Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་གསུམ་འཛིན་མའི་སྤྱན།

Posted on 2013-07-052013-07-05 By ཁ་བརྡ་ 1 Comment on ས་གསུམ་འཛིན་མའི་སྤྱན།

འབའ་སྲས།

གཡོ་བའི་རི་ཆེན་རྗེས་བརྩེ་ཞགས་པས་བསྡམས།།
འཕྱོ་བའི་རྒྱ་མཚོ་འཛུམ་དཀར་འོད་ཀྱིས་བཀག །
གཡང་དུ་ལྟུང་ལ་འཆེལ་བའི་ལག་པ་བསྲིངས།།
འཐེང་བོར་འགྲོ་ལ་སྐྱོར་མའི་འཁར་བ་བྱིན།།

དེ་ལས་མང་བ་། “ས་གསུམ་འཛིན་མའི་སྤྱན།” »

སྙན་ངག

དགུང་ལོ་ ༧༨ ལ་ཕེབས་པའི་འཁྲུངས་སྐར་དུ།

Posted on 2013-07-052013-07-05 By ཁ་བརྡ་ 1 Comment on དགུང་ལོ་ ༧༨ ལ་ཕེབས་པའི་འཁྲུངས་སྐར་དུ།

འཇམ་དབྱངས་དཀར་པོ།

ཀ་དག་ཀློང་ནས་ཤར་བའི་སྙིང་རྗེའི་ལྷ།།
ཁ་ནས་བྱམས་བརྩེ་རྟེན་འབྱུང་འདོམས་པའི་གསུང་།།
ག་ལེར་འཛམ་གླིང་ཞི་བདེར་སྐྲུན་མཛད་ཐུགས།།
ང་ཅག་མགོན་ཁྱོད་ཞབས་པད་བརྟན་གྱུར་ཅིག །

དེ་ལས་མང་བ་། “དགུང་ལོ་ ༧༨ ལ་ཕེབས་པའི་འཁྲུངས་སྐར་དུ།” »

རྩོམ་རིག

གསོལ་འདེབས།

Posted on 2013-07-052013-07-05 By ཁ་བརྡ་ 1 Comment on གསོལ་འདེབས།

རས་པ།

སེམས་ཀྱི་རི་བོར་སྐྱོ་སྣང་སྨུག་པ་མཚམས་རེར་འཐིབས་ཤིང་ལན་རེར་ཡལ།།
ཚེ་ཡི་ངོས་འཛིན་སྤང་ཁའི་མེ་ཏོག་ལན་རེར་བཞད་ཅིང་མཚམས་རེར་སྐམ།།
དུས་དེར་སྐྱོ་བ་སྐྱོབ་པའི་སྨན་ཞིག་མ་བཙལ་རྣ་ལ་ཐོས་པ་ནི།།
མགོན་ཁྱེད་ལེགས་གསུང་བདེན་པ་བཞི་ཡིས་དཔུང་དང་བཅས་ཏེ་འོངས་པ་འདི།།

དེ་ལས་མང་བ་། “གསོལ་འདེབས།” »

སྙན་ངག

རྟེན་འབྲེལ་རིགས་པའི་དེད་དཔོན།

Posted on 2013-07-052013-07-05 By ཁ་བརྡ་ 4 Comments on རྟེན་འབྲེལ་རིགས་པའི་དེད་དཔོན།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་༧༨ ལ་སོན་པའི་སྐུའི་འཁྲུངས་སྐར་ལ་དད་གུས་ཆེན་པོས་ཕུལ།

སེར་ཤུལ་རིན་ཆེན་དོན་གྲུབ།

འཛམ་གླིང་ཤར་ནུབ་བློ་ལྡན་སྐྱེ་བོས་ཁྱེད་ཀྱི་སྙན་པའི་མཛེས་པ་བཏེགས།།
ཀུན་ཁྱབ་བསམ་བློའི་ཞིང་ས་དམ་པར་མཛེས་པའི་ལམ་སྟོན་འོད་ཀྱིས་བཀྲམ།།
ཞི་བདེ་འཚེ་བྲལ་བཟང་སྤྱོད་སྟོང་གིས་འགྲོ་བའི་བདེ་སྐྱིད་བླ་ན་སྤེལ།།
དོན་ལྡན་མཚན་གྱི་སྙན་པ་རིང་མོ་གླིང་ཆེན་རྣམ་བཞིའི་མཐོངས་ལས་འཕུར།།

དེ་ལས་མང་བ་། “རྟེན་འབྲེལ་རིགས་པའི་དེད་དཔོན།” »

རྩོམ་རིག

༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཕུལ་བ།

Posted on 2013-07-052013-07-05 By ཁ་བརྡ་ 2 Comments on ༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཕུལ་བ།

ཚེ་རིང་དཔལ་ལྡན།

ཁམས་གསུམ་འཁོར་བའི་འཇིག་རྟེན་འདི་ན་བྱིས་རྣམས་རྨོངས་པའི་ཆགས་སྡང་གིས།།
ཕན་ཚུན་འཁོན་པའི་རྡུལ་མཚོན་ཕྲ་མོས་རྟེན་འབྱུང་ཆོས་ཉིད་འདོར་བའི་ཚེ།།
ལུགས་གཉིས་བཟུང་འབྲེལ་ཉིན་བྱེད་འོད་ཀྱིས་ཉོན་མོངས་མུན་པ་འཇོམས་བྱས་ཏེ།།
ཟབ་མོ་ཆོས་ཀྱི་གསུངས་དབྱངས་དྲུག་ཅུས་མཁའ་ཁྱབ་འགྲོ་རྣམས་འདྲེན་མཛད་པ།།

དེ་ལས་མང་བ་། “༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཕུལ་བ།” »

རྩོམ་རིག

མཚུངས་མེད་བླ་མ་ཀུན་ནས་རྒྱལ།

Posted on 2013-07-052013-07-05 By ཁ་བརྡ་ 1 Comment on མཚུངས་མེད་བླ་མ་ཀུན་ནས་རྒྱལ།

ཁ་བའི་འབྲོག་མོ།
——སྐུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།

རབ་བྱུང་བཅུ་དྲུག་དུས་ལེགས་ཏེ།།
བསྐལ་བ་རྫོགས་ལྡན་ཚངས་པའི་དུས།།
ཉི་ཟླ་སྐར་གསུམ་དགུང་ལ་འཛོམས།།
སྐྱེ་དགུའི་ཁམས་ཀྱི་མུན་པ་སེལ།།

དེ་ལས་མང་བ་། “མཚུངས་མེད་བླ་མ་ཀུན་ནས་རྒྱལ།” »

རྩོམ་རིག

སྐུའི་འཁྲུངས་སྐར་ལ་ཕུལ་བའི་ཀ་ཕྲེང་དད་པའི་སྤུ་ལོང་གཡོ་བའི་འབྲུག་སྒྲ།

Posted on 2013-07-052013-07-05 By ཁ་བརྡ་ 3 Comments on སྐུའི་འཁྲུངས་སྐར་ལ་ཕུལ་བའི་ཀ་ཕྲེང་དད་པའི་སྤུ་ལོང་གཡོ་བའི་འབྲུག་སྒྲ།

རོང་པོ་སྒང་ནེ།

ཀ་མ་ལ་ལྟར་རང་བཞིན་གཙང་ཞིང་ཀུན་གྱིས་དགའ་བའི་མིན་ན་ཀ།།
ཁ་བ་ཅན་གྱི་མགོན་པོ་ཁྱེད་ནི་འཛམ་གླིང་ཞི་བདེ་འདྲེན་པའི་ཁ།།
ག་སར་ཕེབས་ཀྱང་དགྲ་དང་གྲོགས་མེད་བཞིན་གྱི་ཞལ་ནི་བཞད་ཀྱི་ག །
ང་ཡི་རྩ་བའི་བླ་མ་ཁྱེད་ཀྱི་འཁྲུངས་སྐར་ཤིས་སྨོན་འབུལ་འདི་ང་།།

དེ་ལས་མང་བ་། “སྐུའི་འཁྲུངས་སྐར་ལ་ཕུལ་བའི་ཀ་ཕྲེང་དད་པའི་སྤུ་ལོང་གཡོ་བའི་འབྲུག་སྒྲ།” »

རྩོམ་རིག

ྋགོང་ས་མཆོག་ལ་བསྟོད་པ་མི་ཕྱེད་དད་པའི་རང་སྒྲ།

Posted on 2013-07-052013-07-05 By འདྲེ་རིག་ལྡན 4 Comments on ྋགོང་ས་མཆོག་ལ་བསྟོད་པ་མི་ཕྱེད་དད་པའི་རང་སྒྲ།

སྐུའི་འཁྲུངས་སྐར་དུས་ཆེན་ཐེངས་ ༧༨ ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

རོང་པོ་སྒང་ནེ་ཡེ་ཤེས་འཇིགས་མེད།

ལྷ་གཅིག་ཕྱག་ན་པདྨོ་ངུར་སྨྲིག་འཛིན།།
སྐྱབས་གཅིག་འཛམ་གླིང་ཞི་བདེའི་དེད་དཔོན་ཆེ།།
རྩེ་གཅིག་ཞབས་པད་བསྐལ་བརྒྱར་བརྟན་པ་ཡི།།
ཁ་ཙམ་མིན་པར་སྙིང་ནས་སྨོན་ལམ་འདེབས།།

དེ་ལས་མང་བ་། “ྋགོང་ས་མཆོག་ལ་བསྟོད་པ་མི་ཕྱེད་དད་པའི་རང་སྒྲ།” »

སྙན་ངག

༧གོང་ས་མཆོག་གི་སྐུ་པར་སྒྲིག་ཤོམ་བྱེད་མི་ཆོག་པའི་འཐབ་རྩོད་འཕྱུར་བཞིན་འདུག

Posted on 2013-07-052013-07-05 By ཁ་བརྡ་ 6 Comments on ༧གོང་ས་མཆོག་གི་སྐུ་པར་སྒྲིག་ཤོམ་བྱེད་མི་ཆོག་པའི་འཐབ་རྩོད་འཕྱུར་བཞིན་འདུག

གནས་ཚུལ་གཏོང་མཁན། བསྟན་འཛིན།

ཁ་སང་དེ་རིང་མཚོ་ལྷོ་རུ་༧གོང་ས་མཆོག་གི་སྐུ་པར་སྒྲིག་ཤོམ་བྱེད་མི་ཆོག་པའི་འཐབ་རྩོད་འཕྱུར་བཞིན་འདུག དེ་ཡང་དཔེར་ན་བདེ་སྐྱིད་ཐང་དགོན་པར་ཉེན་རྟོག་པ་མང་བོ་འོང་སྟེ་སྔོག་གཤེེར་དང་བཙན་ནོན་བྱེད་བཞིན་ཡོད་པ་དང་། དགེ་འདུན་པ་ཚོར་གལ་སྲིད་བཀའ་དང་ལེན་མི་བྱེད་ན་འཛིན་བཟུང་བྱེད་རྒྱུའི་འཇིགས་སྐུལ་ཡང་བྱེད་བཞིན་འདུག ཁ་སང་ནས་དགོན་པའི་ནང་དུ་སྡོད་གུར་བརྒྱབ་སྟེ་ཉེན་རྟོག་པ་རྣམས་ཤག་འདུག་བྱེད་ཀྱི་ཡོད་འདུག་ལ།

དེ་ལས་མང་བ་། “༧གོང་ས་མཆོག་གི་སྐུ་པར་སྒྲིག་ཤོམ་བྱེད་མི་ཆོག་པའི་འཐབ་རྩོད་འཕྱུར་བཞིན་འདུག” »

གསར་འགྱུར།

བོད་མི་རིགས་ཀྱི་ཚེ་གཡོག་ཟླ་མེད་ཁྲི་ལོར་ཤོག

Posted on 2013-07-052013-07-05 By ཁ་བརྡ་ 7 Comments on བོད་མི་རིགས་ཀྱི་ཚེ་གཡོག་ཟླ་མེད་ཁྲི་ལོར་ཤོག

ཤར་ཕྱོགས་ཁུག་རྟ།

༄༅།། སྐུ་ཚེ་ཞལ་བཞེས་ལྟར་བརྟན་པར་སྨོན། དགུང་གྲངས ༡༡༣ ལ་བཞུགས་རྒྱུར་བོད་མི་རིགས་ཀྱི་བསོད་ནམས་ཀྱིས་འཁྱོག་པར་ཤོག ༸གོང་ས་ཆེན་པོ་ཁྱེད་ལས་གཞན་བོད་མི་རིགས་ཞེས་པའི་གདགས་གཞི་ཞིག་བདག་ལ་མེད་ཅིང། ༸གོང་ས་ཆེན་པོ་ཉིད་ཀྱི་དགོངས་གཞི་ལས་བོད་མི་རིགས་ལ་དབང་བོ་རྣམ་ལྔ་ཞིག་བདག་ལ་མེད། ༸གོང་ས་ཆེན་པོ་ཉིད་ཀྱི་ཤེས་རབ་འབར་བའི་ལམ་སྟོན་དག་ལས་བོད་མི་རིགས་ལ་མདུན་ལམ་དང་ཚེ་སྲོག་ཅེས་པ་ཞིག་ཀྱང་བདག་ལ་དུས་གཏན་དུ་མེད་པས།

དེ་ལས་མང་བ་། “བོད་མི་རིགས་ཀྱི་ཚེ་གཡོག་ཟླ་མེད་ཁྲི་ལོར་ཤོག” »

རྩོམ་རིག

ཡིད་དད་གུས་ཀྱིས་ཁྱེད་ལ་བསྟོད།

Posted on 2013-07-052013-07-05 By ཁ་བརྡ་ No Comments on ཡིད་དད་གུས་ཀྱིས་ཁྱེད་ལ་བསྟོད།

རྒྱང་མིག
—-༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་ཕུལ།

ཞིང་དཔག་མེད་རབ་འབྱམས་རྒྱ་མཚོའི་སངས་རྒྱས་དང་བྱང་སེམས།།
སྐུ་ཞི་དྲག་ཇི་སྙེད་གར་མཛད་ཡི་དམ་དང་ཆོས་སྐྱོང་།།
སྐྱབས་བསླུ་མེད་མཆོག་གསུམ་རིན་ཆེན་ཀུན་འདུས་ཀྱི་སྤྱི་གཟུགས།།
རྗེ་བསྟན་འཛིན་རྒྱ་མཚོར་རྣམ་ཀུན་སྙིང་དབུས་ནས་མཆོད་དོ།།

དེ་ལས་མང་བ་། “ཡིད་དད་གུས་ཀྱིས་ཁྱེད་ལ་བསྟོད།” »

རྩོམ་རིག

༸སྐུའི་འཁྲུངས་སྐར་ལ་ཕུལ་བའི་ཤིས་ཚིག

Posted on 2013-07-052013-07-05 By ཁ་བརྡ་ 1 Comment on ༸སྐུའི་འཁྲུངས་སྐར་ལ་ཕུལ་བའི་ཤིས་ཚིག

དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་ཆེས་མཐོའི་ནང་བསྟན་གཙུག་ལག་སློབ་གྲྭའི་དགེ་སློབ་ཡོངས།

༄༅། །ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཛམ་གླིང་ཞི་བདེའི་དེད་དཔོན། རང་ཅག་གཞིས་བྱེས་བོད་འབངས་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་། སྐྱོབ་པའི་ཕ་མ། འདྲེན་པའི་དེད་དཔོན། འདི་ཕྱིའི་སྐྱབས་གནས་བླ་ན་མ་མཆིས་པ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་འདི་ལོ་ཕྱི་ལུགས་དགུང་གྲངས་༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་ལ་

དེ་ལས་མང་བ་། “༸སྐུའི་འཁྲུངས་སྐར་ལ་ཕུལ་བའི་ཤིས་ཚིག” »

རྩོམ་རིག

བསྟོད་པ་པདྨ་དཀར་པོ།

Posted on 2013-07-052013-07-05 By ཁ་བརྡ་ No Comments on བསྟོད་པ་པདྨ་དཀར་པོ།

འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་༧སྐྱབས་མགོན་ཡིན་བཞིན་ནོར་བུ་མཆོག་ལ་བསྟོད་པ་པདྨ་དཀར་པོ།
—–སྐུའི་འཁྲུངས་སྐར་ལ་ཕུལ།

སྣ་ཚོགས་རང་གྲོལ།

ཀུན་ཉོན་འཁོར་བའི་རྩ་བ་གཏོར་ཏེ་སྲིད་ཞི་གཉིས་ཀྱི་མཐའ་ལས་འདས།།
འཚེ་བ་མེད་པའི་དམ་ཆོས་ཉི་མའི་འོད་ཟེར་གདུལ་བྱའི་ཁམས་སུ་སྤྲོ།།
དོན་གཉིས་མཐར་སོན་ཤཱཀྱའི་རིགས་འཁྲུངས་ཀུན་མཁྱེན་ཉི་མའི་གཉེན་གྱི་ལྷར།།
སོར་བཅུའི་འདབ་མ་སྙིང་གར་སྦྱར་ཏེ་གསོལ་བ་འདེབས་སོ་བྱིན་གྱིས་རློབས།།

དེ་ལས་མང་བ་། “བསྟོད་པ་པདྨ་དཀར་པོ།” »

སྙན་ངག

དད་གདུང་ཡིད་ཀྱི་མཆོད་པ།

Posted on 2013-07-042013-07-04 By ཁ་བརྡ་ 4 Comments on དད་གདུང་ཡིད་ཀྱི་མཆོད་པ།

རྨེ་རུ།

ངུར་སྨྲིག་ན་བཟའ་སྐུ་ལ་བསྣམས་བཞིན།།
ཞལ་གྱི་འཛུམ་མདངས་འགྲོ་ལ་གཟིགས་ཤིང་།།
འཚེ་མེད་ཞི་བདེའི་གླུ་དབྱངས་གྱེར་བའི།།
འགྲོ་བའི་སྐྱབས་མགོན་ཁྱེད་མིན་སུ་མཆིས།།

དེ་ལས་མང་བ་། “དད་གདུང་ཡིད་ཀྱི་མཆོད་པ།” »

རྩོམ་རིག

རླུང་རྟ་སྤུར་བའི་སྙན་ངག

Posted on 2013-07-042013-07-04 By ཁ་བརྡ་ 2 Comments on རླུང་རྟ་སྤུར་བའི་སྙན་ངག

བཀྲ་ཤིས་དོན་འགྲུབ།
—–རི་བོ་བྷེེ་ཊ་པུར་དུ་འཛམ་གླིང་སྤྱི་བསང་ལ་ཆས་སྐབས།

རི་བོ་མཐོན་པོ་གནམ་ལ་ཟུག་ས་ནས།།
རི་རྩེ་རྣོན་པོ་སྨུག་པས་འཐུམ་ས་ནས།།
རླུང་རྟ་རླུང་ལ་སྤུར་བའི་ཉམས་འུར་འདི།།
སེམས་ཀྱི་སྙན་ངག་གྱེར་བའི་ལམ་སྲོལ་རེད།།

དེ་ལས་མང་བ་། “རླུང་རྟ་སྤུར་བའི་སྙན་ངག” »

སྙན་ངག

གྲུབ་མཐའི་སྡོམ་ཚིག་ཤེས་རབ་སྒོ་འབྱེད་གསེར་གྱི་ལྡེ་མིག

Posted on 2013-07-042013-07-05 By ཡེ་ཤེས་ 76 Comments on གྲུབ་མཐའི་སྡོམ་ཚིག་ཤེས་རབ་སྒོ་འབྱེད་གསེར་གྱི་ལྡེ་མིག

ཀླུ་སྨྱོན།

༄༅། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
གྲུབ་མཐའི་གཞུང་ལུགས་སྦྱངས་པ་མཐར་སོན་ཏེ། །གྲུབ་མཐའི་དེ་ཉིད་ཀུ་ཤའི་རྩེ་མོ་བཞིན། །གྲུབ་མཐའ་ཤེས་འདོད་དག་ལ་སྟོན་མཛད་པའི། །གྲུབ་མཐའ་མཁན་པོ་དེ་དག་སྤྱི་བོས་མཆོད། །གངས་རིའི་ཁྲོད་ཀྱི་ལུང་རིགས་སྨྲ་བའི་དབུས། །འཇིགས་མེད་གདོང་ལྔའི་སྒྲ་དབྱངས་སྒྲོགས་མཁས་པ། །མཁས་པའི་དབང་པོའི་གྲུབ་མཐའ་རིན་ཆེན་ཕྲེང་། །སྡོམ་ཚིག་དར་གྱི་སྲད་བུར་བདག་གིས་འདྲེན། །དེ་ཡང་ཚེ་འདིའི་རྙེད་དང་བཀུར་སྟི་དང་། །ཚིགས་སུ་བཅད་པ་དག་ལ་མི་བལྟ་ཞིང་། །སྙིང་ནས་གྲོལ་བ་དོན་གཉེར་གང་ཟག་གིས། །

དེ་ལས་མང་བ་། “གྲུབ་མཐའི་སྡོམ་ཚིག་ཤེས་རབ་སྒོ་འབྱེད་གསེར་གྱི་ལྡེ་མིག” »

རྩོམ་རིག

བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལ་སྟ་རེ་ཕྱར་བ།

Posted on 2013-07-042013-07-04 By ཁ་བརྡ་ 18 Comments on བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལ་སྟ་རེ་ཕྱར་བ།

            དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་བཙབ་རལ་བྱ་རྩིས།

སེར་སྨད་བློ་དགའ།

རྒྱ་ནག་གིས་ཆོག་ཤེས་མེད་པའི་ཐོག་ནས་བོད་ལ་ཚོད་རྩིས་བྱེད་བཞིན་པ་ལྟར། བོད་རྒྱའི་འབྲེལ་མོལ་བསྐྱར་གསོ་ཐུབ་པའི་དབང་དུ་བཏང་ཡང་། རྒྱ་ནག་ཕྱོགས་ནས་ང་ཚོས་དབུ་མའི་ལམ་ཁས་ལེན་བྱེད་ཆོག ཁྱེད་ཚོས་ཆོས་སྲིད་ཟུང་འབྲེལ་མཇུག་བསྡུ་བྱ་ཐུབ་ཀྱི་ཡོད་དམ། ཟེར་བའི་དྲི་བ་དེ་ཡོད་ཡོད་པ་རེད་ཤག  ཡང་། ༸གོང་ས་མཆོག་ལ་ཆོས་ལུགས་ཀྱི་ཐོག་ནས་དད་པ་ཞུ་ཆོག་པ་དང་ལམ་དབུ་མ་གཉིས་ཀ་ངོས་ལེན་བྱེད་ཆོག

དེ་ལས་མང་བ་། “བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལ་སྟ་རེ་ཕྱར་བ།” »

སྣ་ཚོགས།

ས་སྐྱིད་པོ།

Posted on 2013-07-04 By ཁ་བརྡ་ 17 Comments on ས་སྐྱིད་པོ།

བསམ་གླིང་ཚེ་རིང་ལྷ་མོ།

 

རི་བོར་འཛེགས་བཞིན་འཛེགས་བཞིན།།

སྣང་བ་སྐྱིད་དུ་སྐྱིད་དུ།།

མཐོང་རྒྱ་ཆེ་རུ་ཆེ་རུ།།

མཁའ་དབུགས་གཙང་དུ་གཙང་དུ།།

དེ་ལས་མང་བ་། “ས་སྐྱིད་པོ།” »

སྙན་ངག

ཏང་གི་པཎ་ཆེན་དང་བོད་མིའི་སེམས་ཀྱི་པཎ་ཆེན།

Posted on 2013-07-03 By ཁ་བརྡ་ 21 Comments on ཏང་གི་པཎ་ཆེན་དང་བོད་མིའི་སེམས་ཀྱི་པཎ་ཆེན།

ནམ་མཁའ།

 

སྐྱེ་བ་སྔ་ཕྱི་ཁས་མི་ལེན་ཞིང་ནང་ཆོས་དུག་ལྟར་འཛིན་པའི་སྲིད་གཞུང་ཞིག་གིས་མི་འདོད་བཞིན་དུ། ནང་ཆོས་ཀྱི་མ་རྩ་ལྟ་བུ་སྐྱེ་བ་སྔ་ཕྱི་ཁས་ལེན་གད་མོ་ཤོར་བ་ཞིག་བྱས་ཡོད། སྤྱིར་པཎ་ཆེན་རིན་པོ་ཆེ་ཡི་སྤྲུལ་སྐུ་ངོས་འཛིན་བྱེད་པ་ལ་ནང་ཆོས་གཞུང་ལུགས་ལྟར་སྐྱེ་བ་སྔ་ཕྱི་ཁས་ལེན་བྱེད་དགོས་ཀྱི་ཡོད།ཡིན་ཡང་རྒྱ་ནག་སྲིད་གཞུང་གིས་ལྷ་མེད་སྨྲ་བཞིན་དུ་པཎ་ཆེན་རིན་པོ་ཆེ་ཡི་ཡང་སྲིད་ངོས་འཛིན་བྱེད་པ་འདི་ཆབ་སྲིད་ཀྱི་དགོས་དབང་ཁོ་ནར་དམིགས་པ་ཞིག་ཡིན་མོད།

དེ་ལས་མང་བ་། “ཏང་གི་པཎ་ཆེན་དང་བོད་མིའི་སེམས་ཀྱི་པཎ་ཆེན།” »

སྣ་ཚོགས།

འཛམ་གླིང་སྐྱེ་འགྲོའི་༸སྐྱབས་མགོན་༸གོང་ས་མཆོག།

Posted on 2013-07-03 By ཁ་བརྡ་ 5 Comments on འཛམ་གླིང་སྐྱེ་འགྲོའི་༸སྐྱབས་མགོན་༸གོང་ས་མཆོག།

སེར་ཤུལ་རིན་ཆེན་དོན་གྲུབ།

མི་རིགས་ཤིག་དང་། ཡང་ན་ཆོས་ལུགས་ཤིག་གི་བླ་ཆེན་དང་དབུ་འཁྲིད་ཙམ་མིན་པར་འགྲོ་བ་མི་དང་སྲོག་ལྡན་སྐྱེ་འགྲོ་ཡོངས་ཀྱི་མགོན་དང་སྐྱབས་སུ་གྱུར་བའི་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཡི་འཕྲེང་བ་བཅུ་བཞི་བ་ཆེན་པོ་མཆོག་ནི་འཛམ་གླིང་ཐོག་བཟང་སྤྱོད་ཀྱི་ནུས་ཤུགས་མཆོག་ཏུ་གྱུར་བའི་འབྱུང་ཁུངས་དང་།

དེ་ལས་མང་བ་། “འཛམ་གླིང་སྐྱེ་འགྲོའི་༸སྐྱབས་མགོན་༸གོང་ས་མཆོག།” »

སྣ་ཚོགས།

Posts pagination

Previous 1 … 443 444 445 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme