སྐྱོ་བྲག་དགའ་དབང་།
ཁྱུང་པོ་བདེན་འཚོལ་མཆོག་གིས། ཁ་ཚ་དགོས་གཏུགས་ཀྱི་དྲི་བ།
དད་ལྡན་གྱི་མི་དམངས་ཚོས། འདི་ཕྱིའི་སྡུག་བསྔལ་ལས་གྲོལ་བར་འདོད་དེ། འདི་བདེ་ཕྱི་སྐྱིད་ཀྱི་རེ་བ་བཅོལ་ཏེ། ཁྲག་དང་དངུལ་ཆུ་ལས་གྲུབ་པའི་སྒོར་རྡོག་རེ་རེ། ཕྱོགས་འཐེན་ཆགས་སྡང་གི་ལོ་རེ་བཞིན། སྙོག་འཛིང་ཆེ་བའི་ཟླ་རེ་བཞིན།

