ཨ།
ཀྱེ་མ་ས་ཐོག་འདི་ནའི།།
ལ་ལ་དྲང་མོ་མདའ་དང་།།
ཁ་ཅིག་སྒུར་པོ་གཞུ་ཡི།།
ངང་ཚུལ་ཉིད་ལ་ལྟོས་ད།།
ཨ།
ཀྱེ་མ་ས་ཐོག་འདི་ནའི།།
ལ་ལ་དྲང་མོ་མདའ་དང་།།
ཁ་ཅིག་སྒུར་པོ་གཞུ་ཡི།།
ངང་ཚུལ་ཉིད་ལ་ལྟོས་ད།།
སྣ་ཚོགས་རང་གྲོལ།
ཚེ་རིང་འོད་ཟེར་གྱིས་བརྩམས། ཙ་ཡུས་ཕུན་ཚོགས་ཀྱིས་བསྒྱུར།
ཝེ་པོའོ་དང་སྐད་འཕྲིན་སོགས་ཀྱི་
ལོག་སྨྲ་ཚར་གཅོད།
༧གོང་ས་རྒྱལ་དབང་རང་ཉིད་ཀྱིས་གཉིས་སྨན་དབུ་མའི་ལམ་ནས་རང་བཙན་གྱི་ལྟ་བ་བོར་ཏེ་བོད་འདི་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་ཆོལ་གསུམ་གཅིག་གྱུར་གྱིས་ཚད་མཐོའི་རང་སྐྱོང་མིང་དོན་མཚུངས་པ་ཞིག་ཡོང་རེའི་དགོས་འདུན་བཏོན་པ་དང་གཅིག
དེ་ལ་རྒྱལ་སྤྱི་རྒྱལ་ནང་གཉིས་ཀར་བསམ་བློ་བ་དང་ཆབ་སྲིད་པ་མང་པོས་རྒྱབ་སྐྱོར་གྱིས་བོད་དོན་ཐད་༧གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་དབར་གྲོས་མོལ་གང་མགྱོགས་བྱེད་དགོས་ཅེས་རྒྱ་ནག་གི་མགོ་ཁྲིད་ཚོར་གནོན་ཤུགས་སྤྲོད་བཞིན་པ་དང་གཉིས།
དེ་ལས་མང་བ་། “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུའི་ཆ་རྐྱེན་ཚང་འདུག” »
ཨོ་རྒྱན་ཉི་མ།
—–༧རྒྱལ་བའི་དབང་པོ་ཀརྨ་པའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
ཨོཾ་སྭཱ་སྟི།
ཚོགས་གཉིས་རྒྱ་མཚོ་བསགས་པ་མཐར་ཕྱིན་ཏེ།།
སྐུ་བཞིའི་དེ་ཉིད་རྒྱལ་སར་དབུགས་འབྱིན་ཅིང་།།
འགྲོ་ཁམས་རྒྱ་མཚོར་འཇུག་པའི་དཔལ་མངའ་བའི།།
མཉམ་མེད་དོན་ཀུན་གྲུབ་པས་དགེ་ལེགས་སྩོལ།།
མཁོ་སྤྲོད་པ། འབར་ཞུན།
འབར་ཞུན་མུ་འབྲེལ་འཕྲུལ་དེབ་ནི་བོད་མི་རིགས་ཀྱི་སྐད་ཡིག་རིག་གནས་ལ་དུང་ཞེན་ཟབ་ཅིང་སེམས་ཁུར་བརྟས་པའི་སྤྱིར་བཏང་གི་གྲྭ་རྐྱང་དཀྱུས་མ་ཞིག་གིས་རང་གི་སློབ་གཉེར་གྱི་བགྱི་བའི་ཞར་དང་ཞོར་ལ་སྒྲུབ་ཀྱིན་པའི་འཕྲུལ་དེབ་ཚན་པ་ཞིག་གི་མིང་ཡིན་ལ། འཕྲུལ་དེབ་འདི་ནི་བོད་ཀྱི་ནང་བའི་གཞུང་ལུགས་དང་བརྡ་སྤྲོད་རིག་པས་མཚོན་པའི་གནའ་དེང་གི་བརྩམས་ཆོས་སྣ་ཚོགས་དང་།
བསོད་ནམས་ཟླ་བ།
དེང་གློག་ཀླད་དང་ལག་ཐོགས་ཁ་པར་ ipadསོགས་གློག་ཆས་ཅི་རིགས་སྤྱོད་བཞིན་ཡོད་ཀྱང་གཅིག་གྱུར་གྱི་འདོད་བློ་མི་ཁེངས་པ་ཞིག་ནི་གློག་རྫས་ Battery ཀྱི་ནུས་པས་དུས་ཡུན་རིང་པོར་མི་འདང་བ་དང་ཡང་ཡང་གློག་སྐུད་མཐུད་དགོས་པའི་སུན་སྣང་སྐྱེ་གཞི་དེ་ཡིན། ཉེ་སྔོན་ཚན་རྩལ་གྱི་གསར་འགྱུར་ཞིག་གི་ནང་། ཨ་རིའི་གཙུག་ལག་སློབ་གྲྭའི་(University of Illinois)ཚན་རིག་ཚོད་ལྟ་ཁང་ནས་གློག་རྫས་གསར་པ་ super-battery ཞེས་པ་སྤྱིར་བཏང་གི་གློག་རྫས་ལས་ལྡབ་ཆིག་སྟོང་གི་ནུས་ཤུགས་ཆེ་བ་ཞིག་གསར་གཏོད་ཐུབ་པའི་གསར་འགྱུར་ཞིག་མཐོང་བྱུང་།
རྩོམ་པ་པོ། མགར་རྩེ་འཇིགས་མེད།
༄༅།། བོད་ཀྱི་རྩོམ་རིག་དང་པེ་ཅིན་སྲིད་གཞུང༌།
བོད་ཀྱི་རྩོམ་རིག་གླེང་དུས་ངའི་ཡིད་ལ་དུས་རྒྱུན་པེ་ཅིན་སྲིད་གཞུང་དྲན་ཡོང༌། རྒྱུ་མཚན་ནི། པེ་ཅིན་སྲིད་གཞུང་གིས་མི་ལོ་དྲུག་ཅུའི་དུས་ཡུན་ཁྲོད་དུ་བོད་ཀྱི་རྩོམ་རིག་དང་བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་ཁེ་དབང་གི་མདུན་ལམ་ལ་གཉའ་གནོན་དང་བརྙས་བཅོས་བྱས་ཏེ་ཡོང་བས་བོད་ཀྱི་རྩོམ་རིག་ཁྲོད་དུ་བོད་རང་གི་འཚོ་བ་དངོས་དང་བདེ་སྡུག་ངོ་མ་ལྟ་གྲུབ་ངོ་མ་མཚོན་པའི་བརྩམས་ཆོས་ཤིན་ཏུ་ཉུང༌། རྒྱུ་མཚན་འདིའི་དབང་གིས་ཀུན་གཟིགས་བཅུ་བས་བོད་ལ་ད་ལྟའི་བར་དུ་བོད་རང་གི་འཚོ་བ་དངོས་མཚོན་པའི་སྒྲུང་རིང་མེད།
དེ་ལས་མང་བ་། “༼བཙན་པོའི་སྙིང་སྟོབས་༽ལས། བོད་ཀྱི་རྩོམ་རིག་དང་པེ་ཅིན་སྲིད་གཞུང་།” »
རྔ་བ་རྒྱལ་ཁམས་པ།
དེ་ནས་ཕྱིར་སྒུག་ཤག་ཏུ་ཡོང་སྟེ་རྐུབ་སྟེགས་སྒང་སྡོད་མུར། ད་གའི་ཛ་དྲག་ཉེན་སྐྱོབ་འགན་འཛིན་བུད་མེད་དེ་སླེབས་ནས། ང་ཚོས་ནུས་ཤུགས་རྩལ་སྤྲུགས་བྱས་རུང་ཕན་ཐོགས་ཀྱི་མི་འདུག ནད་འདི་སྐྲན་ནད་ཅིག་མ་ཡིན་པར་དུག་སྲིན་གྱི་གནོད་པ་ཕོག་པའི་ནད་རིགས་གཞན་ཞིག་ཡིན་པས། ང་ཚོས་ནད་གཞི་འདིའི་རིགས་ལ་དམིགས་བསལ་གྱི་ཤེས་རྟོགས་དང་། ཉམས་མྱོང་། གསོ་རིག་ཚན་འཕྲུལ་གྱི་སྤུས་ཚད་མཐོན་པོ་ཡོད་པའི་བྱིས་པའི་སྨན་ཁང་།
དེ་ལས་མང་བ་། “༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་བཅུ་བ།” »
གྲིབ་གཟུགས།
ཟོས་ཀྱང་ཆོག་ལ་གཡུག་ཀྱང་ཆོག་པའི
བླངས་ཀྱང་འགྲིག་ལ་བོར་ནའང་རུང་
གོང་ཆེན་མིན་པའི་ཁ་ཟས་དཀྱུས་མ།།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱ
བོད་ལ་ཞེན།
ཁ་སང་དེ་རིང་བོད་ཀྱི་ས་ཁུལ་ཁ་ཤས་ནང་༧གོང་ས་མཆོག་གི་སྐུ་པར་བཤམས་ཆོག་པ་དང་ཆོས་ཕྱོགས་ནས་རྗེས་སུ་འབྲང་ཆོག་པའི་གནས་ཚུལ་ཞིག་ཐོན་བཞིན་འདུག དེ་བདེན་པ་ཡིན་ཚེ་གནས་ཚུལ་བཟང་པོ་ཞིག་ཡིན་མོད། འོན་ཀྱང་ཨ་ཞང་ཚང་ནི་དོན་མེད་དང་རྒྱུ་མཚན་མེད་པར་སྲིད་ཇུས་ལྷོད་དུ་གཏོང་མི་སྲིད། འོ་ན་རྒྱུ་མཚན་གང་ཡིན་ཟེར་ན་དེ་ལ་དོགས་པ་བྱེད་ཆོག་པ་འགའ་ཞིག་ཡོད།
སོག་མདའ།
རི་རབ་གཙང་པོ་ཡི་ཕ་རོལ་དེ་ན།།
མཐའ་མེད་སྤང་ཐང་གི་འཇིག་རྟེན་ངོགས་ན།།
རྟ་ཕོའི་གོམ་ལག་ལྷན་ལང་ཚོ་རྒས་པའི།།
བྱམས་ཆེན་ཕ་ལོ་ལགས་སྙིང་ནས་དྲན་བྱུང་།།
ནམ་མཁའ།
རང་གི་རིགས་ལ་དཀར་བའི་སྒྱོགས་ཆེན་འདི།།
གཡོ་ཅན་སྤྲུལ་རྫུན་རིགས་ལ་ཕོག་པའི་ཚེ།།
ཁོང་ཁྲོའི་ལྡོག་ཟླ་བཟོད་གསོལ་མེད་མོད་ཀྱང་།།
སོར་མོ་བྲང་འཇོག་རེ་བ་ཅུང་ཟད་མཆིས།།
སྤྱིར་ནང་པ་སངས་རྒྱས་བའི་ཆོས་ལུགས་ལ་ཆོས་སྐུ་དང་། ལོངས་སྐུ་། སྤྲུལ་སྐུ་སོགས་སྐུ་གསུམ་བཤད་ཡོད། དེ་དག་གི་ནང་ཚན་གྱི་སྤྲུལ་སྐུ་ཞེས་བ་ལ་ནང་པའི་གཞུང་ལུགས་ལྟར་ན།
དེ་ལས་མང་བ་། “སྤྲུལ་སྐུའི་ལམ་ལུགས་ལ་བསྒྱུར་བཅོས་གཏོང་རན་འདུག” »
སྐྱོ་བྲག་དགའ་དབང་།
ཁོ་བོའི་སྤུན་མཆེད་འདན་ཕྲུག་ཟླ་བས་བོད་པ་སྐྱབས་བཅོལ་པ་སྐྱོ་བོའི་གནས་བབ་ཀྱི་ཐོག་ནས་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་འོག་ཏུ་ཡོད་པའི་རྒྱ་གར་བའི་ཁང་པ་རྙིང་པ་ཞིག་གླས་ནས་བསྡད་འདུག་པར་ང་རང་ནམ་ཁོམ་ལ་བསྐྱོད་ཀྱིན་ཡོད། ཉིན་ཤས་གོང་ངའི་རྒྱུན་གྱི་སྡོད་གནས་རྒྱུད་སྟོད་དུ་ཉལ་བའི་རྨི་ལམ་དུ་འདན་ཕྲུག་ཟླ་བའི་སྒོར་མོ་བོར་རླག་ཏུ་ཤོར་སྲིད་པ་ཞིག་རྨིས་པའི་རྐྱེན་སེལ་རིམ་གྲོའི་ཆེད་འདན་ཕྲུག་ཟླ་བའི་སར་སོང་སྟེ། ངོ་ཤེས་སྒྲུབ་བླ་ཞིག་གི་ལྷན་གསུར་བསྔོ་དགོང་མོ་འགའ་བཏང་བའི་ཉིན་ཞིག་གི་ང་ཚོའི་གླེང་མོལ་དུ་རི་ལ་སོང་ན་ལེགས་པའི་སྐད་ཆ་བྱུང་བ་བཞིན།

དྲི་བ་འདྲི་མཁན། ཀླུ་སྨྱོན།
དྲིས་ལན་པ། བེ་རི་རིག་པའི་རྡོ་རྗེ།
དྲི་བ། ཁྱེད་ཀྱིས་རང་ཉིད་ཀྱི་ལོ་རྒྱུས་ངོ་སྤྲོད་ཅིག་གནང་རོགས།
ལན། ང་ནི་ཆེས་སྤྱིར་བཏང་གི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་ལ་ངའི་ལོ་རྒྱུས་ཡང་ཆེས་སྤྱིར་བཏང་བ་ཞིག་ཡིན་པས་བཤད་རིན་ཡོད་པ་ཅི་ཡང་མེད། འོན་ཀྱང་ཁྱེད་ཀྱི་དྲི་བར་ལན་ཅིག་མ་བཏབ་ན་མི་འགྲིག་གི ངའི་མིང་ལ་བེ་རི་རིག་པའི་རྡོ་རྗེ་ཟེར་ཞིང་སྐྱེ་ཡུལ་མདོ་སྨད་མགོ་ལོག་ཡིན། ཆུང་དུས་ནས་ཕ་མས་བཀོད་སྒྲིག་ལྟར་དགོན་པར་ཞུགས་ནས་གྲྭ་བ་བྱས། ཕྱི་ལོ་༡༩༩༦ ལོར་རྒྱ་གར་དུ་ཕྱིན་ཅིང་ཕྱི་ལོ་༢༠༠༤ ལོར་ཨ་རིར་སླེབས།
དེ་ལས་མང་བ་། “ནང་བསྟན་རིག་མཛོད་འཕྲུལ་དེབ་སྐོར་དྲི་བ་དྲིས་ལན།” »
འདྲེ་མྱེ།
—-གདོང་དམར་བོད་པའི་རྒྱལ་ཁམས་ལ་བཏབ་པའི་ཆིག་ལབ་རིང་མོ།
སྟོད་ཕྱོགས་ཡུལ་ནས་བསང་ཞིག་བཏང་བས་བོད་སྐྱོང་ལྷ་སྲུང་དགྱེས་རྒུར་རོལ་ཏེ།།
ལྷ་རི་གྱང་ཐོའི་མགུལ་བའི་ཕྲག་ནས་བཙན་པོའི་གཞིས་ཀྱི་མངའ་ཐང་སྲུང་ཞིང་།།
སྟོང་གསུམ་ཞིང་གི་རྨུག་རྗེས་འདི་ཀོ་རྟ་ཕོ་འཚེར་བའི་ངར་ཞགས་ཡིན་པས།།
ཡར་ཀླུང་ངོགས་ཀྱི་གདོང་དམར་བོད་པའི་མངའ་ཐང་ལྷ་ཡི་ཞིང་ལ་འགྲན་ཡོད།།
དགེ་འདུན་རྒྱ་མཚོ།
༼ཚན་པ་གཉིས་པ༽
ངེད་ཚང་གི་སྟོན་ས་ནི་མཚེར་ཆེན་མདོའི་ཆུ་ཁ་ན་ཡོད། ལོ་རྒྱུན་དུ་ངེད་ཚང་གི་སྟོན་རུ་འབབས་ས་འདི་ཡིན། སྐྱ་ཀོར་ཀོར་གྱི་ཉི་མ་དེ་ཡང་རི་རྩ་ལ་ལྷུང་ལ་ཁད་ཡོད་པའི་སྐབས་ལ་རུ་འདབས་ནས་མི་སྐད་དང་ཁྱི་སྐད་འདྲེས་མ་ཞིག་གྲགས་ཡོང་སོང་། ལྷས་ར་ན་ཡོད་པ་དེ་ཨ་མ་ཡིན། མོས་ནོར་རྡང་བར་ན་འབྲི་མོ་རྣམས་བཞོ་བཞིན་ཡོད། བསོད་བྷེ། ཕྱི་ལ་བུད། འདབས་ན་མི་ཞིག་གིས་འབོད་གིན་ཡོད་གི