆུས་བརླན།།
ཚ་སྨུག་ཀློང་གི་རི་དང་གཙང་པོ་ངལ་དུབ་ཀློང་ན་འགུལ་ཞིང་སྐྱོམ།།
གློ་བུར་ལྡིང་བའི་སྨིག་སྤྲིན་མཐུག་པོས་སུན་པའི་མགོ་བོ་དལ་གྱིས་དུད།།
དེ་ལས་མང་བ་། “སྔོ་བསང་ནམ་མཁའི་དྭངས་གཙང་བཞིན་ལ་ལྷོ་ཡི་སྤྲིན་པ་མགྲོན་དུ་སླེབས།།” »

