(http://gzznews.net/Html/TK/FTRQ/5382_2.html)
པ་ར་བབ་བྱུང་དུས།བསྭོ་བསྭོ།ཁྱོད་འདྲ་བ་བརྒྱ་ཤོག ཁྱོད་འདྲ་བ་སྟོང་ཤོག ཞལ་ཟས་ལ་འདོམ་གང་།མར་མེ་ལ་ཁྲུ་གང་།པ་ར་ཁྱོད་སྔ་མ་བྱུང་།ཕྱི་མ་བྱུང་།རེམ་པའི་ཐིག་ཆེན་བཅོ་བརྒྱད་ལ་རྒྱབ་བྱུང་།ཞེས་ཟེར།
པ་རས་སྤོབས་བཟླས་ན་རྒྱལ་ཁམས་ལོ་ཡག
པ་ར་ཕེབས་ཀྱི་དང་པོ་རེད།འུར་རྡོ་མཚོན་གྱི་གཉིས་པ་རེད།ཤོ་ལ་པ་ར་མེད་པ་ཅི་རེད།གོང་ལ་དཔོན་ལུ་མེད་པ་ཅི་རེད།ཤོ་ལ་པ་ར་མེད་པ་ཅི་རེད།ཕོ་ཕྱུག་པོ་ལ་ད་ར་མེད་པ་ཅི་རེད།པ་ར་ལ་སྤེན་པ་བཀྲ་ཤིས་ཟེར།ཉི་མ་ལ་ཟླ་བ་ཚེ་རིང་ཟེར།མགྱ་མགྱ་གྱིས་ཤོག མགྱོགས་མགྱོགས་གྱིས་ཤོག པ་ར་ཡང་ལྟ་གྱིས་ཤོག
བསྟོད་པ་དྲི་མེད་སེམས་ཀྱི་མཆོད་སྤྲིན།
༧འཛམ་གླིང་ཞི་བདེའི་དེད་དཔོན་༧གངས་ཅན་འགྲོ་བའི་མགོན་པོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་༧གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོ་མཆོག་ལ་བསྟོད་པ་དྲི་མེད་སེམས་ཀྱི་མཆོད་སྤྲིན།
ཨོ་རྒྱན་ཉི་མ།
མཚན་དཔེའི་ལང་ཚོ་འབུམ་གྱིས་རབ་མཛེས་མཐོང་ན་མི་མཐུན་མེད་པའི་སྐུ།།
གསུང་དབྱངས་ཡན་ལག་དྲུག་ཅུའི་སྒྲ་དབྱངས་སྐལ་ལྡན་སྐྱེ་བོའི་རྣ་བར་འཇེབས།།
དུས་གསུམ་སྒྲིབ་མེད་མཁྱེན་པའི་སྟོབས་བཅུས་གདུལ་བྱའི་རྒྱུད་ཚོད་སྣ་ཚོཊ་གཟིཊ།།
ས་གསུམ་འདི་ན་མཚུངས་ཟླ་བྲལ་བ་དོན་ཀུན་གྲུབ་པས་དགེ་ལེགས་སྩོལ།།
བསྐྱར་གསོན་གྱི་ང་།
རྡོ་མེ་འབུད།
མུ་ཏིག་གི་ཕྲེང་སྐོར་ཞིག
ག་ལེར་འཐོར་སོང་བའི་ཤུལ་ན།
ཆུ་མིག་ཅིག་ལྷོག་ལྷོག་ངང་གདུ།
དེ་ནི་སུ་ཞིག་གི་ཟུངས་ཁྲག་དང་འབྲེལ་ཡོད་ངེས།
སྲོད་ཁ་ཞིག་སྟེ།
སྐར་མ་ཡང་ཤར་མེད་པའི་སྔ་རོལ་དེར།
ངོ་ཚ་དགོས་པའི་ཤེས་ཡོན་སྲིད་ཇུས།
བོད་ལ་ཞེན།
ད་ནས་བཟུང་རྒྱ་ནག་གཞུང་ལ་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་གི་འདུག་ཟེར་བ་དང་། སློབ་ཚན་རྒྱ་ཡིག་ཐོག་ཁྲིད་ཀྱི་འདུག་ཟེར་བའི་སྐྱོན་བརྗོད་བྱེད་དབང་བོད་མིའི་སྒྲིག་འཛུགས་ལ་མེད། བོད་མིའི་སྒྲིག་འཛུགས་རང་ཉིད་ཀྱིས་སློབ་ཚན་དབྱིན་ཡིག་ཐོག་ཁྲིད་དགོས་པའི་ཤེས་ཡོན་སྲིད་ཇུས་བཟུང་བཞིན་དུ་གཞན་ལ་བོད་ཡིག་ཐོག་ཁྲིད་དགོས་པའི་བསམ་ཚུལ་བཤད་པ་ནི་རྒྱུ་མཚན་མེད་པའི་སྐད་ཆ་རང་རེད། དགེ་རྒན་ལ་བོད་ཡིག་གི་ཤེས་ཚད་ཡག་པོ་མེད་ན་དེ་ཡག་པོ་ཡོང་ཐབས་འཚོལ་ནས་དགེ་རྒན་ཤེས་ཚད་ཡོད་པ་གསོ་སྐྱོང་དགོས་པ་ལས་བོད་ཡིག་ཁྲིད་མི་དགོས་པ་བཟོ་ན་ག་ལ་འགྲིག
ཕྱི་ལོ་༢༠༡༥ ལོར་༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་གྱ་སྟོན་མཛད་སྒོ་རྒྱས་པ་ཞིག་ཚོགས་རྒྱུའི་ལས་རིམ།
སྔོན་གླེང་། ངེད་ཅག་མདོ་སྨད་ཡུལ་དུ་རང་གི་རྩ་བའི་བླ་མ་དང་ཕ་མ་དགུང་ལོ་བརྒྱད་ཅུར་ཕེབས་པར་དགའ་སྟོན་དང་། སྐུ་ཚེ་ཡུན་རིང་གནས་པར་བཀྲ་ཤིས་སྨོན་འདུན་ཞུ་སྲོལ་བཟང་པོ་ཞིག་ཡོད་པ་ལྟར། ༸རྒྱལ་ཀུན་སྙིང་རྗེའི་རང་གཟུགས་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་པའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལོ་༡༩༣༥ ལོར་མདོ་སྨད་ས་ཡི་ཐིག་ལེར་སྐུ་གཏམས་ནས་ཕྱི་ལོ་༢༠༡༥ ལོར་དགུང་ལོ་བརྒྱད་ཅུ་བཞེས་པའི་༸སྐུའི་འཁྲུངས་སྐར་གྱི་ཉིན་མོའི་དབུས་སྔ་ཕྱིའི་ཉིན་གསུམ་རིང་༸སྐུའི་གྱ་སྟོན་མཛད་སྒོ་རྒྱས་པ་ཞིག་ཚོགས་རྒྱུ་འདི་ནི། རྒྱས་པ་སྦྲེལ་ཐག་འདིར་གནོན་རྡེབ་ཀྱིས་གཟིགས་གནང་རོགས།
ཚེ་རབས་གཏན་གྱི་བླ་མ། ༼སྐུའི་འཁྲུངས་སྐར་ལ་ཕུལ༽
ཨ་རིའི་གཞུང་ཚབ་བོད་ལ་ཕེབས་པའི་པར་རིས་འགའ་འདི་ན་འདུག
པར་རིས་རྣམས་གཤམ་གསལ་འབྲེལ་ཐག་ན་ཡོད་ལགས། http://www.flickr.com/photos/usembassybeijing/sets/72157634433856293/
སེམས་ཀྱི་ཆོ་ངེ་འདོན་པའི་ཕྱི་ཚུལ།
ཚུལ་ཁྲིམས་ཟླ་བ།
སྐར་ཚོགས་དགུ་ཚིགས་བཀྲ་བའི་གནམ་འོག་ན།།
མུན་པས་ས་ཆེན་གཡོག་པའི་དཀྱིལ་མ་ན།།
སྒྱུ་རྩལ་གནམ་ལ་ངོམ་པའི་སྟང་སྟབས་འདི།།
དམར་ཆུང་སྙིང་རྩ་འཕར་བའི་ཡོ་ལང་རེད།།
བོན་གཞིས་སུ་བོན་བུ་ཁྱིམ་ཁང་དབུ་བརྙེས་ནས་མི་ལོ་༢༥ འཁོར་བའི་དུས་དྲན་མཛད་སྒོ་ཚོགས་པ།
གནས་ཚུལ་མཁོ་སྤྲོད་པ། ཁྱུངཿསྨོན་ལམ།
ཕྱི་ལོ་༢༠༡༣ ཟླ་༧ ཚེས་༡ ཉིན་ཏེ་བོད་ཆུ་སྦྲུལ་ལོའི་ཧོར་ཟླ་༥ ཚེས་༢༤ ཉིན་འཕགས་ཡུལ་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་ཁོངས་སུ་གནས་ཆགས་པའི་བོན་གཞིས་ཐོབ་རྒྱལ་གསར་པ་རུ་བོན་བུ་ཁྱིམ་ཁང་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོ་འཚོགས་ཡོད་པ་རེད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༩།༠༠ ཐོག་བོན་བུ་ཁྱིམ་ཁང་གི་རྩེད་ཐང་དུ་༸དཔལ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་།
དེ་ལས་མང་བ་། “བོན་གཞིས་སུ་བོན་བུ་ཁྱིམ་ཁང་དབུ་བརྙེས་ནས་མི་ལོ་༢༥ འཁོར་བའི་དུས་དྲན་མཛད་སྒོ་ཚོགས་པ།” »
དགེ་རྒན་གྱི་སློབ་གསོ། ༼མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་བཤད།༽
མཁོ་སྤྲོད་པ་དང་ཡིག་ཕབ་པ། ཤིང་རྟ།
རིག་གནས་ཀྱི་རིན་ཐང་དང་ནུས་པ།
གལ་ཏེ་རིག་གནས་འདི་མེད་སོང་བ་ཡིན་ན། ཅི་འདྲ་རེད་ཟེར་བ་ཡིན་ན་མི་ཐམས་ཅད་པོ་ད་ལྟའི་མི་རིག་པ་པ་རྣམས་ཀྱིས་དེ་ཟེར་གྱི་ཡོད་རེད། མི་རྣམས་ཐོག་མའི་དུས་སུ་གཅན་གཟན་གྱི་གཤིས་ཀ་ཟེར་དགོས་ནའང་འདྲ། དུད་འགྲོའི་གཤིས་ཀ་ཧ་ཅང་ཆེན་པོ་ཡོད་ས་དེ་འདྲ་ཞིག་རེད། ཇི་ལྟར་རེད་ཟེར་ན། སྐྱེ་དངོས་འཕེལ་འགྱུར་གྱི་རིག་པའི་ཐོག་ནས་བཤད་པ་ཡིན་ན། མི་རྣམས་ཐོག་མའི་གནས་སྐབས་ན་དུད་འགྲོའི་རིགས་འདྲ་བོ་དང་གཅན་གཟན་གྱི་རིགས་འདྲ་བོ་དེ་འདྲའི་འཚོ་བ་བསྐྱལ་ནས་
དེ་ལས་མང་བ་། “དགེ་རྒན་གྱི་སློབ་གསོ། ༼མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་བཤད།༽” »
ལ་ཁའི་ཆིག་ལབ། ༼སྒྲུང་གཏམ༽
དགེ་འདུན་རྒྱ་མཚོ།
༼ཚན་པ་བཞི་པ།༽
གཡག་རྒན་དེའི་ཐོག་ནས་མར་འབབ་དུ་བཅུག་ནས་ཁོའི་ཨོང་ཤ་ལ་བལྟས་པ་ན་ངོ་མ་སོ་བརྒྱབ་ཡོད་པ་མ་ཟད་རྨ་ཡང་བཟོས་འདུག མཆེ་བ་གཉིས་ཟུག་པའི་གཅིག་ནི་སྡེར་མོས་བྲད་པ་ལྟར་དམར་ཤུར་རེ་བཏོད་འདུག་ལ། རྐང་མནབ་རྙིང་བ་མདོག་སྔོན་པོ་ཅན་ཞིག་གྱོན་པའི་འདོམས་ཡང་བཀོག་ནས་རལ་བཞག་ཡོད་པས་ལྟ་སྲོལ་མེད། ངོ་མ་དགོད་བྲོ་བ་ཞིག་ལ་སྙིང་ཡང་འཕར་བ་ཞིག་རེད། འདི་ཨ་མ་ལ་ཅི་ལྟར་བཤད། ངོ་མ་བྱ་གཙོག་གི་ཡ།
ད་ལྟ་ཡང་ད་དུང་།
འཁྱམས་པོ།
དགའ་སྐྱོའི་ན་བུན་འཁྲིགས་པའི་ལ་ཁ་ན།།
བདེ་སྡུག་རླུང་གིས་སྤུར་པས་དར་ལྕོག་ལ།།
ལོ་རྒྱུས་གླེགས་བམ་རུམ་པའི་གཡག་མགོ་ཞིག །
མེས་པོའི་དཔུང་ཤེད་གླེང་བཞིན་བརྟན་པོར་འགྲེང་།།
སྣང་སྲིད་གླུ་རུ་བཀུག་པའི་སྙན་ངག
བཀྲ་ཤིས་དོན་འགྲུབ།
རྣ་བ་ཕར་ལ་མ་གཏད་ཀྱང་།།
འུར་སྒྲ་ཚུར་ལ་འཁོར་བ་འདི།།
འཇིག་རྟེན་རླུང་གིས་གཡོ་ས་ནས།།
ལྷིང་འཇགས་ཟད་པའི་སུན་སྣང་ཡིན།།
སྲིད་སྐྱོང་གིས་རྩ་དོན་གྱི་ལས་འགན་དང་མང་གཙོའི་ཐོབ་ཐང་གཉིས་ཐད་གཏམ་བཤད་གནང་བ།
འདྲེན་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ། ཕྱི་ལོ་༢༠༡༣ ཟླ་༦ ཚེས་༢༨ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཚོགས་ཁང་དུ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ལྷན་ཚོགས་ཐེངས་དང་པོའི་ཐོག་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ངས་གནད་དོན་གསུམ་གྱི་སྐོར་ལ་ཞུས་ན་བསམ་བྱུང་། བོད་པའི་རྩ་དོན་དང་འབྲེལ་བའི་ཐོག་ནས་བཤད་ན། ཁྲིམས་ལུགས་སློབ་སྦྱོང་བྱེད་རྒྱུ་གནད་འགག་ཆེན་པོ་ཆགས་ཡོད། གནས་ཚུལ་ཞིབ་འཕྲོས་འདི་ནས་གཟིགས་ http://bod.asia/2013/07/སྲིད་སྐྱོང་མཆོག་གིས་རྩ/
རྒྱ་ནག་གིས་ལྐོག་གྱུར་ཆབ་སྲིད་ཀྱི་གཞི་རྩ་ཅི་ཞིག་འདིང་གི་ཡོད་དམ།
འཆི་བདག་སྐྱབས།
དེང་གི་ཆར་དྲ་ལམ་ཁག་གི་ནང་གནས་ཚུལ་ཐོན་དང་འཐོན་བཞིན་པ་ལྟར་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་རྣམ་པ་ཅུང་ཟད་འགྱུར་འགྲོ་བ་མིན་ནམ་སྙམ། དེ་ཡང་རྒྱུ་མཚན་ནི། གཅིག་ནས་བོད་ནང་གི་ཆབ་སྲིད་བཙོན་པ་འགའ་དུས་བཀག་མ་ཟིན་པར་གློད་གྲོལ་བཏང་བ་དང་། གཉིས་ནས་ཉེ་ཆར་རྒྱ་ནག་གི་དབུ་ཁྲིད་འགས་ཕྱི་རྒྱལ་ཁག་ལ་ཡོད་པའི་བོད་མི་འགར་སླར་བོད་ལ་ཕེབས་ན་བོད་ཀྱི་སྒོ་མོ་རྒྱབ་མེད་ཚུལ།
དེ་ལས་མང་བ་། “རྒྱ་ནག་གིས་ལྐོག་གྱུར་ཆབ་སྲིད་ཀྱི་གཞི་རྩ་ཅི་ཞིག་འདིང་གི་ཡོད་དམ།” »
སྒྱུ་མའི་ཁྲོད་དུ་འཚོ་ཞིང་སྙེག་པའི་མི་ཚེ།
ཁ་བའི་འབྲོག་མོ།
ཉི་ཟླའི་སོ་མཚམས་དུས་ཀྱི་གོམ་བགྲོད།།
ལང་ཚོའི་འགྱུར་ལྡོག་མིག་གི་རྣམ་པ།།
ལུས་པོ་ཉམས་རྒུད་སྒྱུ་མའི་ཆོ་འཕྲུལ།།
རི་མོའི་རྣམ་པས་རང་བཞིན་བཀོད་པ།།
ང་ཚོའི་ཞེན་པ།
ཟླ་ཀླུང་།
ཞེན་པས་གང་ཟག་ཚང་མ་དབང་སྒྱུར་བྱེད་ཀྱི་ཡོད་པས་ན་ང་ཚོ་ཡང་ལོས་ཡིན། ཆོས་སྲིད་རིག་གཞུང་གི་ཚོགས་འདུ་མང་པོ་ཞིག་ཏུ་ང་ཁྱོད་ཀྱི་རྩོད་གླེང་སྔར་བློ་ཡི་ཡུལ་ན་འཁོར་མྱོང་མེད་པ་བྱེད་དགོས་ཐུག་གིན་ཡོད་པའི་སྟབས་ཀྱིས་ངའི་ཆོས་རྒྱུད་ཀྱི་ཞེན་པ་ཡང་སྔར་ལས་ཤུགས་ཆེ་རུ་སོང་བ་ལས་ཆུང་དུ་སོང་མེད། ཡིན་ནའང་། ང་ཚོ་སྤྱི་ཚོགས་ཀྱི་ནང་དུ་འཚོ་གནས་བྱ་བ་ལས་ཐབས་གཞན་མེད་པ་དེས། ཞེན་པ་རྐྱང་པའི་རྟོག་འཆར་དང་། སྤྱི་ཚོགས་སྟབས་སྟུན་གྱིས་སྡོད་དགོས་ཐུག་པ་ཁྱོན་ནས་མི་འདྲ་བ་དང་།
ཡོང་སྒོ་འབོར་ཆེན་ཅན་གྱི་བོད་ཀྱི་ཐེབས་རྩ།
ལྷ་གསོན་པོ།
ཟླ་འདིའི་ཚེས་༩ ཉིན་བོད་གནས་བསྐྱར་ཞིབ་ཀྱིས་བོད་ཀྱི་ཐེབས་རྩའི་འགན་འཛིན་གསར་པ་བསྐོ་བཞག་བྱས་པའི་གནས་ཚུལ་སྤེལ་འདུག ༼གནས་ཚུལ་ཡོང་ཁུངས་སྦྲེལ་ཐག༽
གནས་ཚུལ་དེར་བཀོད་པ་ལྟར་ན། བོད་ཀྱི་ཐེབས་རྩས་ཟླ་བ་འདིའི་ཚེས་༧ ཉིན་གསལ་བསྒྲགས་ཤིག་སྤེལ་ཏེ་འགན་འཛིན་(Executive Director)གསར་པ་ད་ལྟའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ལོ་འདིའི་ཟླ་བ་དགུ་པའི་ཚེས་གཅིག་ནས་འགན་འཁུར་བྱེད་པའི་བསྐོ་གཞག་ཟིན་པ་དེ་བསྒྲགས་ཡོད།
དཔྱད་ཡིག་ཐོར་བུ། ༼འབྲོམ་སྟོན་གྱིས་ས་ཡི་ས་ག་ལ་བོད་ཀྱི་ས་བཅད་སྐོར་དྲི་ལན་དུ་མཛད་པ།༽
འདྲེན་ཁུངས། བོད་ལྗོངས་ཞིབ་འཇུག
བདེ་ལེགས་སུ་གྱུར་ཅིག
མཐོ་ལྡིང་གསེར་གྱི་ལྷ་ཁང་དུ།། རྒྱལ་བོ་ས་ཡི་ས་ག་ཡིས།། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ།། བོད་ཀྱི་གནས་ཚུལ་འདི་ཞུས་སོ།། བོད་ཀྱི་སྐྱབས་གནས་ས་ཡི་བདག ། ཐོགས་མེད་ལྡན་པའི་བློ་གྲོས་ཅན།། འབྲོམ་རྗེ་དམ་པ་ཚུར་གསོན་དང་།། རྒྱལ་བོ་ས་ཡི་ས་ག་ང་།། རྒྱ་གར་རི་ཐང་ཡངས་པོ་ནས།། བོད་ཡུལ་རི་སུལ་ཆེན་པོ་འདིར།། ཨ་ཏི་ཤ་ཡི་རྗེས་འབྲངས་ནས།། བདག་གི་ཡུལ་ལ་མཁས་ན་ཡང་།། རྒྱུས་མེད་ཡུལ་འདིར་མགོ་བོ་འཐོམས།།
དེ་ལས་མང་བ་། “དཔྱད་ཡིག་ཐོར་བུ། ༼འབྲོམ་སྟོན་གྱིས་ས་ཡི་ས་ག་ལ་བོད་ཀྱི་ས་བཅད་སྐོར་དྲི་ལན་དུ་མཛད་པ།༽” »
༼བཙན་པོའི་སྙིང་སྟོབས་༽ལས། བོད་ཀྱི་སློབ་གསོ་དང་པེ་ཅིན་སྲིད་གཞུང༌།
རྩོམ་པ་པོ། མགར་རྩེ་འཇིགས་མེད།
༄༅།། བོད་ཀྱི་སློབ་གསོ་དང་པེ་ཅིན་སྲིད་གཞུང༌།
༡ པེ་ཅིན་སྲིད་གཞུང་གིས་དུས་རྒྱུན་བོད་ཀྱི་སློབ་གསོ་གོང་འཕེལ་དུ་གཏོང་དགོས་ཞེས་ཁ་ནས་བཤད་ཀྱི་ཡོད་ཀྱང༌། དོན་ཀྱིས་བོད་ཀྱི་སློབ་གསོར་གོང་འཕེལ་ལ་ནུས་ཤུགས་ཅི་ཡང་འདོན་གྱི་མེད་པ་ནི། བོད་མི་རིགས་པེ་ཅིན་སྲིད་གཞུང་འོག་ཏུ་སོང་ནས་མི་ལོ་དྲུག་ཅུ་ལྷག་འདས་མོད། བོད་མི་ཚན་རིག་ལག་རྩལ་པ་རྩེར་སོན་གཅིག་ཀྱང་གསོ་སྐྱོང་བྱས་མེད་པ་འདིས་བདེན་དཔང་གསལ་ཐག་ཆོད་པ་ཞིག་བྱས་ཡོད།
དེ་ལས་མང་བ་། “༼བཙན་པོའི་སྙིང་སྟོབས་༽ལས། བོད་ཀྱི་སློབ་གསོ་དང་པེ་ཅིན་སྲིད་གཞུང༌།” »