དགེ་འདུན་རྒྱ་མཚོ།
༼ཚན་པ་བརྒྱད་པ༽
གསེར་མོ་འཚོ་སྐྱག་ཁ་མས་བཤད་ན་ཁྱོད་གཉེན་སྒྲིག་རྒྱུ་རེད་ཟེར། ང་ལ་གསང་ནས་ཅི་བྱེད། མོས་ཅི་ལྟར་ཤེས་པ་རེད་དམ། མི་ཤེས། མི་གཞན་གྱི་ཁ་ནས་གོ་ནི་ཡིན་རྒྱུ་རེད། མི་མང་གི་ཁ་དུག་ཡིན་ཟེར། དུག་འཐུང་ན་ཤི་ན་ཐང་། རྩེད་མོ་རྩེ་བ་ཡིན། ད་རུང་ལོ་གཅིག་གཉིས་ཤིག་ལ་སྒུག་ན་འདོད་ཡོད། གཞུག་ནས་བཤད་ཡ། བསམ་ཁོ་ལ་ཆ་རྒྱུས་ཡོད་མཁན་དེ་ང་ཡིན། ད་ངས་ཅི་ལྟར་འདྲི་དགོས་མིན་ཡང་ཤེས་དཀའ།


