Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཙང་པོ་བརྒལ་པ།

Posted on 2013-09-102013-09-10 By ཡེ་ཤེས་ 4 Comments on གཙང་པོ་བརྒལ་པ།

ཀླུ་སྨྱོན་ཧེ་རུ་ཀ
sunset-on-the-li-river-michele-burgess
དུས་ཚོད་ནམ་གུང་ཏག་ཏག་ཅིག་ལ།
ངས་གཙང་པོ་ཞིག་བརྒལ་པ་ཡིན།
གཙང་འགྲམ་དུ་ཉ་གྲུ་འགའ་འགུལ་མེད་དུ་སྣང་ཞིང་།
གཙང་ངོས་སུ་སྐར་ཚོགས་ཁྲ་ཆེམ་མེར་འཚེར།
བསིལ་རླུང་གིས་གཙང་པོའི་ངོས་སུ་རླབས་རིས་རབ་རིབ་ཅིག་འབྲི་བཞིན་འདུག

དེ་ལས་མང་བ་། “གཙང་པོ་བརྒལ་པ།” »

སྙན་ངག

རྒྱལ་ཚོགས་ལ་ཉེས་མེད་བོད་མི་གཉིས་ཀྱི་ཚེ་སྲོག་སྐྱོབ་དགོས་པའི་འབོད་སྐུལ།

Posted on 2013-09-102013-09-10 By ཁ་བརྡ་ 3 Comments on རྒྱལ་ཚོགས་ལ་ཉེས་མེད་བོད་མི་གཉིས་ཀྱི་ཚེ་སྲོག་སྐྱོབ་དགོས་པའི་འབོད་སྐུལ།

གསར་འགྱུར་མཁོ་གཏོང་བ། ཙ་ཡུས་ཕུན་ཚོགས།

image-1ཕྱི་ལོ་༢༠༡༣ ལོའི་ཟླ་༩ ཚེས་༩ ཉིན་ནས་ཕྱི་ཚེས་༢༧ བར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་འཚོག་བཞིན་པའི་གོ་སྐབས་དང་བསྟུན། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱིས་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་ཞི་རྒོལ་སྐད་འབོད་ལས་འགུལ་ཞིག་གོ་སྒྲིག་ཞུས་ཏེ། ཉེ་ལམ་རྒྱ་ནག་གཞུང་གི་དྲང་བདེན་མ་ཡིན་པའི་ཁྲིམས་ཞིབ་འོག་རྔ་བའི་བློ་བཟང་དཀོན་མཆོག་དང་སྒྲོལ་མ་སྐྱབས་གཉིས་སྲོག་ཐོག་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པར་ངོ་རྒོལ་དང་།

དེ་ལས་མང་བ་། “རྒྱལ་ཚོགས་ལ་ཉེས་མེད་བོད་མི་གཉིས་ཀྱི་ཚེ་སྲོག་སྐྱོབ་དགོས་པའི་འབོད་སྐུལ།” »

གསར་འགྱུར།

གནམ་ས་སྒུལ་བའི་ཟུར་མིག

Posted on 2013-09-10 By ཁ་བརྡ་ No Comments on གནམ་ས་སྒུལ་བའི་ཟུར་མིག

མྱི་སྲས་བཙན་པོ།

ལྗང་མདོག་གི་ནེམ་ཤ་ཡོངས་སུ་དབེན་ཞིང

རི་ལུང་ཀུན་པོས་ཐལ་མདོག་གི་ལྭ་བ་གྱོན་པས

བསམ་གཞིག་ཀྱི་ཀློང་དུ་འཁྱམས་པའི་ཁེར་རྐྱང་གི་བདག་ལ

མྱ་ངན་གྱི་རོལ་དབྱངས་དཀྲོལ་བ་དང་མཚུངས  

དེ་ལས་མང་བ་། “གནམ་ས་སྒུལ་བའི་ཟུར་མིག” »

སྙན་ངག

ཨ་རོགས་འབྲོག་མོ།

Posted on 2013-09-102013-09-10 By ཁ་བརྡ་ 2 Comments on ཨ་རོགས་འབྲོག་མོ།

བསྟན་འཛིན་འོད་ཟེར།

ཐོ་རེངས་སྐར་ཆེན་དེས་སྐྱ་རེངས་བསུས་ཐལ།།
ཉི་རྩེའི་དྭངས་མ་དེར་གསེར་འོད་འཕྲོ་གི །
གཡང་དཀར་ལུག་ཆུང་གི་འབའ་སྒྲ་ལྷང་ལྷང་།།
གཡུ་མདོག་རྩྭ་ཐང་གི་རང་བྱུང་བཀོད་པ།།

དེ་ལས་མང་བ་། “ཨ་རོགས་འབྲོག་མོ།” »

སྙན་ངག

པེ་ཅིང་ནས་རྡ་ས་ལ།

Posted on 2013-09-10 By ཁ་བརྡ་ 7 Comments on པེ་ཅིང་ནས་རྡ་ས་ལ།

གཅོད་པ་སྐྱབས། སྤྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༨ ཞོགས་ཀའི་ཆུ་ཚོད་ ༡༠ དང་སྐར་མ་ ༢༥ པེ་ཅིང་། “ཁྱེད་རྣམ་པ་ལ་བོད་དོན་འདི་སེལ་རྒྱུའི་ཐད་སྐད་ཆ་བཤད་འདོད་ཡོད་དམ།” རྡ་ས། “ལགས།…

དེ་ལས་མང་བ་། “པེ་ཅིང་ནས་རྡ་ས་ལ།” »

རྩོམ་རིག

ཨ་ཅེ་འཚེ་མོ་མཁར།

Posted on 2013-09-102014-02-20 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 6 Comments on ཨ་ཅེ་འཚེ་མོ་མཁར།

རིག་འབྱུང་དོན་གྲུབ་བཀྲ་ཤིས།

ངས་སློབ་ཆུང་འཛིན་རིམ་ལྔ་བ་བར་དུ། རྨ་ལྷོ་སོག་རྫོང་ན་ཡོད་པའི་བྲག་དམར་སློབ་ཆུང་དུ་སློབ་སྦྱོང་བྱས། དེའི་རྗེས་སུ། ཨ་ཕས་ང་དོར་ཉིན་སློབ་ཆུང་དུ་བསྐྱལ། དོར་ཉིན་སློབ་ཆུང་ནི། སེ་བཟའ་དང་སྙིང་ལོ། ཨ་རོལ་ཟེར་བའི་སྡེ་བ་གསུམ་གྱི་དཀྱིལ་ན་ཡོད། ང་སྐྱེ་སའི་སྡེ་བ་དེའི་མིང་ལ་ཉིན་ཟེར་ཞིང་། དེ་ནས་དོར་ཉིན་སློབ་ཆུང་བར་དུ། ཉུང་མཐར་ཡང་རྐང་པ་བརྒྱབ་ན་སྐར་མ་ཉི་ཤུ་ཙམ་འགོར། དེ་ཡང་། ང་སྐྱེས་སའི་སྡེ་བ་ནས། ཐོག་མར་ལུང་བ་ཆུང་ཆུང་ཞིག་གི་མཐིལ་ལ་བབས། དེ་ནས་རི་ངོས་ཅུང་གཟར་པོ་ཞིག་ལ་ཡར་འཛེགས། རི་ངོས་ཀྱི་ཞིང་ཁ་འགའ་འཕྲེད་ཀྱིས་བཅད་ན་ད་གཟོད་དོར་ཉིན་སློབ་ཆུང་དུ་སླེབས་ཐུབ།

དེ་ལས་མང་བ་། “ཨ་ཅེ་འཚེ་མོ་མཁར།” »

དྲན་ཐོ།

ཤི་འདྲེ་ཡིས་དགྲ་ཤ་བླངས་པ།༼ཚན་པ་གཉིས་པ།༽

Posted on 2013-09-102013-09-10 By ཁ་བརྡ་ 14 Comments on ཤི་འདྲེ་ཡིས་དགྲ་ཤ་བླངས་པ།༼ཚན་པ་གཉིས་པ།༽

དགེ་འདུན་རྒྱ་མཚོ།

དགའ་འོས་པ་ཞིག་ལ་མི་དེ་ནི་རྒྱ་རྒན་ཧོང་ཞིན་པོ་ཡིན་པ་དང་ཟླ་མང་བོའི་སྔོན་ནས་ཁོ་ཤི་ཟིན་པ་རེད་ཟེར། ཕོ་གསར་ཚོས་རང་སྐྱོན་ངོས་ལེན་བྱས་པ་ཡིན་པས་སྲིད་ཇུས་ཅུང་ཀུ་ཡངས་ལ་བཏང་། དེ་ནི་བཙོན་ཁང་དུ་འདུག་མ་དགོས་པར་སྒོར་མོས་ཆད་པ་ལྕི་མོ་བཅད་པ་དེ་རེད། ཡིན་ན་ཡང་དེ་རིང་གི་ཧོང་ཞིན་པོའི་གནས་ཚུལ་འདི་སུ་ལ་ཡང་བཤད་མི་ཆོག་པར་བཟོས། གལ་ཏེ་བཤད་མཁན་ཡོད་ན་དམངས་སེམས་དཀྲིགས་པའི་ཉེས་ཅན་པ་ཡིན་པས་མ་མཐའ་ཡང་ཟླ་དགུ་ལ་བཙོན་འཇུག་བྱེད་ངེས་ཡིན་ཟེར། གསར་བུ་བཞི་བོས་ཁས་བླངས་པ་དང་ཁོ་ཚོ་ཕྱིར་ཀློད།

དེ་ལས་མང་བ་། “ཤི་འདྲེ་ཡིས་དགྲ་ཤ་བླངས་པ།༼ཚན་པ་གཉིས་པ།༽” »

བརྩམས་སྒྲུང་།

གསང་བའི་གཏམ་རྒྱུད།

Posted on 2013-09-092013-09-09 By ཁ་བརྡ་ No Comments on གསང་བའི་གཏམ་རྒྱུད།

རིགས་སློབ། མཚོ་སྒོ་འཇམ་དབྱངས།

སྤྱིར་ཤེས་ཡོན་གྱི་སྡེར་གཏོགས་ཙམ་དུ་མ་ཟད་གང་ཟག་སྒེར་སོ་སོར་ཉིན་རེའི་དམིགས་བསལ་གྱི་སེམས་ཚོར་རམ་བྱ་གཞག་གལ་ཆེན་རྣམས་ཡིག་ཐོག་ཏུ་འབྲི་རྒྱུའི་གོམས་གཤིས་ཡོད་པ་མ་ཟད་ཐ་ན་མི་གཞན་གྱི་ཉིན་ཐོ་ལྟ་ཀློག་བྱས་ཚེ་གཞན་གྱི་གསང་བ་ཤེས་རྟོགས་བྱས་པའི་ནག་ཉེས་སུ་བརྩིས་ཏེ་སྤྱི་ཚོགས་ནང་ཕ་མ་བུ་ཕྲུག་དང་། བརྩེ་གྲོགས་དབར་ལ་བསམ་ཡུལ་ལས་འདས་པའི་རྙོག་འཛིང་འབྱུང་གི་ཡོད་པ་མ་ཟད་ཐ་ན་ཡ་ང་བའི་གནས་ཚུལ་མང་པོ་ཞིག་ང་ཚོའི་མཐོང་ཆོས་སུ་གྱུར་ཡོད།

དེ་ལས་མང་བ་། “གསང་བའི་གཏམ་རྒྱུད།” »

སྣ་ཚོགས།

ཤི་འདྲེ་ཡིས་དགྲ་ཤ་བླངས་པ། ༼ཚན་པ་དང་པོ།༽

Posted on 2013-09-092013-09-09 By ཁ་བརྡ་ 15 Comments on ཤི་འདྲེ་ཡིས་དགྲ་ཤ་བླངས་པ། ༼ཚན་པ་དང་པོ།༽

དགེ་འདུན་རྒྱ་མཚོ།

༡༩༤༩ ལོར་ངའི་ཕ་ཡུལ་ལ་རྒྱ་ནག་གིས་བཙན་འཛུལ་བྱས་རྗེས་ངའི་ཕ་ཡུལ་ནི་རྒྱ་ནག་པས་མི་སེར་སྤེལ་ཡུལ་དུ་གྱུར། རྒྱ་གཞུང་གིས་ལས་བྱེད་ཧ་ཅང་མང་བོ་བཏང་ཡོད། དེ་དག་གིས་ངའི་ཡུལ་མི་ཚོ་རྒྱ་ནག་ཆེན་པོའི་བསམ་བློ་དང་ལྟ་བ་ཅན་དུ་བསྒྱུར་ཆེད་ཞི་དྲག་གི་སྲིད་ཇུས་སྣ་ཚོགས་སྤེལ་བཞིན་ཡོད། དིང་སང་རྒྱ་ནག་ལས་བྱེད་མང་བོ་ཡོད་པའི་ཁྲོད་ནས་འགའ་ཤས་རྒན་ཡོལ་དུའང་ཕྱིན་ཚར་ཡོད། རྒན་པོ་དེ་ཚོ་ཕྱིར་རྒྱ་ཡུལ་ལ་མ་སོང་བར་རྒན་ཕོགས་བླངས་ནས་ཟུར་འདུག་བྱས་ཡོད་པ་རེད།

དེ་ལས་མང་བ་། “ཤི་འདྲེ་ཡིས་དགྲ་ཤ་བླངས་པ། ༼ཚན་པ་དང་པོ།༽” »

བརྩམས་སྒྲུང་།

ཉེ་ཆར་གཡུང་དྲུང་བོན་གྱི་ཚོགས་འདུ་གལ་ཆེན་ཞིག་ཨ་མདོ་ཤར་ཁོག་ཏུ་ཚོགས་པ།

Posted on 2013-09-092013-09-13 By ཁ་བརྡ་ 128 Comments on ཉེ་ཆར་གཡུང་དྲུང་བོན་གྱི་ཚོགས་འདུ་གལ་ཆེན་ཞིག་ཨ་མདོ་ཤར་ཁོག་ཏུ་ཚོགས་པ།

རང་ཤར་རིག་གྲོལ་རྩལ།

0-7ཉེ་ཆར་ཕྱི་ཟླ་དགུ་བའི་ནང་དུ་གཡུང་དྲུང་བོན་མཉམ་འབྲེལ་འཛིན་སྐྱོང་ཚོགས་པའི་བཀོད་སྒྲིག་འོག མདོ་དབུས་ཁམས་གསུམ་གྱི་གཡུང་དྲུང་བོན་གྱི་དགོན་སྡེ་མི་སྣ་ཚོ། ཨ་མདོ་ཤར་ཁོག་དགའ་་མལ་དགོན་དུ་འདུས་ཏེ་ཚོགས་འདུ་གལ་ཆེན་ཞིག་རྒྱལ་ཁའི་ངང་ཚོགས་གྲུབ་པ། ཚོགས་མགོན་དུ། ས་གསུམ་ན་འགྲན་པའི་ཟླ་དང་བྲལ་བ། རེབ་ཀོང་སྔགས་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་དབུ་བླ།

དེ་ལས་མང་བ་། “ཉེ་ཆར་གཡུང་དྲུང་བོན་གྱི་ཚོགས་འདུ་གལ་ཆེན་ཞིག་ཨ་མདོ་ཤར་ཁོག་ཏུ་ཚོགས་པ།” »

གསར་འགྱུར།

སྐལ་བཟང་སྒྲོལ་མ་ལ་ཆེད་འཕྲིན།

Posted on 2013-09-092015-05-09 By ཁ་བརྡ་ No Comments on སྐལ་བཟང་སྒྲོལ་མ་ལ་ཆེད་འཕྲིན།

རྒྱང་མིག

བོད་རིགས་མང་འདུ་ཡི་དྲ་ཚིགས།།
ཧི་གཟུགས་ཟིན་བྲིས་ཀྱི་གསེང་ནས།།
སྐལ་བཟང་སྒྲོལ་མ་ཡི་བཞོ་དབྱངས།།
ཁྲ་ཆུང་མིག་མདུན་དུ་མངོན་བྱུང་།།

རྗོད་བྱེད་ཚིག་འགྲོས་ནི་ལེགས་ཤིང་།།
བརྗོད་བྱའི་དོན་སྙིང་ཡང་གཏིང་ཟབ།།

དེ་ལས་མང་བ་། “སྐལ་བཟང་སྒྲོལ་མ་ལ་ཆེད་འཕྲིན།” »

སྙན་ངག

རོལ་དབྱངས་ཀྱི་གསོན་སྐད།

Posted on 2013-09-092013-09-09 By ཁ་བརྡ་ No Comments on རོལ་དབྱངས་ཀྱི་གསོན་སྐད།

     —རང་ཉིད་འགྲེལ་ཚུལ་ཞིག  

རོལ་དབྱངས།

རིང་ནས་བརྒྱུད་པའི་སྒྲུང་དང་འུད་ལ་བདག་གིས་གཏན་ཚིགས་མི་འགོད་ལ།།
ཉེ་བའི་དུས་ཀྱི་བྱུང་རབས་དག་ཀྱང་ཞིབ་མོའི་ཚུལ་གྱིས་མི་ཤོད་མོད།།
མིག་གིས་མཐོང་ཞིང་སེམས་ཀྱིས་ཚོར་བའི་གནས་ལུགས་འདི་ཀོ་མི་དོར་ལ།།
རིགས་པས་གྲུབ་ཅིང་བདེན་དཔང་མཐོ་བའི་རྒྱུ་འབྲས་ནམ་ཡང་མི་འབོར་རོ།།

དེ་ལས་མང་བ་། “རོལ་དབྱངས་ཀྱི་གསོན་སྐད།” »

སྙན་ངག

༸ཏཱ་ལའི་བླ་མར་ངའི་འཚམས་འདྲི་ཞུ་རོགས་གསུངས་སོང་།

Posted on 2013-09-092013-09-09 By ཁ་བརྡ་ 2 Comments on ༸ཏཱ་ལའི་བླ་མར་ངའི་འཚམས་འདྲི་ཞུ་རོགས་གསུངས་སོང་།

མཁོ་གཏོང་བ། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན།

0-17ཕྱི་ཚེས་༦ ཉིན་གྱི་སྔ་དྲོ་འབྱོར་བ་དང་མངའ་སྡེ་གཞུང་གི་མགྲོན་ཁང་དུ་སྣེ་ལེན་ཞུས། དེ་ནི་ཆེ་མཐོང་མཚོན་ཆེད་དུ་ཡིན་འདུག ཆུ་ཚོད་༡༡.༣༠ ཐོག་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་(Mr Vajubhai Vala)མཆོག་དང་མཇལ། ཐོག་མར་ཚོགས་དྲུང་མཆོག་གིསདབུས་ལས་བྱེད་ཁག་གཅིག་གིས་སྣེ་ལེན་གྱིས་གྲོས་ཚོགས་ཚོགས་ཁང་དང་། གྲོས་ཚོགས་འགྲེམ་སྟོན་ཁང་། དཔེ་མཛོད་ཁང་བཅས་ལ་གཟིགས་སྐོར་དུ་ཁྲིད་པར་མ་ཟད།

དེ་ལས་མང་བ་། “༸ཏཱ་ལའི་བླ་མར་ངའི་འཚམས་འདྲི་ཞུ་རོགས་གསུངས་སོང་།” »

གསར་འགྱུར།

ང་ཚོས་འདས་པར་བོད་དོན་ལ་རྒྱབ་སྐོར་བྱས་པ་ཡིན། ད་ལྟ་ཡང་རྒྱབ་སྐྱོར་ཡོད། མ་འོངས་པར་ཡང་རྒྱབ་སྐྱོར་བྱ་ངེས་ཡིན།

Posted on 2013-09-082013-09-08 By ཁ་བརྡ་ 1 Comment on ང་ཚོས་འདས་པར་བོད་དོན་ལ་རྒྱབ་སྐོར་བྱས་པ་ཡིན། ད་ལྟ་ཡང་རྒྱབ་སྐྱོར་ཡོད། མ་འོངས་པར་ཡང་རྒྱབ་སྐྱོར་བྱ་ངེས་ཡིན།

གནས་ཚུལ་གཏོང་མཁན། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན།

0-12སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་དང་། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས། སྤྱི་འཐུས་འཇིག་མེད་འབྱུང་གནས་ལགས། ཕྲན་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་བཅས་མ་ཧ་ར་སི་ཏྲིལ་མངའ་སྡེ་ཡི་རྒྱལ་ས་བྷོན་བྷེ་ནས་ཆབ་སྲིད་མི་སྣ་ཁག་དང་མཇལ་འཕྲད་ཀྱིས་བོད་དོན་ཁྱབ་བསྒྲགས་དང་འབྲེལ་བའི་ལས་འགུལ་སྤེལ་བ།
ཟླ་༩ཚེས་༡ཉིན་སྔ་དྲོ་རྒྱ་གར་རྒྱལ་ཡོངས་ན་གཞོན་ཚོགས་པའི་ཚོགས་གཙོ་ཟུར་པ་དང་(Milind Marate)མཆོག་དང་།

དེ་ལས་མང་བ་། “ང་ཚོས་འདས་པར་བོད་དོན་ལ་རྒྱབ་སྐོར་བྱས་པ་ཡིན། ད་ལྟ་ཡང་རྒྱབ་སྐྱོར་ཡོད། མ་འོངས་པར་ཡང་རྒྱབ་སྐྱོར་བྱ་ངེས་ཡིན།” »

གསར་འགྱུར།

(Shivasagaram)གྱི་རྦབ་ཆུ་ལ་བལྟ་བར་བསྐྱོད་པ།

Posted on 2013-09-082013-09-08 By ཁ་བརྡ་ No Comments on (Shivasagaram)གྱི་རྦབ་ཆུ་ལ་བལྟ་བར་བསྐྱོད་པ།

བཀྲ་ཤིས་དོན་འགྲུབ།

མཁའ་མཐའ་རུ་བསྲིངས་པའི་ཞིང་ཐང་ཡུད་དང་ཡུད་ཀྱིས་བརྒལ་ནས
ཐར་ཐོར་དུ་སྐྱེས་པའི་བེེཏའི་སྡོང་པོ་དག་རྒྱབ་ནས་རྒྱབ་ཏུ་གཡུག་གིན
རི་ཐང་མང་པོའི་ཕ་རོལ་གྱི་བྲག་རྩེ་མཐོན་པོ་ནས་ཤུགས་དྲག་པོས་ཟགས་ཀྱིན་པའི
ཀ་བེ་རིའི་རྦབ་ཆུའི་ཟེགས་མ་ལ་བལྟས་ཡོང་དུས
ལོ་རྒྱུས་རིང་མོའི་གཞུང་ལམ་ཁྲོད་དུ

དེ་ལས་མང་བ་། “(Shivasagaram)གྱི་རྦབ་ཆུ་ལ་བལྟ་བར་བསྐྱོད་པ།” »

སྙན་ངག

རྒྱ་ནག་ནི་ཤེལ་གྱི་དཀར་ཡོལ་ཞིག་དང་འདྲ།

Posted on 2013-09-082013-09-08 By ཁ་བརྡ་ 10 Comments on རྒྱ་ནག་ནི་ཤེལ་གྱི་དཀར་ཡོལ་ཞིག་དང་འདྲ།

གནས་ཚུལ་གཏོང་མཁན། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན།

0-1ཕྱི་ལོ་༢༠༡༣ ཟླ་༨ ཚེས་༢༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩་༣༠ ཐོག་དཔལ་འབྱོར་རིགས་པའི་མཁས་དབང་གི་གཟེངས་རྟགས་བཞེས་མཁན་ལོཊ་མེག་ནཊི་དེ་ས་ཡིས་(lord meghnad desai)མཆོག་དང་མཇལ། ཁོང་ནི་སྤྱིར་རྒྱ་གར་ཡིན་ཡང་ཨིན་ཇི་མི་སེར་གྱི་ལག་ཁྱེར་ཡོད་པ་དང་། ད་ལྟ་ཨིན་ཇི་གྲོས་ཚོགས་ཀྱི་འཐུས་མི་དང་། ཨིན་ཇི་དང་། རྒྱ་གར། འབྲུག་རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་སློབ་སྟོན་པ།

དེ་ལས་མང་བ་། “རྒྱ་ནག་ནི་ཤེལ་གྱི་དཀར་ཡོལ་ཞིག་དང་འདྲ།” »

གསར་འགྱུར།

ལས་དོན་ཚོགས་ཆུང་ནས་བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་ཐབས་བྱུས་བཀའ་བསྡུར་གནང་བ།

Posted on 2013-09-072013-09-07 By ཁ་བརྡ་ 12 Comments on ལས་དོན་ཚོགས་ཆུང་ནས་བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་ཐབས་བྱུས་བཀའ་བསྡུར་གནང་བ།

འདྲེན་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༧ རེས་གཟའ་སྤེན་པའི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་ནང་གསར་འགོད་པ་མི་གྲངས་ ༢༠ ལྷག་ཙམ་འདུ་འཛོམས་བྱུང་བའི་ཁྲོད་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་སྤེལ་བ་གཤམ་གསལ། ཞིབ་འཕྲོས་འབྲེལ་ཐག་འདི་ནས་གཟིགསhttp://bod.asia/2013/09/གསར་འགོད་གསལ་བསྒྲགས།-35/

གསལ་བསྒྲགས།

བོད་ཀྱི་གླུ་གཞས་ལ་དགའ་ཞེན་ཡོད་མཁན་ཚོས་ངེས་པར་དུ་བལྟ་དགོས་པའི་གསར་འགྱུར་གལ་ཆེན་ཞིག

Posted on 2013-09-072013-09-07 By ཁ་བརྡ་ 13 Comments on བོད་ཀྱི་གླུ་གཞས་ལ་དགའ་ཞེན་ཡོད་མཁན་ཚོས་ངེས་པར་དུ་བལྟ་དགོས་པའི་གསར་འགྱུར་གལ་ཆེན་ཞིག

བཀྲ་ཤིས་དོན་འགྲུབ།

མདང་ནུབ་ངས་(You tube)བརྒྱུད་ནས་《གཡུ་འབྲུག་ཚན་སྡེབ།》ཀྱི་གཞས་གསར་གློག་བརྙན་དག་ལ་བལྟ་ཐུབ་པ་བྱུང་སོང་། ངོ་མ་གློག་བརྙན་དེ་ཚོ་ནི་བལྟ་རིན་ཡོད་པ་རྐྱང་རྐྱང་རེད། བརྐུས་གཞས་ཀྱིས་ཚོང་ར་གང་ཞིང་། དེང་རབས་རང་བཞིན་གྱི་རྣམ་པ་ཞིག་མཚོན་ཁུལ་གྱིས་རི་བྲག་པ་གྲོང་ཁྱེར་དུ་འབྱོར་བ་ལྟ་བུའི་བཟོ་ལྟ་སྟོན་བཞིན་པའི་དེང་སང་གི་བོད་ཀྱི་གཞས་པ་དེ་ཚོའི་ཁྲོད། གཡུ་འབྲུག་ཚན་སྡེབ་ནི་ངོ་མ་བལྟ་རིན་ཉན་རིན་ཆ་ཚང་ཡོད་པས་མི་ཚད་རྐུན་མའི་ཁྱུ་ཚོགས་དེ་དག་གི་སེམས་སྐྱིད་དུ་མི་འཇུག་པའི་གཞས་པ་སྟག་ཤར་ཁྱུ་ཞིག་རེད།

དེ་ལས་མང་བ་། “བོད་ཀྱི་གླུ་གཞས་ལ་དགའ་ཞེན་ཡོད་མཁན་ཚོས་ངེས་པར་དུ་བལྟ་དགོས་པའི་གསར་འགྱུར་གལ་ཆེན་ཞིག” »

གསར་འགྱུར།

ལོ་ལྔ་སྟོང་གི་སྔོན་ནས་བོད་ཀྱི་མིའི་ཀླད་པ་གཤག་བཅོས་ཀྱི་ལག་རྩལ་ཚད་མཐོན་པོར་བསླེབས་པ།

Posted on 2013-09-072013-09-07 By ཁ་བརྡ་ 93 Comments on ལོ་ལྔ་སྟོང་གི་སྔོན་ནས་བོད་ཀྱི་མིའི་ཀླད་པ་གཤག་བཅོས་ཀྱི་ལག་རྩལ་ཚད་མཐོན་པོར་བསླེབས་པ།
ལུང་རྟོགས།

སྤྱི་ལོ། ༡༠༡༣/༩/༥ གཟའ་ཕུར་བུའི་ཉིན་ནོར་ཝེ་བོད་སྐད་རླུང་འཕྲིན་གྱི་འཕྲོད་བསྟེན་ཤེས་བྱ་ཞེས་པའི་ལེ་ཚན་ནང་། སྨན་པ་བརྩོན་འགྲུས་རྒྱ་མཚོ་ལགས་ཞུ་བ་ཞིག་གིས་ངོ་སྤྲོད་གནང་དོན་ལྟར་ན། སྔོན་མ་གཅིག་སྟོང་དགུ་བརྒྱ་བརྒྱད་བཅུ་གྱ་གྲངས་ནང་། རྒྱ་གཞུང་གི་ཞིབ་འཇུག་པ་ཁག་ཅིག་གིས་བོད་ཀྱི་ས་ཁུལ་གང་སར་གནའ་ཤུལ་སྔོག་འདོན་བྱས་ཡོད་ཅིང་། དེའི་སྐབས་སུ་ཁམས་ཆབ་མདོའི་ཁ་རུབ་ཞེས་པའི་ས་གནས་ནས་སྔོན་མའི་གནའ་ཤུལ་ཞིག་རྙེད་ཡོད་པ་དང་།

དེ་ལས་མང་བ་། “ལོ་ལྔ་སྟོང་གི་སྔོན་ནས་བོད་ཀྱི་མིའི་ཀླད་པ་གཤག་བཅོས་ཀྱི་ལག་རྩལ་ཚད་མཐོན་པོར་བསླེབས་པ།” »

གསར་འགྱུར།

སྐུ་ཞབས་སེང་རྡོར་གྱིས་བདག་གི་འབེལ་རྩོམ་གསར་མའི་འབྲི་ཐབས་བླངས་པ།

Posted on 2013-09-072013-09-07 By བོན་རྒྱ་བསྟན་འཛིན་རབ་རྒྱས་ 12 Comments on སྐུ་ཞབས་སེང་རྡོར་གྱིས་བདག་གི་འབེལ་རྩོམ་གསར་མའི་འབྲི་ཐབས་བླངས་པ།

ཤེད་བུ།

བདག་གིས་ད་ལོའི་ལོ་མགོ་ནས་བཟུང་འབེལ་རྩོམ་གྱི་གཞི་སྒྲོམ་མ་འཆོལ་བའི་སྟེང་ནས། འབྲི་སྟངས་གསར་བ་ཞིག་ལ་ཚོད་ལྟ་ལན་མང་བྱས་པ་ཡིན། དེ་ལ་བདག་གིས་ཀློག་དཀའ་བའི་འབེལ་རྩོམ་གསར་མའི་འབྲི་སྟངས་ཟེར་གྱིན་ཡོད། དེ་ནི་ཚིགས་བཅད་གང་ཞིག་ལ། ཚིགས་བཅད་ཀྱི་དབྱངས་འགྲོས་དོར་ཏེ། ཚིགས་ལྷུག་མའི་དབྱངས་འགྲོས་ལ་ཞུགས་པའི་རྩོམ་ལུས་ཤིག་ཡིན་པས། དབྱངས་འགྲོས་ངོས་མ་ཟིན་པའི་མི་དག་གི་ལྕེ་གཅོག་གྲབས་བྱེད་ཀྱང་སྲིད། ཡིན་ནའང་། དབྱངས་འགྲོས་རྙེད་རྗེས་ཆུ་བཞུར་བ་བཞིན་ཁ་ནང་ལ་ལྷུང་ནས་ཡོང་བའི་ཁྱད་ཆོས་ཤིག་ཡོད།

དེ་ལས་མང་བ་། “སྐུ་ཞབས་སེང་རྡོར་གྱིས་བདག་གི་འབེལ་རྩོམ་གསར་མའི་འབྲི་ཐབས་བླངས་པ།” »

སྙན་ངག

Posts pagination

Previous 1 … 420 421 422 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme